ལྕམ་སྐུ་ Harris མཆོག་སྲིད་འཛིན་དུ་འཁོད་ན་རྒྱ་ནག་ཐོག་ Biden དང་བཞེངས་ཕྱོགས་གཅིག་མཚུངས་འཛིན་སྲིད་པ་གསུང་གི་འདུག

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

འདི་ལོའི་ཕྱི་ཟླ་ ༡༡ གི་ཚེས་ ༥ ཉིན་ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དང་བསྟུན། ད་ལྟ་ཨ་རིའི་ནང་དུ་འོས་བསྡུ་དང་འབྲེལ་བའི་ལས་དོན་མང་དག་ཅིག་ཚ་ཚ་འུར་འུར་ངང་འགྲོ་བཞིན་པའི་ཁྲོད། ཟླ་བ་འདིའི་ཕྱི་ཚེས་ ༢༡ རེས་གཟའ་ཉི་མའི་ཉིན། སྲིད་འཛིན་ Joe Biden མཆོག་གིས་ཁོང་སྲིད་འཛིན་གྱི་འོས་གཞིར་བཞེངས་རྒྱུ་མིན་པའི་ཐག་གཅོད་གནང་བ་དང་སྦྲགས། ཁོང་གི་ཚབ་ཏུ་སྲིད་འཛིན་གྱི་འོས་གཞིར་ད་ལྟའི་སྲིད་འཛིན་གཞོན་པ་ Kamala Harris ལགས་མཚན་བཏོན་གནང་བ་བཞིན། ལྕམ་སྐུ་ Nancy Pelosi གཙོས་པའི་དམངས་གཙོ་ཚོགས་པའི་འགོ་ཁྲིད་རྒན་གྲས་མང་དག་ཞིག་དང་། མངའ་སྡེ་རིམ་པའི་སྲིད་སྐྱོང་དང་འགོ་ཁྲིད་ཁག་གཅིག དེ་བཞིན་དེང་དུས་ཀྱི་གླུ་བ་གྲགས་ཆེན་དང་ Hollywood གློག་བརྙན་འཁྲབ་སྟོན་པ་གྲགས་ཆེན མང་དག་ཅིག་ནས་རྒྱབ་སྐྱོར་གྱི་རྣམ་པ་སྟོན་པ་དང་འབྲེལ། ཟླ་བ་རྗེས་མའི་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ལྷན་ཚོགས་ཐོག ལྕམ་སྐུ་ Harris ཁོང་ལོ་འདིའི་འོས་བསྡུ་ཆེན་མོའི་ནང་དུ་དམངས་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་གཞིེར་བཞེངས་རྒྱུ་ཧ་ལམ་གཏན་ཁེལ་ཟིན་པ་ལྟ་བུ་རེད་འདུག

Kamala Harris

ད་ལྟའི་ཆར་བརྒྱུད་ལམ་ཁག་གི་ཐོག་ལྕམ་སྐུ་ Kamala Harris ལགས་ཀྱི་ཆབ་སྲིད་ཀྱི་བཞེངས་ཕྱོགས་ཐད་དཔྱད་པ་མང་དག་ཅིག་བྱེད་བཞིན་པའི་ནང་དུ། ལྕམ་སྐུ་ཁོང་ནས་རྒྱ་ནག་གི་ཐོག་ལ་སྲིད་འཛིན་ Biden མཆོག་དང་བཞེངས་ཕྱོགས་གཅིག་མཚུངས་འཛིན་རྒྱུ་དང་། དེའང་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཐད་རྒྱ་ནག་གི་བཙན་རྒྱལ་རིང་ལུགས་ལ་གདོང་ལེན་དང་། རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་སླད་མཐུན་གྲོགས་རྒྱལ་ཁབ་ལྷན་དུ་མཉམ་འབྲེལ། ཚོང་འབྲེལ་ཐད་རྒྱ་ནག་དང་འགྲན་ཟླ་དང་གདོང་ལེན་གྱི་བཞེངས་ཕྱོགས་གཅིག་མཚུངས་འཛིན་སྲིད་པ། ལྷག་པར་དེ་སྔ་ཁོང་ནས་ཐའེ་ཝན་གྱི་རྒྱལ་སྲུང་ལ་རྒྱབ་སྐྱོར་གྱིས་བཞེངས་ཕྱོགས་འཛིན་བཞིན་པ་དེ་རང་འཇགས་གནས་རྒྱུ་སོགས་ཀྱི་ཚོད་དཔག་གནང་བཞིན་འདུག

དེ་བཞིན་ལྕམ་སྐུ་ཁོང་རྒྱ་གར་བའི་མི་རིགས་ཡིན་པ་དང་འབྲེལ་ནས། རྒྱ་གར་གྱིས་རྒྱ་ནག་ཐོག་སེམས་འཚབ་ཀྱི་བློ་གཅིག་མཚུངས་འཛིན་པ་དང་འབྲེལ། སྲིད་འཛིན་ Biden གྱི་ལས་ཡུན་སྐབས་རྒྱ་གར་དང་ལྷན་དུ་རྒྱལ་སྲུང་དང་འཕྲུལ་རིགས་ཚོང་འབྲེལ་གྱི་གྲོས་མཐུན་རིམ་པ་བཞག་མྱོང་ཡོད་པ་དང་། རྒྱ་གར་དེ་བཞིན་དུས་རབས་ ༢༡ པའི་ནང་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཞིག་ཆགས་རྒྱུར་རྒྱབ་སྐྱོར་སོགས་ཀྱི་བཞེངས་ཕྱོགས་འཛིན་བཞིན་པ་གསུང་བཞིན་འདུག

Kamala Harris

སྤྱིར་ཕྱི་ཟླ་ ༨ པའི་ནང་ Kamala Harris ཁོང་དམངས་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་གཞིར་གཏན་ཁེལ་བྱུང་བ་དང་ལྷན་དུ་ཁོང་ལ་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཐོབ་པ་ཡིན་ན། ཁོང་ཨ་རིའི་བེུད་སྲིད་འཛིན་ཐོག་མ་ཙམ་མ་ཟད། མི་རིགས་དཀར་པོ་མ་ཡིན་པའི་བེུད་གཅིག་དང་། ལྷག་པར་དུ་རྒྱ་གར་གྱི་མི་རིགས་ཡིན་པའི་བེུད་སྲིད་འཛིན་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད།

དེའི་བར་བརྒྱུད་ལམ་གཞན་ཁག་གཅིག་གི་ཁྲོད་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ Donald Trump ལགས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་ཚེ། ཁོང་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ James David Vance ལགས་གཉིས་ཀྱིས་སྣེ་ཁྲིད་པའི་སྲིད་གཞུང་འོག རྒྱ་ནག་ཐོག་ལངས་ཕྱོགས་མཁྲེགས་བཟུང་ཆེ་རུ་འགྲོ་ངེས་ཡིན་པ་བརྗོད་འདུག

Kamala Harris

Ohio མངའ་སྡེ་ནས་ཡིན་པའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ Vance ལགས་ནས་རང་ཉིད་ཨ་རིའི་སྲིད་འཛིན་གཞོན་པའི་འོས་མིར་འདེམས་ཐོན་བྱུང་རྗེས་ཐོག་མའི་བཅར་འདྲི་ཞིག་གི་ནང་རྒྱ་ནག་ནི་ཨ་རིར་ཉེན་ཁ་ཆེ་ཤོས་དེ་ཡིན་པ་བརྗོད་ཡོད་པ་མ་ཟད།  ཨ་རིས་རྒྱ་ནག་དེ་ཉིད་ཚོང་འབྲེལ་གྱི་དགའ་མོས་ཆེ་ཤོས་རྒྱལ་ཁབ་དུ་ངོས་འཛིན་བྱས་པ་དེ་ཕྱིར་བསྡུ་བྱ་དགོས་པ་སོགས་གསུངས་ཏེ་ཁོང་ནི་རྒྱལ་ཁབ་བདེ་འཇགས་ཀྱི་ཐད་རྒྱ་ནག་ཐོག་ལངས་ཕྱོགས་སྔར་ལས་མཁྲེགས་རུ་བཟུང་དགོས་པ་སོགས་འབོད་སྐུལ་གནང་མཁན་ཞིག་ཡིན་ལ། ཁོང་ནི་ཐའེ་ཝན་གྱི་གནད་དོན་ཐོག་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་པ་བརྗོད་མཁན་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།