Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གཞུང་ལ་རྒྱ་ནག་གི་ནང་གི་ཨོ་རྩལ་འགྲན་ཚོགས་ལ་འཛུལ་ཞུགས་མི་འོས་བའི་ལས་འགུལ།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

ཁ་སང་རེས་གཟའ་ལྷག་པའི་ཉིན། ཨ་རིའི་ཕྲོ་བྲང་དཀར་པོའི་མདུད་ཐང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་མི་དང་། ཡུ་གུར་མི་རིགས། ཧོང་ཀོང་བ། ད་དུང་ཨ་རིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཅིག་མཉམ་འབྲེལ་གྱིས། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཊྲན་དང་ཕྱི་སྲིད་དྲུང་ཆེ་ Anthony Blinker གཉིས་ལ་འབོད་སྐུལ་གནང་སྟེ་ཨ་རིའི་ངོས་ནས་སང་ལོར་རྒྱ་ནག་ཏུ་འཚོགས་རྒྱུའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་དེར་འཛུལ་ཞུགས་བྱེད་རྒྱུ་མེད་པའི་ལས་འགུལ་ཞིག་སྤེལ་འདུགསྐབས་དེའི་ལས་འགུལ་གྱི་ཐོག་ཏུ། ནག་གཞུང་གི་བཙོན་འཇུག་མནར་གཅོད་འོག་དངོས་སུ་མི་སྤྱོས་ལས་འདས་བའི་སྡུག་སྦྱོར་མནར་གཅོད་མྱོང་མཁན་གྱི་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་འགྲུབ་དབང་ཆེན་ལགས་དང་།  དེ་བཞིན་ཤིན་ཅང་གི་བཀག་སྐྱིལ་ར་བ་ལས་བཙོན་གྲོལ་བྱུང་བའི་ཡུ་གུར་གྱི་བུད་མེད་ཐོབ་ཐང་རྩོད་ལེན་པ། ལྕམ་ Tursunay Ziawudun ལགས་རྣམས་གཉིས་ཀྱིས་དངོས་སུ་རྒྱ་ནག་གི་བཙོན་ཁང་དུ་སྡུག་སྦྱོང་མྱངས་བའི་སྐོར་ནས་གཏམ་བཤད་གནང་འདུགལས་འགུལ་དེའི་ཐོག་མར།  ཨ་རུའི་ཁུལ་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྐུ་ཚབ་ཀྱིས་ལས་འགུལ་གྱི་དམིགས་འབེན་གྱི་ཐད་ནས་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་དུ། རྒྱ་ནག་གིས་བོད་དང་ཤིན་ཅང་གི་གཙོ་བྱས་པའི་ཁུལ་དེའི་དབང་བསྒྱུར་གྱི་འོག་ཏུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པ་ཡོངས་གྲགས་ཀྱིས། ཨ་རིའི་ངོས་ནས་རྒྱ་ནག་གི་བྱེད་བབ་དེ་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ཡིན་པར་མངོན་གསལ་གནང་ཡོད་པ་ལྟར།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐོག་ལས་འགུལ་སྤེལ་མཁན་ཚོས་རྒྱལ་སྤྱིའི་རྩེད་འགྲན་ཚོགས་ཆུང་ལ་༢༠༢༢་ལོའི་དགུན་དུས་རྩེད་འགྲན་དེར་འཛུལ་ཞུགས་མི་བྱེད་རྒྱུ་མ་ཟད། རྒྱ་ནག་གི་ནང་གི་རྩེད་འགྲན་དེར་བཀག་སྡོམ་བྱེད་དགོས་བའི་འབོད་སྐུལ་གྱི་བསྒྲགས་གཏམ་སྤེལ་ཡོད་པ་ལྟར། ཨ་རིའི་ངོས་ནས་ཀྱང་རྒྱ་ནག་གི་ནང་དུ་འཚོགས་རྒྱུའི་རྩེད་འགྲན་དེར་འཛུགས་ཞུགས་མི་བྱེད་རྒྱུའི་འབོད་སྐུལ་གནང་འདུག

དེ་བཞིན་ཁོང་གིས། ཨ་རིའི་གཙོ་བྱས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱི་ལོ་ ༢༠༠༨ ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ལས་བསླབ་བྱ་ལེན་དགོས་བ་དེ་གལ་ཆེན་པོ་ཡིན་པར་ཞུ་སྐུལ་གནང་བ་བརྒྱུད་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སླར་ཡང་རྒྱ་ནག་ཏུ་ཨོ་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་བྱས་པ་ཡིན་ན། དེ་ནི་རྒྱ་ནག་ནང་གི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་དང་དྲག་གནོན་ལ་རྒྱབ་སྐྱོར་བྱས་པ་ཞིག་ཡིན་པ་མ་ཟད། མིའི་རིགས་ཀྱི་ཀུན་སྤྱོད་བརླགས་པ་ཡིན་པས། ང་ཚོས་རྗེས་མ་ནས་བཟུང་རྒྱལ་སྤྱིའི་གནད་དོན་གང་གི་ཐད་ནས་ཀྱང་སྐད་ཆ་བཤད་རྒྱུའི་འོས་བབ་མེད་ཚུལ་མངོན་གསལ་གྱིས། ཨ་རི་ནི་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཡིན་པར་བརྟེན་རྒྱ་ནག་གིས་མི་རིགས་སྡེབ་གསོད་གཏོང་བཞིན་པའི་གནད་དོན་དེ་གང་མགྱོགས་མཚམས་འཇོག་གནང་རྒྱུར་འགན་ཁུར་ལེན་དགོས་བའི་ཞུ་སྐུལ་དང་ལྷན་དུ། ཨ་རིའི་མི་མང་གིས་རྒྱ་ནག་གི་བྱེད་བབ་དེ་གསལ་བོར་རྟོགས་ཡོད་པ་གཞིར་བཞག་གིས། ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེ་གཉིས་ལ་གནོད་ཤུགས་སྤྲད་ནས་རྒྱ་ནག་གི་ནང་གི་རྩེད་འགྲན་དེ་བཀག་འགོག་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་བར་སྐུལ་མ་གནང་འདུག དེ་བཞིན་ཁ་སང་གི་ལས་འགུལ་དེ་བརྒྱུད་ནས། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་གིས་མཉམ་རུབ་ཐོག་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་དབུ་འཛུགས་གནང་ཡོད་པའི་ཁྲོད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབུ་ཁྲིད་ཀྱི་འོག་ཏུ་རྒྱ་ནག་གི་དབང་བསྒྱུར་འོག་གི་གྲངས་ཉུང་མི་རིགས་ལ་རྣམས་ལ་དྲག་གནོན་གྱི་སྲིད་བྱུས་སྔར་ལས་ཇེ་ཆེར་ཕྱིན་ཡོད་པ་ཡོངས་གྲགས་ཀྱིས། རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཀྱིས་རྒྱ་ནག་གི་བྱེད་བབ་དེར་ངོ་རྒོལ་མཚོན་བྱེད་དུ། སང་ལོའི་རྒྱ་ནག་ནང་གི་ཨོ་རྩལ་འགྲན་ཚོགས་དེར་འཛུལ་ཞུགས་མི་བྱེད་རྒྱུར་རོགས་འདེགས་བྱེད་དགོས་བར་འཁོད་འདུག

གཞི་རྩའི་བོད་མི་དང་ཡུ་གུར་བ། ནང་སོག་པ་དང་ཀོང་ཧོང་བ་སོགས་ཀྱི་ལས་འགུལ་བའི་སྣེ་ཁྲིད་པའི་ཐོག་ནས། སྔར་ལོ་ནས་རྒྱལ་སྤྱིའི་ཚོགས་སྡེ་༡༨༠ ལྷག་གིས་མཉམ་རུབ་ཀྱི་ཐོག་ནས་རྒྱ་ནག་ཏུ་འཚོགས་རྒྱུའི་ཕྱི་ལོ་༢༠༢༢ ལོའི་ཨོ་རྩལ་འགྲན་ཚོགས་དེར་ངོ་རྒོལ་རིམ་པ་སྤེལ་ཡོད་པ་མ་ཟད། ཨོ་རྩལ་ལྷན་ཚོགས་ལ་ཞུ་སྐུལ་གྱིས་སང་ལོའི་དགུན་དུས་ཀྱི་ཨོ་རྩལ་གྱི་ས་གནས་བརྗེ་བསྒྱུར་བྱེད་དགོས་བའི་འབོད་སྐུལ་ཞུ་མུས་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།