Tibetan Royal Year of 2151 | Year of the Wood Dragon

སུད་སི་གྲོས་ཚོགས་ནང་བོད་དོན་ཐོག་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་པ།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

སུད་སི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་གནད་དོན་གཉིས་ཀྱི་ཐོག་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་དོན་ལྟར་རིང་མིན་གྲོས་ཚོགས་ནང་དུ་སུད་སི་དབུས་གཞུང་གི་ངོས་ནས་སུད་སི་ནང་གནས་སྡོད་བོད་མིའི་བདེ་འཇགས་ཀྱི་གནས་སྟངས་དང་ད་བར་ཚོགས་པའི་སུད་སི་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་ཚོགས་འདུ་བཅས་ཀྱི་སྐོར་ལ་ཞིབ་ཕྲའི་ལན་འདེབས་སྙན་ཐོ་ཞིག་གྲོས་ཚོགས་སུ་འགོད་འབུལ་ཞུ་དགོས་པའི་ཐག་གཅོད་བྱུང་འདུགད་ལྟའི་ཆར་སུད་སི་རྒྱལ་ཁབ་ཀྱི་དཔྱིད་དུས་གྲོས་ཚོགས་འཚོགས་བཞིན་པའི་ཐོག་ཉེ་ཆར་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Walder Nicolas ལགས་ཀྱིས་སུད་སི་ནང་གནས་སྡོད་བྱེད་བཞིན་པའི་བོད་མིའི་གནས་སྟངས་དང་འབྲེལ་ཏེ་སུད་སི་གཞུང་གི་ངོས་ནས་སུད་སི་ནང་དུ་གནས་སྡོད་བོད་མིརྣམས་ལ་འདི་གར་ཡོད་པའི་མང་ཚོགས་གཞན་ལྟར་གཅིག་མཚུངས་ཀྱི་རང་དབང་དང་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་ལེན་གནང་དགོས་པ་དང། ལྷག་པར་དུ་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་ནས་འདས་པའི་མི་ལོ་ ༥༠ ལྷག་གི་རིང་བོད་ནང་མུ་མཐུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད་པར་མ་ཟད། ད་ཆ་རྒྱ་གཞུང་གིས་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་ལག་པ་དེ་ཡོ་རོབ་དང་སུད་སི་ནང་བསྐྱངས་ཏེ་སུད་སིར་གནས་སྡོད་བོད་མིའི་ཐོག་ལྟ་སྲུང་བྱེད་བཞིན་པ་སོགས་བདེ་འཇགས་ལ་ཉེན་འཚབས་ཆེན་པོ་ཆགས་ཡོད་པ་མངོན་གསལ་གནང་བ་དང། དེ་བཞིན་ད་བར་རྒྱ་ནག་དང་སུད་སི་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཚོགས་འདུ་ཚོགས་པ་ལས་དོན་དངོས་ཀྱི་གྲུབ་འབྲས་སོན་པ་ཞིག་བྱུང་མེད་སོགས་འགྲེལ་བརྗོད་གནང་འདུགདེ་བཞིན་གནད་དོན་ཁག་ལུང་འདྲེན་གནང་བ་བརྒྱུད་རིང་མིན་སུད་སི་གཞུང་ནས་སུད་སི་ནང་གི་བོད་མིའི་སྨྲ་བརྗོད་རང་དབང་གནས་སྟངས་དང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་སྤེལ་བཞིན་པའི་གསང་བའི་ལྟ་སྲུང་ལས་དོན་ལ་སུད་སི་གཞུང་གི་ངོས་ནས་རྟོག་ཞིབ་གནང་བའི་ཞིབ་ཕྲའི་སྙན་ཐོ་ཞིག་གྲོས་ཚོགས་འགོད་འབུལ་ཞུ་དགོས་པ་དང། ད་བར་སུད་སི་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཚོགས་འདུའི་སྐོར་ནང་མོལ་ཙམ་མིན་པར་ཕྱོགས་གཉིས་ཀྱི་ཚོགས་འདུའི་ཐོག་གླེང་མོལ་གང་བྱུང་ཡོད་མེད་དང། ལག་ལེན་དང་གྲུབ་འབྲས། མ་འོངས་ཀྱི་གྲོས་མོལ་ཚོགས་འདུའི་འཆར་གཞི་གང་དག་ཡོད་པ་སོགས་དང་འབྲེལ་བའི་ཞིབ་རྒྱས་འཁོད་པའི་སྙན་ཐོ་གྲོས་ཚོགས་སུ་ངེས་པར་དུ་འགོད་འབུལ་ཞུ་དགོས་པའི་གྲོས་གཞི་ཆེད་བཏོན་གནང་ཡོད།སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ Walder Nicolas ལགས་ཀྱིས་ཆེད་བསྣམས་གནང་བའི་གྲོས་གཞི་གཉིས་ཀྱི་ཐོག་གྲོས་ཚོགས་སུ་འོས་ཤོག་བླུགས་སྐབས་སུད་སི་ནང་གནས་སྡོད་བོད་མིའི་བདེ་འཇགས་སྐོར་གྱི་གྲོས་གཞིར་གྲོས་ཚོགས་འཐུས་མི་ ༡༣༤ ནས་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་འདུག་པར་མ་ཟད་སུད་སི་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་ཚོགས་འདུ་དང་འབྲེལ་སུད་སི་གཞུང་གིས་གྲོས་ཚོགས་སུ་སྙན་ཐོ་འགོད་འབུལ་ཞུ་དགོས་མིན་ཐད་གྲོས་ཚོགས་འཐུས་མི་ ༩༤ ནས་རྒྱབ་སྐྱོར་ཐོབ་པ་བཅས་བོད་དོན་དང་འབྲེལ་བའི་གོང་གསལ་གྲོས་གཞི་གཉིས་ལ་གྲོས་ཚོགས་འཐུས་མིའི་ངོས་ནས་མང་མོས་རྒྱབ་སྐྱོར་ཐོབ་འདུགསྤྱིར་ད་ལན་སུད་སི་གྲོས་ཚོགས་སུ་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་པའི་གྲོས་གཞི་དེ་ཐོག་མར་ཕྱི་ལོ་༢༠༡༨ ལོར་ Society for Threatened Peoples ཞེས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་ལྷན་དུ་ས་གནས་ཀྱི་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་བཅས་མཉམ་རུབ་ཀྱིས་གྲོས་ཚོགས་སུ་ཞུ་གཏུག་གནང་བའི་ལས་འགུལ་ལས་བྱུང་བ་ཞིག་ཡིན་ཅིང་། སྔ་ལོ་ཕྱི་ལོ་ ༢༠༢༠ ལོར་སུད་བོད་རིགས་མཐུན་ཚོགས་དང་སུད་སི་བོད་ཀྱི་སྐུ་ཚབ་དོན་ཁང་གིས་བསྐྱར་དུ་ཞུ་གཏུག་ལས་དོན་མཇུག་སྐྱོང་གནང་སྟེ་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་རྣམ་པས་རྒྱབ་སྐྱོར་དང་ལམ་སྟོན་གནང་དོན་བཞིན་གྲུབ་འབྲས་སོན་པ་ཞིག་བྱུང་ཡོད་པ་རེད་འདུགསུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ད་ལན་སུད་སི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་གནད་དོན་ཐོག་ཚད་མཐོའི་རྒྱབ་སྐྱོར་ཐོབ་པ་འདི་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཤིག་དང་སུད་སི་གཞུང་གིས་རྒྱ་ནག་ཐོག་འཛིན་པའི་བཞེངས་ཕྱོགས་ལ་འགྱུར་བལྡོག་འགྲོ་ཡི་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད་པར་མ་ཚད། སླད་མར་སུད་སི་གྲོས་ཚོགས་ནང་བོད་དོན་ཐོག་གླེང་སློང་དང་བོད་དོན་ཞུ་གཏུག་གི་ལས་དོན་སོགས་ལ་ཕན་ཐོགས་ཡོང་རྒྱུ་ཡིན་པར་གསུངས་ཡོད།

 

འབྲེལ་ཡོད་གསར་གནས།

གསར་གནས།