Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་ཐེ་ལྦན་དུ་ཕེབས་འབྱོར།

Tibetan News Headlines

  • Tibetan spiritual leader heads to America for a knee treatment
  • Former Sikyong Lobsang Sangay speaks on Reincarnation and Geopolitics in Delhi
  • State oracle Nechung issues prayer recitation notice for Dalai Lama’s upcoming knee treatment
  • China’s suppression of Tibetan protests over hydropower discussed at side-event of UN human rights council
  • US Congressional delegation calls on PM Narendra Modi after visit to Dharamshala

རེས་གཟའ་པ་སངས། ༢༠༢༤།༠༦།༢༡

  • ༸གོང་ས་མཆོག་ཨ་རིར་ཞབས་པུས་སྨན་བཅོས་སླད་བཞུགས་སྒར་ནས་ཆིབས་ཐོན་མཛད་སོང་།
  • རྒྱ་གར་གཞུང་ངོས་ནས་སྐུའི་ཡང་སྲིད་གནད་དོན་ཐད་ཐེ་བྱུས་གནང་རྒྱུ་མེད་པར་ཨ་རིས་འཛིན་པའི་སྲིད་བྱུས་དེར་རྒྱབ་སྐྱོར་གནང་དགོས།
  • གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དུ་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་འགྲོ་གང་ཆེ་གསོག་སྒྲུབ་དགོས་པ།
  • རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་ཁམས་སྡེ་དགེའི་གནད་དོན་ཐད་ཟུར་ཚོགས་ཞིག་ཚོགས་གནང་འདུག
  • བཞུགས་སྒར་ནས་ཕྱིར་ཐོན་རྗེས་ཨ་རིའི་སྐུ་ཚབ་རུ་ཁག་ནས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་དང་མཇལ་འཕྲད་གནང་འདུག

ཟླ་འདིའི་ཚེས་ ༢༠ ཉིན་ཐེ་ལྦན་སྲིད་འཛིན་གྱི་དམ་འབུལ་མཛད་སྒོ་འཚོགས་ཡོད་པ་དང་བསྟུན། བདུན་ཕྲག་སྔོན་མའི་རེས་གཟའ་ཕུར་བུ་དང་པ་སངས་བཅས་ཉིན་གཉིས་རིང་རྒྱ་ནག་གཞུང་གིས་ཐེ་ལྦན་མཚོ་ཁུལ་དུ་སླར་ཡང་དམག་མཚོན་འགྲེམས་འཇོག་གིས། ཐེ་ལྦན་སྲིད་འཛིན་གྱིས་དམ་འབུལ་མཛད་སྐོར་གཏམ་བཤད་སྐབས་ཐེ་ལྦན་དེ་བཞིན་རང་བཙན་གཙང་མའི་རྒྱལ་ཁབ་ཏུ་ངོས་འཛིན་བྱས་པ་དེའི་ཉེས་པ་དང་རྒོལ་ལན་ཡིན་ཞེས་སྡིགས་ར་སྐུལ་ཡོད་པའི་ཁྲོད། ཁ་ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་ཐེ་ལྦན་ལ་རྒྱབ་སྐྱོར་ཆེད་ཁུལ་དེར་འབྱོར་ཡོད་པ་རེད་འདུག

དེ་ཡང་ཁ་སང་ཕྱི་ཚེས་ ༢༧ ཉིན་ Times of India གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་ཉིན་རེས་གཟའ་ཉི་མའི་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Michael McCaul ལགས་གཙོས་པའི་གྲོས་ཚོགས་འཐུས་མི་ཁག་གཅིག་ཐེ་ལྦན་རྒྱལ་ས་ཐེའི་པེ་རུ་ཕེབས་འབྱོར་བྱུང་ཡོད་པ་དང་། སྐུ་ཞབས་ McCaul ལགས་ཀྱིས། ཐེངས་འདིའི་ཨ་རིའི་གྲོས་ཚོགས་འཐུས་མིའི་འཚམས་གཟིགས་ཁྲོད། རྒྱ་ནག་དམར་ཤོག་ཚོགས་པར་ཨ་རི་ནས་ཐེ་ལྦན་མི་མང་རྣམས་ལ་རྒྱབ་སྐྱོར་ཡོད་ཅིང་། ཨ་རིའི་ངོས་ནས་ཐེ་ལྦན་མཚོ་གླིང་གི་བདེ་འཇགས་སྲ་བརྟན་ཆེད་ལས་ཀ་བྱ་རྒྱུ་ཡིན་པའི་བརྡ་ལན་སྤྲོད་ཐུབ་པ་ཡིན་ཞེས་གསུངས་འདུག་པ་མ་ཟད། གྲོས་ཚོགས་འཐུས་མི་ Jimmy Panetta ལགས་ཀྱིས། འཚམས་གཟིགས་དེས་ཨ་རི་དང་ཐེ་ལྦན་རྒྱལ་ཁབ་གཉིས་དབར་གལ་གནད་ཅན་གྱི་མཐུན་གྲོགས་ཀྱི་འབྲེལ་ལམ་ཡོད་པ་མངོན་གསལ་ཐུབ་པ་ཡིན་ཞིང་། རྒྱལ་ཁབ་ཕྱོགས་གཉིས་དབར་གྱི་འབྲེལ་བ་མུ་མཐུད་སྲ་བརྟན་གཏོང་རྒྱུ་ཡིན་པ་གསུངས་འདུག

ཁ་སང་རེས་གཟའ་ཟླ་བའི་ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་དེ་དག་གིས་ཐེ་ལྦན་སྲིད་འཛིན་ Lai Ching-te མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐབས་དེར་སྐུ་ཞབས་ Michael McCaul ལགས་ཀྱིས། ཁོང་དང་ཁོང་གི་ཕྱག་སྦྲེལ་རྣམས་ནས་རྒྱ་ནག་གིས་ཐེ་ལྦན་མཚོ་གླིང་ཁུལ་དུ་སྤེལ་བཞིན་པའི་དྲག་གནོན་ལ་རྒོལ་ལན་ཐད་ཐེ་ལྦན་ལ་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་གསུངས་འདུག་པ་མ་ཟད། ཁོང་གིས་རྒྱ་ནག་དམར་གཞུང་གིས་ཐེ་ལྦན་མཚོ་གླིང་ཁུལ་དུ་དྲག་གནོན་གྱི་ལས་འགུལ་སྤེལ་བཞིན་པར་སྐྱོན་བརྗོད་ཀྱིས། བྱ་སྤྱོད་དེ་དག་གིས་རྒྱ་ནག་ནི་ཐེ་ལྦན་ཐོག་ཞི་བདེ་ལག་བསྟར་བྱ་རྒྱུའི་འདོད་པ་མེད་པ་གསལ་རྟོགས་ཐུབ་པ་ཡིན་པས། མང་གཙོ་དོན་གཉེར་བ་ཡོངས་ནས་མཉམ་ལས་ཀྱིས། དྲག་སྐུལ་དང་བཙན་དབང་གི་སྲིད་གཞུང་ལ་གདོང་ལེན་བྱ་དགོས་པ་གསུངས་འདུག མ་ཟད་ཁོང་གིས། ད་ཆ་འབྱུང་བཞིན་པའི་བཙན་གནོན་དང་དྲག་རྒོལ་དེ་ལྟ་བུ་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཐོག་མ་དེ་ཡིན་པས། ཞི་ཅིན་ཕིང་གཙོས་པའི་དྲག་གཅོད་རིང་ལུགས་པའི་འགོ་ཁྲིད་པུ་ཊིན་དང་ཨ་ཡ་ཊོལ་ལ་སོགས་ལོག་ལྟ་ཅན་གྱི་མི་རྣམས་མཉམ་སྦྲེལ་གྱིས་འཛམ་གླིང་ནང་གི་ཞི་བདེ་ཉམས་རྒུད་དུ་གཏོང་བཞིན་ཡོད་པ་གསུངས་འདུག

སྐབས་དེར་ཐེ་ལྦན་སྲིད་འཛིན་མཆོག་གིས། ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ནས་རྒྱབ་སྐྱོར་གནང་བར་བཀྲིན་ཆེ་ཞུས་པ་དང་སྦྲགས། གྲོས་ཚོགས་འཐུས་མི་རྣམས་ནས་མུ་མཐུད་ཐེ་ལྦན་གྱི་འགོག་སྲུང་ནུས་པ་ཐད་རམ་འདེགས་གནང་རྒྱུའི་རེ་བ་ཡོད་ཅེས་དང་། ཁོང་གི་ངོས་ནས་ཐེ་ལྦན་རྒྱལ་ནང་གི་འགོག་སྲུང་གོང་འཕེལ་གྱིས། འཛམ་གླིང་ཁྱོན་ཡོངས་ལ་ཐེ་ལྦན་མི་མང་རྣམས་ནས་རང་ཉིད་ཀྱི་རྒྱལ་ཁབ་སྲུང་སྐྱོབ་ཀྱི་སྙིང་སྟོབས་གསལ་སྟོན་གནང་རྒྱུ་ཡིན་པ་གསུངས་འདུག

དེ་བཞིན་སྐུ་ཞབས་ McCaul ལགས་ཀྱིས་ཁ་སང་ཐེ་ལྦན་དུ་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། ཨ་རི་ངོས་ནས་ཐེ་ལྦན་ལ་དམག་གི་གོ་མཚོན་དང་འབྲེལ་བའི་མཐུན་འགྱུར་སྦྱར་བཞིན་པའི་གནད་དོན་དང་འབྲེལ་བའི་དྲི་བར་ལན་འདེབས་ཁྲོད། ཉེ་ལམ་ཨ་རིའི་གྲོས་ཚོགས་ནང་ཐེ་ཝན་ལ་དམག་གི་མཐུན་འགྱུར་རོགས་རམ་སྦྱར་རྒྱུའི་གྲོས་ཆོད་གཏན་འབེབས་བྱུང་བ་ལུང་འདྲེན་དང་འབྲེལ། ཐེ་ཝན་གྱིས་ཨ་རི་ནས་དམག་གི་གོ་མཚོན་ཉོ་བ་རྣམས་གང་མགྱོགས་ཆེད་གཏོང་གིས་ཁུལ་དེའི་རྒྱལ་སྲུང་ཀྱི་ནུས་པ་གོང་འཕེལ་ཐད་རམ་འདེགས་ཞུ་རྒྱུ་ཡིན་པའི་ཁས་ལེན་གནང་འདུག

གནད་དོན་དེ་དང་འབྲེལ་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ Mao Ning ཡིས་ཁ་སང་རེས་གཟའ་ཟླ་བའི་ཉིན་གྱི་གསར་འགོད་གསལ་བསྒྲགས་སྐབས། ཨ་རིས་རྒྱ་གཞུང་ལ་ཁོང་ཁྲོ་བསླངས་ཡོད་ཅིང་། རྒྱ་ནག་དམར་ཤོག་ཚོགས་པའི་ངོས་ནས་མུ་མཐུད་རང་ཉིད་ཀྱི་ས་ཁོངས་བདག་དབང་སྲུང་ཆེད་ནུས་པ་གང་ཡོང་སྤུངས་རྒྱུ་ཡིན་ཞེས་བརྗོད་པ་སྦྲགས། རྒྱ་གཞུང་ནས་ཨ་རི་དང་ཐེ་ལྦན་གཉིས་དབར་གྱི་དམག་ཐབས་ཀྱི་འབྲེལ་བར་ངོ་རྒོལ་དང་། འབྲེལ་ཡོད་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ནས་ཐེ་ལྦན་རང་བཙན་འདོད་མཁན་གྱི་ཁ་བྲལ་རིང་ལུགས་པའི་དམག་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་པ་བརྗོད་འདུག

རྩ་བའི་ཐེངས་འདིའི་ཐེ་ལྦན་ནང་གི་འཚམས་གཟིགས་ཁྲོད། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ Michael McCaul དང་ལྷན། California ཀེ་ལི་ཕོར་ནི་ཡའི་གྲོས་ཚོགས་འཐུས་མི་ Young Kim དང་ Jimmy Panetta ལགས། དེ་བཞིན་South Carolina ལྷོ་ཀེ་རོ་ལི་ན་ཡི་གྲོས་ཚོགས་འཐུས་མི་ Joe Wilson ལགས། Kentucky ཀེན་ཊག་ཀི་ནས་ Andy Barr ལགས་དང་། Pennsylvania པེན་སིལ་ལྦ་ནི་ཡ་ནས་ Chrissy Houlahan ལགས་བཅས་ནས་ལྷན་བཅར་གནང་ཡོད་པའི་ཐོག་ཁུལ་དེར་འདི་ཚེས་ ༣༠ བར་བཅས་བདུན་གཅིག་གི་རིང་བཞུགས་གཏན་འཁེལ་ཡོད་པ་རེད་འདུག མ་ཟད་ཐེངས་འདིའི་འཚམས་གཟིགས་དེ་བཞིན་ཐེ་ལྦན་སྲིད་འཛིན་ Lai Ching-te མཆོག་གིས་སྲིད་འཛིན་དམ་འབུལ་བཞེས་རྗེས་ཀྱི་ཨ་རིའི་གཞུང་འབྲེལ་མི་སྣ་ཐེ་ལྦན་དུ་འཚམས་གཟིགས་སུ་ཕེབས་པ་ཐོག་མ་དེ་ཡིན་པ་རེད།

CNN གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། སྐུ་ཞབས་ McCaul ལགས་སྔ་ལོའི་ཕྱི་ཟླ་ ༤ པའི་ནང་དུའང་ཐེ་ཝན་དུ་ཆེད་ཕེབས་ཀྱིས། སྐབས་དེར་སྲིད་འཛིན་ལྕམ་སྐུ་ Tsai Ing Wen མཆོག་དང་ལྷན་མཇལ་འཕྲད་ཞུ་མྱོང་བ་མ་ཟད། རྒྱ་ནག་ངོས་ནས་སྐབས་དེར་ཡང་ཐེ་ཝན་གྱི་མཚོ་ངོགས་སུ་དྲག་དམག་བརྒྱུད་མཚོ་གླིང་དེར་ཉེན་བརྡའི་རྣམ་པ་བཏོན་པ་མ་ཟད། རྗེས་སུ་སྐུ་ཞབས་ McCaul ལགས་སུ་སྲིད་དོན་ཉེས་ཆད་ཡང་བཀལ་ཡོད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།