Tibetan Royal Year of 2151 | Year of the Wood Dragon

སུད་སི་དང་རྒྱ་ནག་གཞུང་བར་ཚོང་འབྲེལ་ཆིངས་ཡིག་སླར་ཡང་འཇོག་ལ་ཉེ་བ་དང་བསྟུན་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བཞིན་འདུག

Tibetan News Headlines

  • 17th TPiE begins 8th session amidst call for charter amendment on appointment of TSJC Justices
  • Kashag has drafted a blue book: Sikyong responds to questions on reincarnation issue
  • TWA commemorates 40th anniversary of re-establishment of the organisation in exile
  • Tibetan MMA fighter’s “we are all Chinese” comment sparks outrage among Tibetan netizens
  • Chungdak Koren, former representative of the Dalai Lama, a key person in founding VOT passes away
  • Five Tibetans earned PhDs in Tibetan Studies at Bangalore University’s 59th convocation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༩།༡༡

  • སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དབུ་འཛུགས།
  • ༸རྒྱལ་བའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་འདྲི་བར་ལན་འདེབས་ཁྲོད་འཛིན་སྐྱོང་བཀའ་ཤག་གི་ངོས་ནས་དེབ་སྔོན་པོའི་སྐྱ་ཐིག་གཅིག་བཟོས་ཟིན་པ་གསུངས་སོང་།
  • བཙན་བྱོལ་དུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་སླར་གསོ་ཞུས་ཏེ་ལོ་ངོ་ ༤༠ འཁོར་བའི་དུས་ཆེན་སྲུང་བརྩི།
  • ཁུར་འཛིང་འགྲན་བསྡུར་གྱི་སྡིངས་ཆའི་སྟེང་བོད་མི་ཚེ་དབང་གིས་ང་ཚོ་ཚང་མ་ཀྲུང་ཧྭ་མི་རིགས་ཡིན་ཞེས་བཤད་པར་བོད་མིས་སྐྱོན་བརྗོད།
  • སྤྱི་ཟུར་ཆུང་བདག་ཟླ་བ་ཀོ་རིན་ལགས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག
  • སྦེང་ལོར་མཐོ་སློབ་ནས་བོད་རིག་པའི་འབུམ་རམས་པའི་བསླབ་པ་མཐར་སོན་རྣམས་ལ་ཕྱག་འཁྱེར་གནང་བ།

སུད་སི་དང་རྒྱ་ནག་གཞུང་བར་རང་དབང་ཚོང་འབྲེལ་ཆིངས་ཡིག་སླར་ཡང་འཇོག་ལ་ཉེ་བ་དང་བསྟུན་ཚོགས་པ་ཁག་ཅིག་ནས་སུད་སི་གཞུང་གིས་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་སླར་གསོའི་ཆིངས་ཡིག་འཇོག་དགོས་མིན་ཐད་བོད་དང་ཡུ་གུར་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་ཕྱོགས་སུ་གྱུར་བ་ཕྱིན་ཡོད་མིན་ལ་ལྟ་བའི་སྒོ་ནས་རྒྱ་ནག་གི་གཞུང་དང་ལག་སྦྲེལ་བྱེད་པ་མཚམས་འཇོག་བྱོས་ཅེས་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བཞིན་འདུག

Campaign calls for Switzerland

དེ་ཡང་ཕྱི་ལོ་ ༢༠༡༣ ལོར་སུད་སི་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་གྱི་བཀའ་མོལ་བྱུང་ནས་ཕྱི་ལོ་ ༢༠༡༤ ལོའི་ཟླ་བ་བདུན་པའི་འགོ་སྟོད་དུ་སུད་སི་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་གྱི་ཆིངས་ཡིག་ལ་རྒྱལ་ཁབ་གཉིས་ནས་མཚན་རྟགས་དངོས་སུ་བསྐྱོན་ཏེ་ལག་བསྟར་འགོ་འཛུགས་བྱས་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༧ ནང་ཚོང་འབྲེལ་གྱི་ཆིངས་ཡིག་དེ་བཞག་སྟེ་ལོ་བཅུ་འཁོར་ནས་སླར་ཡང་ཆིངས་ཡིག་འཇོག་རྒྱུའི་དུས་ཚིགས་སླེབས་ལ་ཉེ་བ་དང་བསྟུན།  སུད་བོད་མཐུན་གྲོགས་ཚོགས་པ་གཙོས་སུད་སིའི་གདོད་མའི་མི་རིགས་ཀྱི་ཚོགས་པ་དང་། སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས། ཡོ་རོབ་གཞོན་ནུ་མཐུན་ཚོགས། སུད་སི་ས་གནས་བོད་ཀྱི་བུད་མེད་ཚོགས་པ་བཅས་ནས་བོད་དོན་དང་འབྲེལ་བའི་དོན་ཚན་གསུམ་འཁོད་པའི་བོད་དོན་ཞུ་གཏུགས་ཀྱི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་བཞིན་འདུག་པ་དང་། མཚན་རྟགས་བསྡུ་རུབ་གནང་བའི་ལས་འགུལ་དེ་བཞིན་ཕྱི་ཟླ་དགུ་པའི་ཚེས་ ༡༨ ཉིན་སུད་སིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་སུད་སི་གཞུང་ལ་ཞུ་གཏུག་གནང་རྒྱུ་ཡིན་པ་རེད་འདུག

Campaign calls for Switzerland

སུད་སི་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་གྱི་ཆིངས་ཡིག་བཞག་སྟེ་ལོ་བཅུ་འཁོར་བའི་དུས་ཚིགས་དེའི་ནང་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཡར་རྒྱས་འགྲོ་རྒྱུ་ལས་ལྡོག་སྟེ་འགྲོ་བ་མིའི་ཐོབ་ཐང་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། སུད་སིའི་གཞུང་ནས་རྒྱ་ནག་དང་ལྷན་དུ་སླར་མཚན་རྟགས་མ་བསྐྱོན་གོང་བོད་ཀྱི་དངོས་ཡོད་གནས་སྟངས་དེ་མཁྱེན་པའི་ཐོག་ནས་རྒྱ་ནག་དང་ལྷན་དུ་བོད་དོན་གླེང་སློང་གནང་རོགས་ཞེས་པའི་དགོས་འདུན་གཙོས་རྒྱ་ནག་གཞུང་གིས་བོད་ནང་ཆུ་མཛོད་གསར་རྒྱག་གི་ལས་གཞི་མང་དག་གཅིག་འགྲོ་བཞིན་པའི་ཁྲོད་ཉེ་བའི་ཆར་བོད་ཁམས་ཕྱོགས་སུ་དགོན་པ་གཏོར་བཤིག་དང་ཡུལ་མི་བཙན་གྱིས་གནས་སྤོ་བྱེད་དུ་བཅུག་བཞིན་པར་མཚམས་འཇོག་དགོས་པ། དེ་བཞིན་རྒྱ་ནག་གཞུང་གིས་བོད་དུ་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭའི་ནང་བོད་ཕྲུག་ས་ཡ་གཅིག་ཙམ་ལ་རང་གི་སྐད་ཡིག་ལ་སློབ་གཉེར་གནང་རྒྱུའི་གོ་སྐབས་མེད་པར་མི་རིགས་རྒྱ་བསྒྱུར་གྱི་སྲིད་བྱུས་སྤེལ་བཞིན་པ་རྣམས་མཚམས་འཇོག་དགོས་པའི་དགོས་འདུན་ཆེད་འདོན་གནང་ཡོད་པ་རེད་འདུག

Campaign calls for Switzerland

འདི་ག་རླུང་འཕྲིན་ཁང་ལ་སུད་བོད་མཐུན་གྲོགས་ཚོགས་པའི་ཟུང་འབྲེལ་ཚོགས་གཙོ་བྱམས་པ་ལགས་ཀྱིས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་གྱི་དམིགས་ཡུལ་དང་ལས་འགུལ་སྤེལ་ཕྱོགས་སྐོར་ལ་ངོ་སྤྲོད་དང་སྦྲགས། ཁ་སང་ཕྱི་ཟླ་ ༨ ཚེས་ ༡༥ ཉིན་སུད་སི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་ཁུངས་ལ་དངོས་སུ་བཅར་ནས་སྡེ་ཚན་ཁག་གི་འབྲེལ་ཡོད་ལས་བྱེད་པ་ཡོངས་ལ་ངོ་བཅར་གྱིས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དང་ལས་འགུལ་དེའི་དགོས་འདུན་གསུམ་པོ་རེ་རེ་ནས་སྙན་སེང་ཞུས་པ་མ་ཟད། དགོས་འདུན་དེའི་ཐོག་ཉེ་ཆར་རྒྱ་ནག་གཞུང་གིས་མདོ་སྨད་མགོ་ལོག་ཁུལ་གྱི་སྒེར་གཉེར་སློབ་གྲྭ་གྲགས་ཅན་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་གྱིས་སྒོ་རྒྱག་ཏུ་བཅུག་པའི་གནད་དོན་ཐོག་སྙན་སེང་ཞུ་རྒྱུ་བྱུང་ཞེས་ངོ་སྤྲོད་གནང་སོང་།

Campaign calls for Switzerland

བྱམས་པ་ལགས་ཀྱིས་ད་དུང་སུད་སི་ Locarno གློག་བརྙན་དུས་སྟོན་ཚོགས་བཞིན་པ་དང་བསྟུན་ཟླ་བ་འདིའི་ཚེས་ ༡༢ དང་ ༡༤ ཉིན་བོད་དང་ཤར་ཏུར་ཁི་སི་ཐན་གྱི་ལས་འགུལ་བ་བཅས་ནས་མཉམ་རུབ་ཀྱི་ཞི་བའི་རྔམ་སྟོན་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་། ལྷག་པར་དུ་ཕྱི་ཚེས་ ༡༢ ཉིན་སུད་སི་ཕྱི་འབྲེལ་བློན་ཆེན་མཆོག་གི་ཐོག་ནས་སུད་སི་ཁུལ་གྱི་གཞུང་ཚབ་པ་རྣམ་པ་གདན་འདྲེན་ཞུས་ཏེ་ཕྱི་འབྲེལ་གྲོས་མོལ་གནང་སྐབས་སུད་བོད་མཐུན་གྲོགས་ཚོགས་པས་སྣེ་ཁྲིད་འོག་སུད་སིའི་ཡུལ་མི་དང་བོད་མི། ཡུ་གུར་བ་བཅས་མི་གྲངས་དྲུག་བཅུ་ལྷག་ཙམ་ནས་བོད་དོན་དྲིལ་བསྒྲགས་དང་སྦྲགས། སུད་སི་གཞུང་ནས་དཔལ་འབྱོར་ཁོ་ན་མིན་པར་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་གནང་དགོས་བའི་རེ་སྐུལ་ཡིག་ཆ་འགྲེམས་སྤེལ་དང་ལྷན་དུ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཡོད་པ་གསུངས་སོང་།

Campaign calls for Switzerland

འབྲེལ་ཡོད་གསར་གནས།

གསར་གནས།