ཤིན་ཅང་ནང་ཉེན་རྟོག་པ་བྱས་མྱོང་མཁན་ཞིག་འཇར་མ་ནི་ནང་སྐྱབས་བཅོལ་ཞུས་འདུག

Tibetan News Headlines

  • Kharchu Pema Garbha Dharma Centre and All Himalayan Buddhists Salbari offers ‘Tenshug’ to the Dalai Lama
  • Tibetans Attempt to Stop Poaching by Chinese Police Officers; reprimanded by Local Officers
  • China Orders Removal of Former Abbot Lobsang Tenpa from Ragya Monastery’s Abbot Lineage
  • Chinese Authorities Coerce Tibetans in Ngari into Mandatory Road Construction
  • 2026 Tibet Forum Calls for Repeal of China’s Ethnic Unity Law in Five-Point Declaration
  • Chinese Official Sentenced to Death over Disclosure of State Secrets to Foreign Intelligence
  • Alalamo: New Gorshey Song “Kowa Laso” by Tenzin Yeshi  (Yema) and Tenzin Dolma

ཪེས་གཟའ་མིག་དམར། ༢༠༢༦།༡༡།༢༤

  • ༸གོང་ས་མཆོག་ལ་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱི་ངོས་ནས་བརྟན་བཞུགས་བསྟར་འབུལ།
  • རྒྱ་མི་ཉེན་རྟོགས་པས་བོད་ཀྱི་སྟོང་ལ་ཉེ་བའི་རི་བདག་ལ་རྔོན་རྒྱག་པར་ས་གནས་བོད་མིས་ངོ་རྒོལ།
  • མགོ་ལོག་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་དགོན་པ་དེ་ཉིད་ཀྱི་མཁན་རབས་ནས་ཕྱིར་འཐེན་དགོས་པའི་བཙན་བཀའ་བཏང་འདུག
  • མངའ་རིས་ས་ཁུལ་གྱི་ཡུལ་མི་རྣམས་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ནང་བཙན་སྐུལ་བྱེད་བཞིན་པ།
  • མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་འཐེན་དགོས་པ་སོགས་ཀྱི་དོན་ཚན་ལྔ་གཏེན་འབེབས་ཐོག་ ༢༠༢༦ ལོའི་གངས་ལྗོངས་གླེང་སྟེགས་ཚོགས་འདུ་མཇུག་སྒྲིལ།
  • རྒྱལ་ཁབ་ཀྱི་གསང་བ་མཁོ་སྤྲོད་བྱས་རྐྱེན་རྒྱ་གཞུང་གི་ལས་བྱེད་ཅིག་ལ་སྲོག་ཐོག་ཁྲིམས་ཐག་བཅད་པ།
  • ཨ་ལ་ལ་མོ་ལེ་ཚན། སྒྱུ་རྩལ་བ་བསྟན་འཛིན་ཡི་ཤེས་ལགས་དང་ལྷན་ཀོ་བ་ལ་སོ་ཞེས་པའི་སྒར་གཞས་གསར་པའི་སྐོར་བཅར་འདྲི།

མི་ལོ་ ༩ ལྷག་གི་རིང་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཤིན་ཅང་ངམ་ཤར་ཏུར་ཀིས་ཐན་ནང་ཉེན་རྟོག་པ་བྱས་མྱོང་མཁན་ Zhang Yabo གིས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཐོག་དྲག་གནོན་སོགས་ཐེར་འདོན་དང་སྦྲགས། འཇར་མ་ནི་ནང་སྐྱབས་བཅོལ་གྱི་གནས་བབ་ཞུས་འདུག

Former Chinese Police Officer Speaks Out on China's Uyghur Crackdown, Seeks Asylum in Germany

དེ་ཡང་ཁ་སང་ NY Times གསར་ཁང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་ ༦ པའི་ནང་ Zhang Yabo ཡིས་འཇར་མ་ནིའི་གྲོས་ཚོགས་འཐུས་མི་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་ཁག་གཅིག་ལ་གཏམ་བཤད་གནང་བའི་ཁྲོད། རྒྱ་ནག་གཞུང་གིས་ཡུ་གུར་བ་ས་ཡ་ ༡ ལྷག་ Concentration Camp འམ་གཅིག་སྡུད་ཀྱི་བཙོན་སྒར་ནང་བཙོན་བཅུག་གིས་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པ་མངོན་གསལ་དང་སྦྲགས། ཁོང་རང་ཉིད་ལའང་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ལས་ཁུངས་ནང་གཉིད་མེད་པའི་ཐོག་ནས་ལས་ཀ་བྱས་དགོས་བྱུང་བ་དང་ཉེས་པ་ལ་ཞེ་སྣང་འོག་བསྡད་དགོས་བྱུང་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག

རྩ་བའི་ Zhang Yabo ཡིས་སྔ་ལོར་འཇར་མ་ནིར་སྐྱབས་བཅོལ་ཞུས་མ་ཐག་རྒྱ་ནག་གཞུང་གིས་ Zhang Yabo ཡིས་དངུལ་ཁང་གི་ཁ་བྱང་སོགས་སྒོ་བརྒྱབ་སྟེ་རྒྱལ་བཙོངས་པའི་མིང་བཏགས་ཡོད་པ་མ་ཟད། ཁོང་གི་ནང་མི་ཉེ་འབྲེལ་ཚོར་དམ་དྲག་ཤུགས་ཆེ་བྱས་ཡོད་པ་རེད་འདུག

Zhang Yabo ཡིས་བརྗོད་དོན་ལྟར་ན། ཤིན་ཅང་ནང་ཁོང་གིས་གསང་བའི་བརྙན་མིག་ལྟ་སྲུང་། ཁ་ལག་དང་སྨན་སོགས་བགོ་འགྲེམས། དེ་བཞིན་བཙོན་པ་རྣམས་ཀྱི་ལོ་རྒྱུས་དང་གནས་ཚུལ་སོགས་བསྡུ་རུབ་ཀྱི་ལས་ཀ་བྱས་ཡོད་པ་དང་། ལས་ཀ་བྱེད་པའི་སྐབས་ཁོང་གིས་བཙོན་ཁང་ནས་སྐད་བརྒྱབ་པ་དང་བཙོན་པ་རྣམས་ལ་སྡུག་རྩུབ་མནར་གཅོད་བཏང་བ་སོགས་མཐོང་ཐོས་བྱུང་ཡོད་པ་མ་ཟད། སྐབས་རེ་བཙོན་པ་རྣམས་འཁྱེར་འགྲོ་བའི་སྐབས་རྒྱུག་པ་ཆག་པ་སོགས་མཐོང་བ་སོགས་དང་རྒྱ་ནག་གཞུང་གིས་བཙོན་པ་རྣམས་ལ་འཇིགས་སྐུལ་བ་དང་ཁ་བྲལ་བའི་མིང་བཏགས་ནས་འདྲི་རྩད་བྱེད་ཀྱི་ཡོད་པའང་མངོན་གསལ་གནང་འདུག

ད་དུང་ Zhang Yabo ཡིས་གཞུང་གི་བཀའ་ཁྱབ་འོག་ཡུ་གུར་བ་རྣམས་ཀྱི་ཁྱིམ་ལ་འགྲོ་ནས Quran གཙོས་པའི་ཆོས་ཕྱོགས་ཀྱི་ཡོ་བྱད་དེ་དག་འཕྲོག་བཅོམ་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཁོང་རང་ཉིད་ཀྱིས་ཐོག་མར་ཡུ་གུར་བ་དེ་དག་མི་ཡག་པོ་ཞིག་མ་རེད་ཅེས་བསམ་གྱི་ཡོད་པ་དང་གཞུང་གིས་དེ་ལྟར་འགྲེལ་བརྗོད་བྱས་ཀྱི་ཡོད་པ། ཕྱི་ལོ་ ༢༠༡༧ ལོར་ཁོང་གིས་སྤྱི་སྤྱོད་རླང་འཁོར་ནང་ཡུ་གུར་བ་བརྒྱ་ཕྲག་བཙན་ཁྲིད་བྱས་ཏེ་བཙོན་ཁང་དུ་བཅུག་པའི་ལས་ཀ་སོགས་བྱས་མྱོང་བ་འགྲེལ་བརྗོད་གནང་འདུག

མ་ཟད་ Zhang Yabo ཡིས་བརྗོད་དོན་ལྟར་ན། ཐོག་མར་རྒྱལ་སྤྱི་སྤྱི་ཚོགས་ཀྱི་ཡུ་གུར་ནང་གི་བཙོན་བཅུག་སོགས་ཀྱི་སྐོར་གནས་ཚུལ་སྤེལ་བ་མཐོང་དུས་གང་ཡང་བསམ་བློ་བཏང་མེད་ཅེས་འགྲེལ་བརྗོད་དང་སྦྲགས། ཁོང་རང་ཉིད་ཀྱིས་གནས་ཚུལ་ཐོན་པ་རྣམས་ངོ་མ་ཡིན་མིན་སོགས་ལ་བསམ་བློ་གང་ཡང་བཏང་མེད་ཅེས་འགྲེལ་བརྗོད་གནང་འདུག

རྩ་བའི་ Zhang Yabo ཡིས་ཤིན་ཅང་ནང་ཕྱི་ལོ་ ༢༠༢༣ ཟླ་ ༩ བར་ལས་ཀ་བྱས་ཡོད་པ་དང་། རྗེས་སུ་རྒྱ་ནག་ལྷོ་ཕྱོགས་སུ་དབྱིན་ཇི་སློབ་སྦྱོང་བྱེད་དུ་ཕྱིན་ཡོད་པ་དང་། སྐབས་དེར་ཁོང་རང་ཉིད་ཀྱིས་ VPN བེད་སྤྱོད་བྱས་པའི་བརྒྱུད་དྲྭ་ཐོག་ནས་ Xinjiang དང་ Chen Quanguo ཞེས་པའི་ཚིག་གཉིས་འཚོལ་བཤེར་བྱེས་ཡོད་པ་འགྲེལ་བརྗོད་དང་སྦྲགས། ཁོང་གིས་དྲྭ་ཐོག་ནས་ཤིན་ཅང་ནང་གི་གནས་སྟངས་འགྲེལ་བརྗོད་བྱས་པ་སོགས་མཐོང་དུས་ཧང་སངས་སོང་ཞེས་བརྗོད་འདུག་པ་མ་ཟད། རྒྱ་ནག་གཞུང་གིས་ཤིན་ཅང་ནང་གི་ལྟེ་གནས་ཁག་ལ་ལག་ཤེས་སྦྱོང་བརྡར་དང་ཤེས་ཡོན་བསྐྱར་བསླབ་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང་། དྲྭ་ཐོག་ནས་དེ་དག་ Concentration Camp འམ་གཅིག་སྡུད་ཀྱི་བཙོན་སྒར་ཡིན་པ་བརྗོད་འདུག་ཅེས་གསུངས་འདུག

གཞི་རྩའི་ཕྱི་ལོ་ ༢༠༢༢ ལོའི་སྤྱི་ཟླ་ ༩ ཚེས་ ༧ ཉིན་སྐབས་དེའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ངོས་ནས་ཤིན་ཅང་གི་གནས་སྟངས་དང་འབྲེལ་བའི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་ཤིན་ཅང་ནང་གི་ཡུ་གུར་མི་རིགས་ཐོག་དྲག་གནོན་དང་བཙན་སྐུལ་ངལ་རྩོལ་སོགས་ཀྱི་བྱ་སྤྱོད་སྤེལ་བཞིན་པ་དེ་དག་རྒྱལ་སྤྱིའི་ཁྲིམས་འགལ་བྱ་སྤྱོད་ཤིག་དང་དེའང་མི་རིགས་ལ་དམིགས་པའི་ཁྲིམས་འགལ་བྱ་སྤྱོད་ཅིག་ཡིན་པ་ར་སྤྲོད་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་ཀྱང་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་གཙོ་བོར་འགྱུར་བའི་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་མི་སྤྱོད་ལས་འདས་པའི་བྱ་སྤྱོད་སྤེལ་ཡོད་པའི་སྐྱོན་འཛུགས་རིམ་པ་བྱས་ཡོད།

འོན་ཀྱང་རྒྱལ་ཚོགས་ངོས་ནས་སྙན་ཐོ་དེ་ཉིད་འདོན་སྤེལ་བྱས་ནས་ད་ཆ་ལོ་གསུམ་ལྷག་འགྲོ་ཡི་ཡོད་ནའང་སྙན་ཐོའི་དོན་དངོས་འདི་དག་ལ་གཞིགས་པའི་བྱ་སྤྱོད་སྤེལ་མེད་པ་མ་ཟད། རྒྱ་ནག་གཞུང་གིས་ཀྱང་མུ་མཐུད་ཁུལ་དེའི་ནང་གི་ཁ་ཆེའི་གྲངས་ཉུང་མི་རིགས་ཚོར་འཇིགས་སྐུལ་དང་དམ་དྲག་ཆེ་བའི་ཁྲིམས་དང་སྲིད་བྱུས་སྤེལ་མུས་ཡིན་པ་ལྟར། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་རྒྱལ་ཚོགས་ངོས་ནས་སྙན་ཐོ་དེ་ཉིད་ཐོག་མང་ཚོགས་ལ་གསལ་བཤད་དགོས་པ་དང་འབྲེལ། རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཚོས་ཡུ་གུར་ས་ཁུལ་དུ་རྒྱ་ནག་གིས་ཚབས་ཆེའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་སྐྱོན་བརྗོད་བྱེད་དགོས་པ་མ་ཟད། འགན་འཁུར་བྱེད་ཐུབ་པའི་རང་དབང་ཅན་དང་རྒྱལ་སྤྱིའི་རྟོག་ཞིབ་ལས་ཁུངས་ཤིག་འཛུགས་རྒྱུའི་གལ་ཆེའི་རང་བཞིན་བསྐྱར་ནན་བྱེད་དགོས་པའི་སྐུལ་མ་གནང་མུས་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།