Tibetan Royal Year of 2151 | Year of the Wood Dragon

ཤམ་བྷ་ལ་གློག་བརྙན་འཁྲབ་མཁན་འཕྲིན་ལས་ལྷ་མོ་ལགས་སུ་འཁྲབ་སྟོན་པ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་འདུག

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

བྷར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནང་ཚུད་པའི་བལ་ཡུལ་གྱི་གློག་བརྙན་ཤམ་བྷ་ལ་ཞེས་པ་དེའི་ནང་གི་འཁྲབ་སྟོན་པ་གཙོ་གྲས་སུ་ཡོད་པ་འཕྲིན་ལས་ལྷ་མོ་ལགས་སུ་སུད་སིའི་གློག་བརྙན་དུས་སྟོན་སྐབས་ ༧༧ པའི་ཐོག་འཁྲབ་སྟོན་པ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་འདུག

ཁ་སང་ The Kathmandu Post གསར་ཤོག་ཐོག་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ་འདིའི་ཕྱི་ཚེས་ ༧ ནས་ ༡༧ བར་ཡོ་རོབ་ཀྱི་རྒྱལ་ཁབ་སུད་སི་ནང་ Locarno རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༧༧ འཚོགས་ཡོད་པ་དང་། ཉིན་མཐའ་མའི་རྟིང་རྩོད་འགྲན་བསྡུར་ཁྲོད་བལ་པོའི་གློག་བརྙན་འཁྲབ་ཁྲིད་པ་ Min Bahadur Bham ལགས་ཀྱིས་བཟོ་སྐྲུན་གནང་བའི་ Shambhala ཤམ་བྷ་ལ་བལ་པོའི་གློག་བརྙན་དེའི་ནང་གི་འཁྲབ་སྟོན་པ་གཙོ་གྲས་སུ་ཡོད་པ་འཕྲིན་ལས་ལྷ་མོ་ལགས་སུ་ Boccalina d’oro Prize ཞེས་པའི་འཁྲབ་སྟོན་པ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་འདུག

འཕྲིན་ལས་ལྷ་མོ་ལགས་སུ་གཟེངས་རྟགས་དེ་ཉིད་ཐོབ་མ་ཐག་ཤམ་བྷ་ལ་ཡི་གློག་བརྙན་འཁྲབ་སྟོན་པའི་རུ་ཁག་གིས་ངོ་དེབ་ཐོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ད་རེས་ཐེངས་དང་པོ་འཕྲིན་ལས་ལྷ་མོ་ལགས་ལྟ་བུའི་ལྷོ་ཤར་ཨེ་ཤི་ཡའི་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་འཁྲབ་སྟོན་པ་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་པར་མཚམས་འདྲི་ཞུས་པ་དང་འབྲེལ། འདི་ནི་རྒྱལ་སྤྱིའི་ཁྲོད་འཕྲིན་ལས་ལྷ་མོ་ལགས་ཀྱི་ཁྱད་དུ་འཕགས་པའི་འཁྲབ་སྟོན་སྒྱུ་རྩལ་ལ་ངོས་འཛིན་ཐོབ་པ་ཙམ་མ་ཡིན་པར་དེ་ནི་ལྷོ་ཤར་ཨེ་ཤི་ཡའི་མངའ་ཁུལ་གློག་བརྙན་གྱིས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པ་གསལ་སྟོན་གནང་གི་ཡོད་པ་ཅིང་། གཟེངས་རྟགས་འདིས་མ་འོངས་པར་བལ་ཡུལ་གྱི་གསར་དུ་ཐོན་བཞིན་པའི་སྒྱུ་རྩལ་པ་ཚོར་སེམས་འགུལ་ཐེབས་ངེས་ཡིན་པ་གསུངས་འདུག

མ་ཟད་འཁྲབ་སྟོན་རྩེད་ཕུད་ཀྱི་གཟེངས་རྟགས་འདི་བཞིན་ལྷོ་ཤར་ཨེ་ཤི་ཡའི་མངའ་ཁུལ་གྱི་གློག་བརྙན་བཟོ་སྐྲུན་པ་ཚོ་དང་ཧི་མ་ལ་ཡའི་ཁུལ་གྱི་སྙིང་སྟོབས་ཅན་གྱི་བུད་མེད་ཚོའི་ཆེད་ཡིན་སྐོར་འགྲེལ་བརྗོད་གནང་འདུག

རྩ་བའི་བྷར་ལིན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནང་ཚུད་པའི་བལ་ཡུལ་གྱི་གློག་བརྙན་ཤམ་བྷ་ལ་ཞེས་པ་དེའི་ནང་། འཕྲིན་ལས་ལྷ་མོ་ལགས་ཀྱིས་བལ་བོད་བར་ན་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་མཁན་བུ་མོ་པདྨ་ཞེས་པ་དེ་འཁྲབ་གནང་ཡོད་པ་དང་། དེའི་ནང་ཁོ་མོས་བཀྲ་ཤིས་དང་ཁོང་གི་གཅུང་པོ་གཉིས་དང་ལྷན་དུ་བཟའ་གསུམ་བྱས་ནས་མི་ཚེ་སྐྱེལ་བཞིན་པའི་ཁྲོད། བཀྲ་ཤིས་བོད་ཀྱི་རྒྱལ་ས་ལྷ་སར་ཚོང་དོན་ཆེད་བསྐྱོད་དེ་ཕྱིར་སླེབས་མ་ཐུབ་པར་བརྟེན། པདྨའི་མངལ་ནང་ཕྲུ་གུ་འཁོར་བ་དེའི་ཐོག་ཡུལ་མི་རྣམས་ཀྱིས་དྲི་བ་དྲིས་ཏེ། ཁོ་མོའི་རིམ་པས་བཀྲ་ཤིས་འཚོལ་དུ་ཕྱིན་པར་རིམ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་གསེབ་ཏུ་དཀའ་སྡུག་སྣ་ཚོགས་ཤིག་གི་ཁྲོད་ཆོས་ཀྱི་ལམ་དུ་ཞུགས་པར་བསྟན་པའི་གློག་བརྙན་ཞིག་ཡིན་པ་རེད།

གཤམ་ལ་འདི་ག་རླུང་འཕྲིན་ཁང་ནས་དེ་སྔོན་འཕྲིན་ལས་ལྷ་མོ་ལགས་སུ་ཁོང་གི་སྒྱུ་རྩལ་གྱི་ལམ་བུའི་སྐོར་གླེང་མོལ་ཞུས་པའི་ལས་རིམ་ཞིག་རྒྱང་སྲིང་ཞུས་པའི་ཁྲོད།  ཁོང་གིས་ཤམ་བྷ་ལ་གློག་བརྙན་དེ་ཉིད་ནང་མཉམ་ཞུགས་གནང་སྟངས་ཀྱི་རྒྱབ་ལྗོངས་དང་། བརྒྱུད་རིམ་ཁྲོད་རང་ཉིད་ཀྱི་མྱོང་བའི་སྐོར་བཀའ་མོལ་གནང་བའི་དུམ་མཚམས་ཞིག་བསྐྱར་སྲིང་ཞུས་ཡོད།

 

འབྲེལ་ཡོད་གསར་གནས།

གསར་གནས།