Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་༸གོང་ས་མཆོག་ལ་མཇལ་བཅར།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

ཁ་སང་ཕྱི་ཚེས་ ༢༡ ཉིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་  Uzra Zeya མཆོག་དང་། ཨ་རི་སྲིད་འཛིན་གྱི་དམིགས་བསལ་ཕྱག་རོགས་ལྕམ་ Kelly Razzouk མཆོག་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་ཏེ། བོད་ནང་གི་འགྲོ་བ་མིའ་ཐོབ་ཐང་གི་གནས་སྟངས་གོང་འཕེལ་མཚོན་པའི་བོད་རྒྱ་གྲོས་མོལ་བསྐྱར་གསོ་ཡོང་བར་གྲོས་མོལ་དང་རྒྱབ་སྐྱོར་ཆེད་འདོན་གནང་འདུག

Photo: Uzra Zeya X (Twitter)

དེ་ཡང་ཁ་ཉིན་ཏེ། ཕྱི་ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ནེའུ་ཡོག་མངའ་སྡེའི་བྱང་ཕྱོགས་སའེ་ར་ཁྱུ་སི་ Syracuse ས་གནས་ཀྱི་ Nappi Farmhouse ནང་བདུན་ཕྲག་དྲུག་རིང་སྐུ་ངལ་གསོ་བཞུགས་མཛད་རྗེས་ནའུ་ཡོག་གྲོང་ཁྱེར་དུ་ཆིབས་བསྒྱུར་བཀའ་དྲིན་མཛད་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༡ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་གྲོང་ཁྱེར་དེའི་ནང་ཆེད་ཕེབས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་མ་ཟད། ཁོང་དང་མཉམ་དུ་ཨ་རི་སྲིད་འཛིན་གྱི་དམིགས་བསལ་ཕྱག་རོགས་དང་། ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་བགྲེས་པ་ལྕམ་ Kelly Razzouk མཆོག་ཀྱང་ལྷན་ཞུགས་གནང་ཡོད་ཅིང་། སྐབས་དེར་ལྕམ་སྐུ་ Uzra Zeya མཆོག་གིས་སྲིད་འཛིན་ Biden མཆོག་ནས་མགོན་པོ་༸གང་ཉིད་མཆོག་གི་སྐུའི་འཕྲོད་བཞེས་བཟང་པོ་ཡོང་ཆེད་འཚམས་འདྲི་དང་། ཨ་རིའི་ངོས་ནས་བོད་མིའི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་། སྐད་ཡིག རིག་གཞུང་། ཆོས་ཕྱོགས་བསྟི་གནས་ཁང་བཅས་ཀྱི་སྲུང་སྐྱོབ་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་སླད་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བསྐྱར་ནན་གནང་འདུག

Photo: OHHDL (His Holiness the 14th Dalai Lama, Sam and Carol Nappi) 20th August, 2024

ལྷག་པར་ལྕམ་སྐུ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཧྲིལ་པོར་འཚེ་མེད་ཞི་བ་དང་སྙིང་རྗེ་གོང་འཕེལ་སླད་དུ་བློས་བཏང་མཛད་པར་ཆེ་བསྟོད་དང་འབྲེལ། ད་ལྟའི་ཆར་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་དཀའ་ངལ་སེལ་ཐབས་དང་རིག་གཞུང་སྲུང་སྐྱོབ་ཐོག་ཨིའི་ངོས་ནས་འབད་བརྩོན་བྱེད་མུས་ཡིན་སྐོར་དང་། ལྷག་པར་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གཉིས་བར་གྲོས་མོལ་བསྐྱར་གསོ་སླད་དུ་ཨ་རིའི་ངོས་ནས་འབད་བརྩོན་ཇི་གནང་མངོན་གསལ་གནང་འདུག

༸གོང་ས་མཆོག་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya མཆོག་གཉིས་བར་མཇལ་མོལ་བྱུང་བའི་གནས་ཚུལ་ཐོན་མ་ཐག་རྒྱུན་ལྡན་བཞིན་ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ Liu Pengyu གིས་ཨ་རིས་ཏཱ་ལའི་བླ་མར་འབྲེལ་བ་བྱ་རྒྱུ་མེད་པའི་འབོད་སྐུལ་དང་། མཇལ་འཕྲད་དེར་སེམས་འཚབ་མངོན་གསལ་བྱས་འདུག

Photo: OHHDL 19th June

རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཞབས་པུར་སྨན་བཅོས་སླད་དུ་ཆིབས་བསྒྱུར་མ་མཛད་གོང་ཕྱི་ཟླ་ ༦ ཚེས་ ༡༩ ཉིན་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་བདུན་གྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷརྨ་སཱ་ལཱར་ཆེད་ཕེབས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་ཨ་རིའི་གྲོས་ཚོགས་ནང་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སྤྱན་འབུལ་ཞུས་ཡོད་པ་མ་ཟད། ཕྱི་ཟླ་ ༧ ཚེས་ ༡༢ ཉིན་སྲིད་འཛིན་ Joe Biden མཆོག་གི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་མཚན་རྟགས་བསྐྱོན་ཏེ་ཨ་རིའི་རྒྱལ་ཁབ་ཀྱི་ཁྲིམས་སུ་གཏན་འབེབས་གནང་ཡོད་པ་རེད།

མ་ཟད་སྲིད་འཛིན་ Biden མཆོག་གིས་དེ་སྔ་ཨ་རི་སྲིད་འཛིན་གྱི་འོས་མིར་བཞེངས་སྐབས་འོས་བསྡུའི་དྲིལ་བསྒྲགས་ཀྱི་གཏམ་བཤད་ཁྲོད། ཁོང་སྲིད་འཛིན་དུ་འདེམས་ཐོན་བྱུང་ཚེ་༸གོང་ས་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་གདན་ཞུས་ཀྱིས་མཇལ་འཕྲད་གནང་འདོད་ཡོད་སྐོར་གསུངས་པ་དང་འབྲེལ། ཉེ་སྔོན་མགོན་པོ་༸གང་ཉིད་མཆོག་གི་ཚ་བོ་དང་བོད་མི་མང་སྤྱི་ཟུར་མཁས་གྲུབ་དོན་གྲུབ་ལགས་ཀྱིས་ The Sunday Guardian གསར་ཁང་ཐོག་སྤེལ་བའི་དཔྱད་གཏམ་ཞིག་གི་ནང་། སྲིད་འཛིན་ Biden མཆོག་གིས་དེ་ལྟར་ཁས་ལེན་བྱས་པ་དེ་བོད་དོན་ལ་རྒྱབ་སྐྱོར་དང་བོད་ནང་རྒྱ་ནག་གི་དྲག་གནོན་སྲིད་བྱུས་ལ་ངོ་རྒོལ་བྱེད་པའི་རྣམ་འགྱུར་གལ་ཆེན་ཞིག་མཚོན་ཐུབ་ཀྱང་ཁོང་སྲིད་གྱི་ལོ་བཞིའི་དུས་ཡུན་མཇུག་སྒྲིལ་ལ་ཉེ་བའི་སྐབས་འདིར། ཁས་ལེན་དེ་ད་དུང་མངོན་འགྱུར་མ་བྱུང་བར་ལྷག་ཡོད་པ་དེས་སྲིད་གཞུང་གི་ཕྱིའི་འབྲེལ་ལམ་གྱི་གལ་གནད་དང་འགྲོ་བ་མིའི་ཐོབ་ཐང་ཐོག་གི་ལངས་ཕྱོགས་ལ་དོགས་པ་སློང་གི་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་ཀྱི་རང་དབང་ལ་བཅངས་པའི་ཨ་རིའི་དམ་བཅའ་བསྐྱར་ནན་གནང་བའི་གོ་སྐབས་ཤོར་ཡོད་སྐོར་གསུངས་ཡོད་པ་རེད།

ལྷག་པར་ཨ་རིའི་མི་སེར་ཡིན་པའི་བོད་མི་ཚོས་སྲིད་འཛིན་བྷའི་ཌན་ལ་༸གོང་ས་མཆོག་མཆོག་དང་མཇལ་འཕྲད་ཞུ་དགོས་པའི་ཞུ་སྐུལ་གྱིས་དྲ་ཐོག་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།