Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ Dianne Feinstein མཆོག་དགོངས་པར་རྫོགས་པར་ཐུགས་གསོ་མཛད་འདུག

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཉེ་ཆར་ཕྱི་ཟླ་ ༩ པའི་ཚེས་ ༢༩ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དང་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་གནང་མཁན་ལྕམ་སྐུ་ Dianne Feinstein མཆོག་དགུང་ལོ་ ༩༠ ཐོག་རང་ཤག་ཏུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་སྟབས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་ཁོང་གི་ལས་ཁུངས་དང་ཤུལ་ལུས་གནང་མི་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག

གསུང་འཕྲིན་དེའི་ནང་༸གོང་ས་མཆོག་གིས་ལྕམ་སྐུ་དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོའི་རིང་ཨ་རིའི་མང་ཚོགས་དང་ཀེ་ལོ་ཕོ་ནི་ཡ་མངའ་སྡེ། དེ་རྗེས་གྲོས་ཚོགས་གོང་མའི་འཐུས་མི་གནང་སྟེ་སྤྱི་ཚོགས་ཀྱི་ཞབས་ཞུ་བསྒྲུབ་གནང་ཡོད་པས་མི་ཚེ་དོན་ལྡན་ཞིག་སྐྱེལ་ཡོད་ཅེས་བཀའ་སྩལ་འདུག

མགོན་པོ་༸གང་ཉིད་མཆོག་ནས་ཕྱི་ལོ་ ༡༩༧༨ ལོར་ལྕམ་སྐུ་ཁོང་དང་ཁོང་གི་སྐུ་ཟླ་གཉིས་བཞུགས་སྒར་རྡ་རམ་ས་ལར་ཕེབས་པ་དང་འབྲེལ་ནས་ཐོག་མར་མཇལ་འཕྲད་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༧༩ ལོར་༸གང་ཉིད་མཆོག་ཨ་རིར་ཆིབས་བསྒྱུར་ཐོག་མར་དེ་མཛད་པ་ནས་བཟུང་སྟེ་ཨ་རིགཞུང་མང་གཉིས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ཐུགས་འགན་ཆེན་པོ་བཞེས་ཡོད་པ། ལྷག་པར་དུ་སྐབས་དེར་རྒྱ་ནག་གི་འགོ་ཁྲིད་ཇང་ཙེ་མིན་གྲོགས་འདྲིས་ཡོད་པའི་རྐྱེན་གྱིས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་ང་ཚོའི་ལྷག་བསམ་རྣམ་དག་གི་བརྡ་འཕྲིན་སྐྱེལ་རྒྱུའི་གོ་སྐབས་བྱུང་བས་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དྲན་གསོ་དང་སྦྲགས། ལྕམ་སྐུ་ཁོང་གིས་ད་བར་མཛའ་གྲོགས་གི་འདུ་ཤེས་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གཡོ་བ་མེད་པ་གནང་བ་ནི་བཀའ་དྲིན་ཆེན་པོ་དགོངས་བཞིན་ཡོད་པར་བཀའ་སྩལ་འདུག

ལྕམ་སྐུ་ཁོང་སྐུ་གྲོངས་པའི་གནས་ཚུལ་ཐོན་མ་ཐག ཨ་རིའི་བྱང་ཀེ་ལི་ཕོ་ནི་ཡ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ནིའུ་ཡོག་དང་ནིའུ་ཇར་སི་བོད་རིག་སྤྱི་མཐུན་ཚོགས་པ་བཅས་ནས་ལྕམ་སྐུ་ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོ་མཚོན་ཆེད་འདས་པོ་དམ་པ་ཁོང་གི་ཆེད་དུ་སྨོན་ལམ་གསུང་འདོན་གྱི་ལས་རིམ་གོ་སྒྲིག་གནང་ཡོད།

དེ་བཞིན་ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ནས་ཀྱང་ཐུགས་གསོའི་བསྒྲགས་གཏམ་སྤེལ་ཏེ་ལྕམ་སྐུ་ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་ད་བར་བོད་དོན་ཆེད་ཕྱག་ལས་གནང་བ་རྣམས་ལ་རྗེས་དྲན་དང་། ལྷག་པར་༸གོང་ས་མཆོག་གི་སྐུའི་མཛའ་གྲོགས་དང་བོད་ཀྱི་གྲོགས་པོ་རྙིང་པོ་ཞིག་སྐུ་གཤེགས་པར་མྱ་ངན་གུས་བཏུད་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།