Tibetan Royal Year of 2151 | Year of the Wood Dragon

སུད་སིར་མང་ཚོགས་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་༸གོང་ས་མཆོག་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བ།  

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

འཛམ་གླིང་ས་ཕྱོགས་གང་སར་བོད་མི་གཙོ་བོར་གྱུར་པའི་༸གོང་ས་མཆོག་ལ་དད་མོས་ཞུ་མཁན་མང་ཚོགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་སྲུང་སྐྱོབ་དང་མགོན་པོ་མཆོག་ལ་གཞི་མེད་ལོག་འགྲེལ་གྱི་གསར་འགྱུར་སྤེལ་མཁན་གསར་ཁང་ཁག་ལ་ངོ་རྒོལ་གྱི་ལས་འགུལ་གཅིག་རྗེས་གཉིས་མཐུད་ཀྱིས་སྤེལ་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༤ ཚེས་ ༡༩ ཉིན་སུད་སི་གྲོང་ཁྱེར་ཛུ་རིག་ནང་མང་ཚོགས་སྟོང་ཕྲག་ལྷག་འདུ་འཛོམས་གནང་སྟེ་ང་ཚོ་རྟག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཡོད་ཅེས་པའི་འབོད་ཚིག་སྒྲོག་བཞིན་གཞི་རྒྱ་ཆེ་བའི་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་སོང་།

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྣེ་ཁྲིད་འོག་ས་གནས་སུ་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་སེར་སྐྱ་མང་ཚོགས་སྟོང་ཕྲག་ལྷག་གིས་སུད་སི་ཛུ་རིག་གྲོང་ཁྱེར་གྱི་ Werdmuhleplatz ཐང་ཆེན་ནས་དབུ་འཛུགས་ཀྱིས་ཛུ་རིག་གྲོང་ཁྱེར་ནང་ཡོད་པའི་སུད་སི་རྒྱལ་ཡོངས་འགྲེམས་སྟོན་ཁང་བར་ཕྱག་ཏུ་༸གོང་ས་གི་༸སྐུ་པར་དང་བོད་ཀྱི་རྒྱལ་དར་བསྣམས་པར་མ་ཟད། བརྒྱུད་ལམ་ཐོག་རྒྱ་དམར་གཞུང་གཙོས་དེ་འབྲེལ་གསར་ཁང་ཁག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་སྐུར་འདེབས་དང་གཞི་མེད་ལོག་འགྲེལ་གྱི་གསར་འགྱུར་དེ་རིགས་སྤེལ་མཚམས་འཇོག་དགོས་པ་སོགས་ཀྱི་འབོད་ཚིག་འཁོད་པའི་ཤོག་བྱང་བསྣམས་ཤིང་། ལྷག་པར་ས་གནས་བོད་མི་ཚོས་དེ་འབྲེལ་མགོན་པོ་༸གང་ཉིད་མཆོག་ལ་མཚན་སྙན་མེད་པ་བཟོ་རྒྱུའི་བྱ་ངན་དེ་ལྟར་སྤེལ་བར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ང་ཚོ་རྟག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཡོད་ཅེས་གཞི་རྒྱ་ཆེ་བའི་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་ཡོད།

དེ་བཞིན་རི་དགོན་ཆོས་འཁོར་གྱི་དགོན་མཁན་རིན་པོ་དབུ་བཞུགས་ཐོག་སེར་སྐྱ་མི་མང་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་རིང་བརྟན་པའི་༸རྒྱལ་བའི་ཞབས་བརྟན་དང་སྒྲོལ་མ་སོགས་གསོག་སྒྲུབ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།