སྲིད་སྐྱོང་མཆོག་ནས་བཀའ་བློན་འོས་མི་བསྣམ་རྒྱུའི་འཆར་གཞི་མེད་པ་གསུངས་སོང་།

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་དྲུག་པའི་ཐོག་འཕྲོད་བསྟེན་ལས་ཁུངས་ཀྱིས་ལས་བསྡོམས་ཐོག་བགྲོ་གླེང་ཁྲོད་སྤྱི་འཐུས་ཁག་གཅིག་ནས་དེ་སྔའི་གྲོས་ཚོགས་ཐོག་བཀའ་བློན་བསྐོ་བཞག་ཐུབ་ཡག་གི་ལམ་ཁ་བཟོས་ཟིན་པ་དང་འབྲེལ། སྲིད་སྐྱོང་མཆོག་ནས་ད་ལན་བཀའ་བློན་འོས་བསྣམ་མ་ཕེབས་པ་ཅི་ཡིན་ནམ་ཞེས་དྲི་བ་ཕེབས་པར། སྲིད་སྐྱོང་མཆོག་ནས་རྒྱུ་མཚན་གསུམ་ལུང་འདྲེན་གྱིས་བཀའ་བློན་འོས་མི་བསྣམ་རྒྱུའི་འཆར་གཞི་མེད་པ་གསུངས་སོང་།

17th TPiE session 8 day 7

དེ་ཡང་དེ་རིང་ལས་ཉིན་དྲུག་པའི་ཐོག་སྔ་དྲོ་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་མཇུག་སྐྱོང་གནང་བའི་རྗེས་སུ། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བསྡོམས་སྙན་སྒྲོན་དང་དེའི་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་ཕེབས་པའི་ཁྲོད། སྤྱི་འཐུས་ཁག་གཅིག་གིས་བོད་མིའི་སྤྱི་ཚོགས་ཁྲོད་ད་ལྟའི་བཀའ་ཤག་གི་བཀའ་བློན་ཆ་ཚང་བ་མེད་པར་ལས་དོན་འཐུས་ཤོར་འགྲོ་ཉེན་ཡོད་པའི་སེམས་ཚབས་ཁྲོད། དེ་སྔའི་གྲོས་ཚོགས་ཐོག་གྲོས་ཚོགས་ནས་བཀའ་བློན་བསྐོ་བཞག་ཐུབ་པའི་ལམ་ཁ་བཟོས་ཟིན་པ་དང་འབྲེལ། ཐེངས་འདིའི་གྲོས་ཚོགས་ཐོག་སྲིད་སྐྱོང་མཆོག་ནས་བཀའ་བློན་འོས་མི་བསྣམ་ཕེབས་འཆར་ཡོད་མིན་གྱི་དྲི་བར་ལན་འདེབས་སུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དེ་སྔའི་གནས་སྟངས་བསྐྱར་ཟློས་མི་ཡོང་བ་དང། ད་ལྟའི་ལས་ཡུན་གང་ཙམ་ཕྱིན་ཟིན་པ་དང་འབྲེལ་ལས་འཆར་མང་པོ་ཞིག་འགོ་བཙུགས་ཟིན་སྟབས། བཀའ་བློན་གསར་པ་ཞིག་ཕེབས་པ་ཡིན་ནའང་ལས་དོན་དབུ་ཚོད་མིན་ཁྲོད་འགོག་རྐྱེན་འཕྲད་སྲིད་པ། དེ་བཞིན་བཀའ་བློན་འོས་མི་བསྐོ་འཆར་ཡོད་པ་དོ་དག་ནས་ཀྱང་ལས་ཡུན་མང་པོ་ལྷག་མེད་པ་དང་འབྲེལ་ནས་ད་ལྟ་གནང་འདོད་མེད་སྐོར་གསུངས་པ་བཅས་གསུམ་ལ་ཞིག་ནས་ད་ལན་སྲིད་སྐྱོང་མཆོག་ནས་བཀའ་བློན་འོས་མི་གནམ་རྒྱུའི་འཆར་གཞིས་མེད་པ་གསུངས་སོང་།

17th TPiE session 8 day 7

སྤྱིར་དེ་རིང་གྲོས་ཚོགས་སུ་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་ཁྲོད། སྤྱི་འཐུས་ཁག་གཅིག་ནས་སྨན་རྩིས་ཁང་གི་གནས་སྟངས་སྐོར་ལ་དྲི་བ་སླེབས་པར་སྲིད་སྐྱོང་མཆོག་གི་སྨན་རྩིས་ཁང་གི་ཁྲིམས་དང་སྒྲིག་གཞི་ཆ་ཚང་ཞིག་བཟོས་ཟིན་ཏེ་ལག་བསྟར་ཐོག་འགྲོ་བཞིན་པ་དང་། ད་ལྟའི་ཆར་ཁེ་བཟང་གི་གནས་སྟངས་ཐོག་འགྲོ་བཞིན་པ་གསུངས་སོང་།

དེ་བཞིན་དེ་རིང་གྲོས་ཚོགས་ཀྱི་སྔ་དྲོའི་ཚོགས་དུས་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་ཐོག་མུ་མཐུད་བསྐྱོད་པའི་ཁྲོད། སྤྱི་འཐུས་ཁག་གཅིག་གིས་ཉེ་ཆར་ France ཀྱི་རྒྱལ་ས་ Paris ནང་གི་འགྲེམ་སྟོན་ཁང་ཆེ་གྲས་གཉིས་ཀྱིས་བོད་ལ་ Tibet ཚབ་ཏུ་རྒྱ་ནག་གི་ཆབ་སྲིད་ཀྱི་དམིགས་ཡུལ་ལྡན་པའི་ Xizang ཞེས་པའི་ཐ་སྙད་ལ་རྗེས་བསྒྱུར་བྱས་པའི་གནད་དོན་དང་འབྲེལ་ནས་ས་གནས་བོད་མི་ཚོའི་ལས་འགུལ་སྤེལ་བཞིན་པ་ལུང་འདྲེིན་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་གི་དེ་ལྟ་བུའི་ལས་དོན་ལ་གདོང་ལེན་གནང་འཆར་སྐོར་ལ་དྲི་བ་ཞུས་པར། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་དེའི་ཐོག་གྲོས་བསྡུར་གནང་རྒྱུ་ཡིན་པ་གསུངས་སོང་།

17th TPiE session 8 day 7

དེ་བཞིན་སྤྱི་འཐུས་ཁག་གཅིག་ནས་བོད་དོན་རྒྱབ་སྐྱོར་གྱི་ལས་གཞི་དང་འབྲེལ། རྒྱ་གར་ནང་དུ་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་ཤུགས་ཆེ་རུ་གཏང་དགོས་པ་དང་། རྒྱ་གར་གྲོས་ཚོགས་ནང་དུ་བོད་དོན་སྐོར་གླེང་སློང་མང་བ་ཡོང་ཐབས་གནང་དགོས་གལ་སྐོར་གསུངས་སོང་།

གཞན་ཡང་བགྲོ་གླེང་ཁྲོད་སྤྱི་འཐུས་མང་དག་ཞིག་ནས་འདི་ལོ་ཨ་རིའི་གྲོས་ཚོགས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་བ་དང་། ཨ་རི་སྲིད་འཛིན་གྱི་མཚན་རྟགས་བསྐྱོན་ཏེ་ཁྲིམས་སུ་བཅད་པའི་གནད་དོན་ཐད་བསྔགས་བརྗོད་དང་ཨ་རི་གཙོ་བོར་འགྱུར་བའི་ Canada དང་ Australia དེ་བཞིན་རྒྱ་གར་བཅས་ཀྱི་གྲོས་ཚོགས་རིམ་པའི་ནང་དུ་བོད་དོན་གྲོས་འཆར་བསྣམས་ཕེབས་པ་དང་། བོད་དོན་གཏམ་བཤད་སྤེལ་བ་སོགས་ཀྱི་གནད་དོན་ལུང་འདྲེན་དང་སྦྲགས། བོད་དོན་རྒྱབ་སྐྱོར་ཚད་མཐོ་གནང་མཁན་རྒྱལ་ཁབ་དེ་དག་གི་གྲོས་ཚོགས་འཐུས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུས་གནང་སོང་།

17th TPiE session 8 day 7

རྩ་བའི་དེ་རིང་ཕྱི་དྲོ་གྲོས་ཚོགས་ནང་ཁྲིམས་བཟོའི་ལས་དོན་ཐོག་བསྐྱོད་པའི་རྗེས་སུ། སང་ཉིན་དེ་འབྲེལ་བརྗོད་པ་གཉིས་པའི་ཐོག་ཕེབས་རྒྱུ་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྙན་སྒྲོན་དང་དེའི་ཐོག་བགྲོ་གླེང་། དེ་བཞིན་འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་དང་དེའི་ཐོག་བགྲོ་གླེང་བཅས་གནང་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།