Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་སྲུང་བརྩི།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

ཁ་ཉིན་ཕྱི་ཟླ་ ༢ ཚེས་ ༢༡ ཉིན་ཆུ་ཡོས་བོད་ཀྱི་གནམ་ལོ་གསར་དུ་བཞེས་པའི་དགའ་སྟོན་དང་བསྟུན། ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་བོད་མི་རྣམས་ལ་ལོ་གསར་གྱི་འཚམས་འཕྲིན་ཞིག་སྤེལ་གནང་འདུག་པར་མ་ཟད་ཁ་སང་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་འདུག

དེ་ཡང་ཕྱི་ཚེས་ ༢༡ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲ་གནས་ཐོག་གསར་འགོད་བསྒྲགས་གཏམ་ཞིག་འདོན་སྤེལ་གནང་སྟེ་ཕྱི་སྲིད་དྲུང་ཆེ་ Bliinken མཆོག་གིས་བོད་མི་ཡོངས་ལ་ལོ་གསར་གྱི་འཚམས་འདྲི་དང་སྦྲགས། དེ་རིང་ཆུ་ཡོས་ལོའི་གནམ་ལོ་གསར་བཞད་ཀྱི་ཚེས་པ་གཅིག་འདིར་ཨ་རི་ནང་དུ་བཅའ་སྡོད་བོད་མི་ ༢༦༠༠༠ ཙམ་ཡོད་པ་གཙོས་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་པའི་བོད་མི་ཡོངས་ཀྱི་བྱམས་བརྩེ་དང་སྙིང་སྟོབས་ཞུམ་པ་མེད་པར་རྗེས་དྲན་ཞུས་པ་དང་འབྲེལ། ཨ་རིའི་ངོས་ནས་བོད་མི་རྣམས་ལ་ཐད་བྱུས་གང་ཡང་མེད་པའི་ཐོག་ནས་རང་ཉིད་ཀྱི་ཆོས་ཕྱོགས་དབུ་ཁྲིད་བདམ་རྒྱུ་གཙོས། ཐུན་མོང་མ་ཡིན་པའི་ཆོས་དང་རིང་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་བསྐྱར་ནན་གནང་འདུག

དེ་བཞིན་ཁ་སང་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྩམ་སྐུ་ Uzra Zeya མཆོག་ཆེད་ཕེབས་ཐོག་གཞུང་འབྲེལ་བོད་ཀྱི་ལོ་གསར་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས་ཡོད་པ་ལྟར་ལྕམ་སྐུ་ Uzra Zeya མཆོག་གིས་ཀྱང་བོད་མི་རྣམས་ལ་ལོ་གསར་པའི་འཚམས་འདྲི་གནང་བ་དང་སྦྲགས། བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ལ་རྒྱབ་སྐྱོར་བསྐྱར་ནན་གནང་འདུག་པ་མ་ཚད་པར་ཨ་རིས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་རྒྱབ་སྐྱོར་གང་ཐུབ་གནང་གི་ཡོད་པ་དང་། རྒྱལ་སྤྱིའི་མཐུན་ཕྱོགས་རྒྱལ་ཁབ་ཚོའི་ངོས་ནས་རྒྱབ་སྐྱོར་རག་ཐབས་གནང་བཞིན་ཡོད་པ་གསུངས་འདུག ཁ་སང་ཚོགས་པའི་ལོ་གསར་གྱི་མཛད་སྒོའི་ཐོག བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་དང་ལས་བྱེད་རྣམ་པ། དེ་བཞིན་ས་གནས་བོད་རིག་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བཅས་ཀྱི་ཚོགས་མི་མཉམ་ཞུགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།