Tibetan Royal Year of 2151 | Year of the Wood Dragon

སྦེལ་ཇམ་གྱི་སྲིད་བློན་རྒྱ་ནག་ཏུ་ཕེབས་སྐབས་བོད་ཐོག་རྒྱ་ནག་ལ་འགན་འཁྲི་ཡོད་པ་བཟོ་དགོས།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

སྦེལ་ཇམ་གྱི་སྲིད་བློན་ Alexander De Croo མཆོག་བདུན་ཕྲག་འདིའི་ནང་རྒྱ་ནག་ཏུ་ཕེབས་གཏན་ཁེལ་ཡོད་པ་ལྟར། སྲིད་བློན་མཆོག་ནས་དེ་འབྲེལ་གོ་སྐབས་ཆེ་བཞེས་ཐོག་རྒྱ་ནག་གིས་བོད་ནང་མི་སྤྱོད་ལས་འདས་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་གནད་དོན་ཐད་རྒྱ་ནག་ལ་འགན་འཁྲི་ཡོད་པ་བཟོ་དགོས་པའི་འབོད་སྐུལ་གནང་འདུག

དེ་ཡང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་གའི་དྲྭ་གནས་ཐོག་སྦེལ་ཇམ་གྱི་སྲིད་བློན་མཆོག་ནས་རྒྱ་ནག་ནི་ང་ཚོའི་མང་གཙོའི་དགྲ་བོ་གསོན་པོ་ཞིག་ཡིན་ཚུལ་བསྒྲགས་ཡོད་པ་ལུང་འདྲེན་དང་སྦྲགས། ལས་འགུལ་ཁང་གི་ཡོ་རོབ་མཐུན་ཚོགས་ཀྱི་འབྲེལ་མཐུད་པ་སྐུ་ཞབས་ Vincent Metten ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ནས་དེ་སྔ་སྲིད་བློན་མཆོག་གིས་སྤེལ་བའི་བསྒྲགས་གཏམ་དེས་དཀའ་སྡུག་མྱོང་བཞིན་པའི་བོད་མིའི་བདེན་པའི་འབོད་སྒྲ་ཞིག་ཀྱང་གསལ་ཐུབ་ཀྱི་ཡོད་པ་མ་ཟད། སྦེལ་ཇམ་རྒྱལ་ཁབ་དེ་བཞིན་ད་ལྟའི་ཆར་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོའི་གོ་གནས་འཛིན་བཞིན་ཡོད་སྟབས། རྒྱ་ནག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་དེ་དག་རྒྱ་ནག་རང་གིས་འགན་འཁུར་དགོས་པ་ཞིག་བཟོ་རྒྱུའི་འགན་འཁྲི་དེའང་སྦེལ་ཇམ་གཞུང་ལ་ཡོད་པ་བཀོད་འདུག

སྦེལ་ཇམ་གྱི་སྲིད་བློན་ Alexander མཆོག་རྒྱ་ནག་ཏུ་ཕེབས་ལ་ཉེ་བའི་དུས་ཚིགས་དང་བསྟུན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་ནང་རྒྱ་ནག་གཞུང་གིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བོད་ཕྲུག་ཚོ་རང་གི་ཁྱིམ་ཚང་དང་། སྐད་ཡིག་རིག་གཞུང་བཅས་པར་ཁ་བྲལ་དུ་བཏང་ནས་མི་རིགས་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་མ་ཟད། བོད་མི་འབྲོག་པ་རྣམས་བཙན་ཤེད་ཀྱིས་གནས་སྤོ་བྱེད་དུ་བཅུག་པ། དེ་བཞིན་རྒྱ་གཞུང་གིས་བོད་ནང་དབང་སྒྱུར་བྱེད་བཞིན་པ་དེ་ཁྲིམས་མཐུན་ཡིན་ལུགས་ཀྱི་རྣམ་པ་སྟོན་ཆེད་བོད་ལ་རྒྱུན་དུ་དབྱིན་སྐད་ཐོག་ Tibet ཞེས་འབོད་པའི་ཐ་སྙད་དེ་ Xizang ཞེས་པར་བསྒྱུར་ཐབས་བྱས་ཡོད་པ་ སོགས་ཉེ་དུས་བོད་ནང་གི་གནས་ཚུལ་རྣམས་སྙན་གསེང་དང་སྦྲགས།  ཕྱི་ཟླ་ ༡ ཚེས་ ༢༣ ཉིན་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དཔྱད་ཞིབ་གནང་གི་ཡོད་པ་ལྟར། རྒྱ་གཞུང་གི་སྲིད་བྱུས་འོག་བོད་མིར་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པའི་གནས་སྟངས་ལ་ད་ལན་སྦེལ་ཇེམ་གཞུང་ནས་སེམས་འཚབ་ཀྱི་རྣམ་པ་སྟོན་རྒྱུའི་གོ་སྐབས་ཤིག་ཡིན་པ་མ་ཟད། བོད་ནང་གི་གནས་སྟངས་ཡར་རྒྱས་གཏོང་ཐབས་ཀྱི་གྲོས་འཆར་ཁ་གསལ་འདོན་རྒྱུའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན་པ་བཀོད་འདུག

དེ་བཞིན་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་བཙན་བྱོལ་བ་རྣམས་ལ་དྲག་གནོན་བྱེད་པའི་བརྒྱུད་རྒྱལ་ཁབ་གཞན་གྱི་ཆབ་སྲིད་ལ་ཐེ་བྱུས་བྱེད་ཀྱི་ཡོད་པ་མངོན་གསལ་དང་སྦྲགས། རྒྱ་གཞུང་གིས་སྦེལ་ཇམ་དང་ཡུ་རོབ་རྒྱལ་ཁབ་གཞན་ཁག་གི་ནང་དུ་ཡོད་པའི་བོད་མི་དང་དེ་འབྲེལ་ཁྱིམ་མི་རྣམས་ལ་འཇིགས་སྐུལ་བྱེད་པའི་ཁ་པར་འབྱོར་གྱི་ཡོད་སྟབས། སྦེལ་ཇམ་རྒྱལ་ཁབ་ནས་རང་གི་སྤྱི་དམངས་ལ་སྲུང་སྐྱོབ་བྱེད་རྒྱུའི་འགན་འཁྲི་ཡོད་སྐོར་བཀོད་པ་དང་འབྲེལ། ད་ལན་སྲིད་བློན་མཆོག་རྒྱ་ནག་ཏུ་ཕེབས་སྐབས་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་གྲོས་མོལ་བསྐྱར་མཐུད་ཡོང་བར་འབད་བརྩོན་གནང་དགོས་པ་བཀོད་འདུག

གཞི་རྩའི་བདུན་ཕྲག་འདིའི་རེས་གཟའ་ཕུར་བུའི་ཉིན་སྦེལ་ཇམ་གྱི་སྲིད་བློན་ Alexander མཆོག་དང་ཕྱི་སྲིད་བློན་ཆེན Hadja Lahbib ལགས་རྣམ་གཉིས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་སྲིད་བློན་ Li Qiang དེ་བཞིན་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་གྱི་ཚོགས་གཙོ་ Zhao Leji བཅས་དང་མཇལ་མོལ་གནང་རྒྱུ་དང་། སྦེལ་ཇེམ་གྱི་ཆེ་མཐོའི་དཔོན་རིགས་ཤིག་རྒྱ་ནག་ཏུ་ཕེབས་རྒྱུའི་ལས་རིམ་དེ་ཕྱི་ལོ་ ༢༠༡༩ རྗེས་སུ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།