Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་པོ་ཁྱད་མེད་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་བཞིན་པ་དེ་ནི་༸གོང་ས་མཆོག་གིས་༸སྐུ་ལས་བསྐྱོན་པའི་མཛད་རྗེས་ཤིག་རེད། 

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཁ་སང་ ཕྱི་ཟླ་ ༡༠ ཕྱི་ཚེས་ ༡༧ ཉིན་མོ་ནི་དེ་སྔ་ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡུལ་དེའི་གྲོས་ཚོགས་ཀྱི་ཆེས་མཐོའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༡༦ ཧྲིལ་པོ་འཁོར་བའི་ཉིན་མོ་ཡིན་པ་ལྟར། ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ཡུལ་དེའི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་གཅིག་ལྷན་འཛོམས་ཀྱིས་ཉིན་མོ་སྲུང་བརྩིའི་མཛད་སྒོ་ཚོགས་འདུག

དུས་སྟོན་མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ Nancy Pelosi མཆོག་དང་ཡུལ་དེའི་ཆབ་སྲིད་ཚོགས་གཉིས་ཀ་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་དང་སྐུ་ཞབས་ Chris Smith ལགས་གཙོས་གཞན་ཁག་གཅིག་དང་འབྲེལ་ཡོད་ལས་བྱེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་སྒྲུབ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས་དང་འབྲེལ་ཡོད་ལས་བྱེད། གཞན་ཡང་ས་གནས་སུ་ཡོད་པའི་གནད་ཡོད་མི་སྣ་སོགས་ནས་ལྷན་འཛོམས་གནང་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས། ཨ་རིའི་གྲོས་ཆོགས་ཀྱིས་༸གོང་ས་མཆོག་ལ་ཆེས་མཐོའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པ་དེ་ནི་༸གོང་མཆོག་༸སྐུ་སྒེར་གྱི་མཛད་རྗེས་ལ་ཆེ་བསྟོད་ཞུས་པ་ཙམ་མ་ཡིན་པར་གཟེངས་རྟགས་དེའི་ཐོག་ནས་བོད་མི་སྤྱི་དང་ལྷག་པར་རྒྱ་གཞུང་གི་གདུག་རྩུབ་འོག་མནར་གཅོད་མྱོང་བཞིན་པའི་གཞིས་བཞུགས་བོད་མི་ཚོའི་སྙིང་སྟོབས་དང་ལྷག་བསམ་རྒྱུན་གནས་ཐུབ་རྒྱུའི་མཚོན་དོན་ཞིག་ཀྱང་ཆགས་ཡོད་པ་སོགས་གསུངས་པ་དང་ཆབས་ཅིག ཆེས་མཐོའི་གཟེངས་རྟགས་འབུལ་བཞེས་ཀྱི་བརྒྱུད་རིམ་ཁྲོད་༸སྐུ་ལས་བསྐྱོན་མཁན་འབྲེལ་ཡོད་ཀུན་ལ་བཀའ་དྲིན་ཆེ་ཞེས་གསུངས་འདུག  

དེ་བཞིན་ལྕམ་སྐུ་ Nancy Pelosi མཆོག་གིས་༸གོང་ས་མཆོག་དང་ཐོག་མར་མཇལ་འཕྲད་བྱུང་སྐབས་ཀྱི་དུས་ཚིགས་དང་དེ་སྔ་བོད་ནང་ལ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པའི་མྱོང་བ་ཁག་དྲན་གསོ་གནང་བར་མ་ཟད། ད་ལྟའི་ཆར་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་པོ་ཁྱད་མེད་ཀྱིས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་གནང་བཞིན་པ་དེ་ནི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུ་ལས་བསྐྱོན་པའི་མཛད་རྗེས་ཤིག་ཡིན་པ་དང་རིང་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ བདག་གིར་བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་སྲུང་བརྩི་གཟབ་རྒྱས་ཤིག་ཞུ་ཐུབ་རྒྱུར་ཐུགས་རེ་བ་ཡོད་ཅེས་གསུངས་འདུག    

མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་ཀྱིས་བྱམས་བརྩེ་དང་ཞི་བདེ་གཞི་རྩར་བཟུང་བའི་༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དེ་དག་དམག་འཁྲུག་ཆེ་བའི་དེང་གི་དུས་སྐབས་ལ་དགོས་མཁོ་ཆེས་ཆེར་ཆགས་ཀྱི་ཡོད་པ་སོགས་གསུངས་པ་དང་སྦྲགས། ང་ཚོས་དེ་རིང་ཨ་རིའི་གྲོས་ཚོགས་ཀྱིས་༸གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་བའི་དུས་སྟོན་སྲུང་བརྩི་ཞུས་པ་དང་ལྷན་དུ་རྒྱ་ནག་གཞུང་གིས་བོད་ནང་ལ་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་གདུག་རྩུབ་ཅན་གྱི་བྱ་སྤྱོད་དེ་དག་དྲན་གསོ་ཞུ་དགོས་པར་མ་ཟད། རྒྱ་ནག་གཞུང་གི་ངོས་ནས་ཀྱང་༸གོང་ས་མཆོག་ནི་ཞི་བདེ་དང་ཞི་འགྲིག་གི་མཚོན་དོན་ངོ་མ་དེ་ཡིན་པ་ཤེས་པའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་གོ་སྐབས་ དམ་འཛིན་བྱེད་དགོས་ཞེས་གསུངས་འདུག

སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Chris Smith ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་སློབ་མ་རྣམས་བཙན་དབང་ཐོག་རྒྱ་གཞུང་གིས་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཅུག་པ་དང་། ༸ཀུན་གཟིགས་༸པཎ་ཆེན་རིན་པོ་གཙོས་བོད་མི་མང་དག་ཅིག་འཛིན་བཟུང་བཙན་ཁྲིད་དང་བཙུན་འཇུག་ཁྲིམས་ཐག་བཅད་པ་སོགས་རྒྱ་གཞུང་གི་བྱ་སྤྱོད་ཁག་ ཐེར་འདོན་དང་སྦྲགས། གནད་དོན་དེ་དག་དང་འབྲེལ་ཡོད་རྒྱ་ནག་གི་འགོ་ཁྲིད་ལ་ཨ་རིའི་ངོས་ནས་ཁྲིམས་ཆད་ནན་པོ་གཏོང་དགོས་པའི་ཞུ་སྐུལ་གནང་རྒྱུ་སོགས་ཀྱི་ལས་དོན་གཉེར་བཞིན་སྐོར་གསུངས་འདུག

གཞི་རྩའི་ཁ་སང་ཨ་རིའི་གྲོས་ཚོགས་ནང་གི་མཛད་རིམ་དེ་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བྱང་ཨ་རིའི་བོད་ཀྱི་སྐུལ་ཚབ་དོན་གཅོད་ལས་ཁུངས། དེ་བཞིན་རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་རིགས་ཚོགས་པ་བཅས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཆགས་ཡིན་པ་རེད། མཛད་སྒོའི་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས་དང་གྲོས་ཚོགས་འཐུས་མི་གཞན་ཁག་གཅིག་གིས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་མཛད་འཕྲིན་ལ་ཆེ་བསྟོད་ཀྱི་གསུང་བཤད་གནང་བར་མ་ཟད། ས་གནས་བོད་མི་ཁག་གཅིག་ནས་དུས་སྟོན་མཛད་སྒོ་དང་འབྲེལ་བའི་བསྟོད་གླུ་ཕུལ་ཡོད་པ་རེད། འབྲེལ་ཡོད་པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།