Tibetan Royal Year of 2151 | Year of the Wood Dragon

སྐུ་ལུས་ཞུགས་འབུལ་གནང་མཁན་ཚོའི་མངོན་འདོད་ལ་བདག་སྤྲོད་དགོས་པའི་ནན་སྐུལ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་ཉེ་ལམ་ཕྱི་ཟླ་ ༢ པའི་ཚེས་ ༢༥ ཉིན་ཕོ་བྲང་པོ་ཏ་ལའི་མདུན་དུ་སྐུ་ལུས་ཞུགས་འབུལ་གནང་ཐབས་གནང་རྗེས་ཕྱི་ཟླ་ ༣ ཚེས་ ༥ ཉིན་ཁོང་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་བརྒྱུད། ཕྱི་ལོ་ ༢༠༠༩ ནས་བཟུང་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ད་དུང་ཡང་རྒྱུན་མ་ཆད་པ་ཐོན་བཞིན་པར་བརྟེན་རྒྱ་གཞུང་ནས་སྐུ་ལུས་ཞུགས་འབུལ་གནང་མཁན་ཚོའི་མངོན་འདོད་ལ་བདག་སྤྲོད་དགོས་པ་དང་བོད་རྒྱ་འབྲེལ་མོལ་འཕྲལ་དུ་འགོ་འཛུགས་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་འདུགབོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ཚེས་ ༧ ཉིན་སྤེལ་བའི་གསར་འགོད་བསྒྲགས་གཏམ་ནང་། ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཕྱིར་ཁྱབ་ཡོད་ཀྱང་། བོད་ནང་དམ་དྲག་ཤུགས་ཆེ་བའི་རྐྱེན་གྱིས་ཁོང་རང་ལུས་མེར་བསྲེགས་བཏང་རྗེས་འདས་གྲོངས་སུ་གྱུར་ཡོད་མེད་ཞུ་ཚོད་དཀའ་བའི་གནས་སུ་གྱུར་ཡོད་པ་དང་། ལྷག་པར་དུ་རང་ལུས་མེར་བསྲེགས་བཏང་སྐབས་འབོད་ཚིག་དང་ཞལ་ཆེམས་གང་གནང་ཡོད་མེད་སོགས་རྩད་གཅོད་གནང་ཐུབ་མེད་སྐོར་གསུངས་འདུག

དེ་བཞིན་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་སོན་པའི་ན་གཞོན་གཞས་པ་ཁོང་གིས་རྒྱ་ནག་ནང་གི་གླུ་གཞས་འགྲན་བསྡུར་ཁག་ཅིག་ནང་མཉམ་ཞུགས་གནང་བ་དང་ཁོང་གིས་འགྲན་བསྡུར་ཁྲོད་བོད་དབྱིན་གཉིས་ཀྱི་སྐད་ཐོག་གླུ་གཞས་བཏང་སྐབས་རྒྱ་གཞུང་གིས་དཔྱད་འདེམས་པས་མི་འདོད་པའི་རྣམ་འགྱུར་བསྟན་པ་སོགས་ཀྱི་དཀའ་ངལ་མང་པོ་སྤྲད་པ་དང་།  དེ་བཞིན་འགྲན་བསྡུར་སྐབས་རང་ཉིད་ཀྱི་མིང་བོད་ཡིག་ཐོག་བྲིས་ཡོད་སྟབས་རྒྱ་གཞུང་གིས་མི་འགྲིག་སྐོར་བཤད་ཀྱང་དེར་གདོང་ལེན་མཐའ་གཅིག་ཏུ་གནང་བའི་གནས་ཚུལ་བྱུང་ཡོད་པ་སོགས་བཀོད་འདུགབོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བསྒྲགས་གཏམ་ནང་ད་དུང་ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བ་བོད་ནང་བོད་མི་ ༡༥༦ གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐུ་ལུས་ཞུགས་འབུལ་གནང་ཡོད་པ་དང་། འདི་ལྟ་བུའི་ཛ་དྲག་གི་གནས་ཚུལ་ད་དུང་ཡང་རྒྱུན་མ་ཆད་པ་ཐོན་བཞིན་པར་བརྟེན་རྒྱ་གཞུང་གི་དབང་འཛིན་པ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་སོགས་ལ་ནན་སྐུལ་ཞུས་ཡོད་པ་རེད།

དོན་ཚན་དང་པོ། ད་བར་མི་ལོ་བཅུ་ཕྲག་གཅིག་ལྷག་ཙམ་རིང་རྒྱུན་མ་ཆད་པར་རང་ལུས་མེར་བསྲེགས་གཏོང་གནང་མཁན་བརྒྱ་ཕྲག་གཅིག་དང་ཕྱེད་ལྷག་བྱུང་བ་འདི་ནི་འཛམ་གླིང་གི་ལོ་རྒྱུས་ནང་རང་ལུས་མེར་བསྲེགས་གཏོང་སྟེ་ཞི་རྒོལ་གྱི་ལས་འགུལ་ཡུན་རིང་ཤོས་དང་། གྲངས་ཚད་མང་ཤོས་ཤིག་ཆགས་ཡོད་པས་རྒྱ་གཞུང་ནས་གོ་མེད་ཚོར་མེད་དུ་མ་བསྡད་པར་རང་ལུས་མེར་བསྲེགས་གཏོང་གནང་མཁན་རྣམས་ཀྱི་མངོན་འདོད་ལ་བདག་སྤྲོད་ཀྱིས་བོད་ཐོག་འཛིན་པའི་དྲག་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་བྱུས་མཚམས་འཇོག་ངེས་པར་དུ་དགོས་ཞེས་དང་། དོན་ཚན་གཉིས་པ། རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱི་ལས་འགུལ་འདི་ནི་ཞི་རྒོལ་ཚད་མཐོ་ཤོས་ཤིག་ཆགས་ཡོད་པར་བརྟེན་ཞི་བདེ་དང་རང་དབང་ལ་དགའ་བའི་རྒྱལ་སྤྱིའི་གཞུང་དང་། གྲོས་ཚོགས། སྡེ་ཚན་ཁག་སོགས་ནས་ཐུགས་སྣང་ཆེར་བསྐྱེད་ཀྱིས་ཁོང་རྣམས་ཀྱི་རེ་འདུན་ལ་རྒྱབ་སྐྱོར་གྱིས་བོད་དོན་བདེན་མཐའ་གསལ་ཐབས་ལ་བདེན་རྒྱབ་དཔུང་རོགས་སྔར་ལྷག་གནང་སྐྱོང་ཡོང་བ་དང་། དེ་བཞིན་དོན་ཚན་གསུམ་པ། མི་ལོ་ ༦༠ ལྷག་རིང་བོད་ནང་བོད་མི་རྣམས་ཀྱིས་སྐུ་ལུས་ཞུགས་འབུལ་གཙོས་རྒྱ་ནག་གཞུང་ལ་ཞི་རྒོལ་རྒྱུན་མ་ཆད་པར་གནང་བཞིན་པར་རྒྱ་ནག་དབུས་སའི་དཔོན་རིགས་ཁག་གིས་དཔྱད་ཞིབ་མཐིལ་ཕྱིན་པ་ཞིག་བྱས་ནས་དོན་ཕན་ལྡན་པའི་བོད་རྒྱ་གཉིས་སྨན་ཡོང་ཕྱིར་ཞི་མོལ་གྱི་ལས་དོན་འཕྲལ་དུ་འགོ་འཛུགས་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་འདུགགཞི་རྩའི་ཚེ་དབང་ནོར་བུ་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་ཐབས་གནང་བ་དང་འབྲེལ་ཁོང་རྗེས་སུ་འདས་གྲོངས་ཕྱིན་པའི་གནས་ཚུལ་ཐོན་པའི་ཁྲོད་ཁ་ཉིན་བཞུགས་སྒར་དུ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལྔའི་གོ་སྒྲིག་འོག་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་རེད།

གང་ལྟར་གསང་རྒྱ་དམ་པོའི་འོག་གནས་ཚུལ་ཡིད་བརྟན་འཕེར་བ་ཞིག་རང་དཀའ་ནའང་།  བོད་ནས་གནས་ཚུལ་ཁག་ཅིག་ཐོན་པར་གཞིགས་ན། ཕྱི་ཚེས་ ༢༥ ཉིན་གྱི་ཚོུད་ ༢ པ་ཡོལ་ཙམ་ལ་ཚེ་དབང་ནོར་བུ་ལགས་ཀྱིས་པོ་ཏ་ལའི་མདུན་ཐང་གི་མཆོད་རྟེན་ཉེ་འགྲམ་དུ་སྐུ་ལུས་ཞུགས་འབུལ་གནང་བ་དང་སྦྲགས་ཏེ། ཁོང་རླངས་འཁོར་ཞིག་གི་ཐོག་ཏུ་མཆོང་ཡོད་པ་དང་། སྐབས་དེར་སྲང་ལམ་གྱི་མི་མང་པོ་ནས་མཐོང་ཀྱང་ཉེན་རྟོག་པས་མང་ཚོགས་ཀྱི་ཁ་པར་བསྔོག་བཤེར་བྱས་པ་མ་ཟད། ཕྱི་ཚེས་ ༢༦ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་ཀྱི་ས་གནས་ཁག་ཏུ་ཚོགས་འདུ་བསྐོང་པ་དང་། སྐབས་དེར་བོད་ཀྱི་ལོ་གསར་འཚེར་ལ་ཉེ་བ་དང་བསྟུན་ས་གནས་ནང་ཞི་འཇམ་ལྷིང་འཇགས་ཡོང་ཐབས་དགོས་པའི་དྲན་སྐུལ་བྱས་པ་ལས་ཚེ་དབང་ནོར་བུ་ལགས་ཀྱིས་སྐུ་ལུས་ཞུགས་འབུལ་སྐོར་གནད་དོན་གཅིག་ཀྱང་བཤད་མེད་པ་རེད་འདུག ཚེ་དབང་ནོར་བུ་ལགས་ད་ཆ་དམག་མིའི་སྨན་ཁང་ཞིག་ཏུ་ཡོད་སྐོར་འཁོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།