ཨ་རིའི་སྲིད་འཛིན་གྱི་འོས་བསྡུར་བོད་མི་རྣམས་ཀྱིས་ཐུགས་སྣང་ཆེན་པོ་གནང་བཞིན་པ།

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༥ སྟེ་རེས་གཟའ་མིག་དམར་ཉིན་ཨ་རིའི་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་གནང་གི་ཡོད་པ་དང་བསྟུན་བོད་མི་གཙོས་འཛམ་གླིང་གང་ས་ནས་ཨ་རིའི་སྲིད་འཛིན་གྱི་འོས་བསྡུར་ཐུགས་སྣང་ཆེན་པོ་གནང་བཞིན་ཡོད་པ་རེད།

Trump or Harris

དེ་ཡང་འདི་ལོའི་ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དང་བསྟུན། ཨ་རིའི་ནང་དུ་འདས་པའི་ཟླ་ཤས་རིང་ཡུལ་དེའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ད་ལྟའི་སྲིད་འཛིན་གཞོན་པ་ལྕམ་སྐུ་ Kamala Harris མཆོག་དང་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྲིད་འཛིན་ཟུར་པ་སྐུ་ཞབས་ Donald Trump མཆོག་གཉིས་དབར་འོས་བསྡུའི་དྲིལ་བསྒྲགས་ཀྱི་ལས་འགུལ་འགྲན་རྩོད་རྣོ་ངར་ཆེན་པོས་གནང་ཡོད་པ་དང་། སྤྱིར་ཨ་རིའི་རྒྱལ་ཡོངས་སུ་མངའ་སྡེ་སོ་སོའི་ཆེ་ཆུང་ལ་གཞིགས་ཏེ་འདེམས་འཐུས་ལྷན་ཚོགས་ཁྱོན་ ༥༣༨ ཡོད་པའི་ཁོངས་ནས་སྲིད་འཛིན་གྱི་འོས་མི་སུ་ལ་འདེམས་འཐུས་ལྷན་ཚོགས་ཀྱི་འོས་ཤོག་ ༢༧༠ ཐོབ་ཚེ་འོས་མི་དེ་ཨ་རིའི་འདེམས་ཐོན་སྲིད་འཛིན་ཆགས་ཀྱི་ཡོད་པ་རེད།

གཞི་རྩའི་ཨ་རིའི་ནང་འོས་འཕེན་པ་ཁྱོན་ས་ཡ་ ༢༤༠ ཡོད་པ་རྣམས་ལ་དངོས་གཞིའི་འོས་བསྡུ་ཉིན་ཙམ་མ་ཡིན་པར། སྦྲག་ཐོག་དང་དྲྭ་ལམ། དངོས་བཅར་བཅས་ཀྱི་ཐོག་སྔོན་ཚུད་ནས་འོས་ཤོག་འཕེན་རྒྱུའི་གོ་སྐབས་ཕུལ་སྲོལ་ཡོད་པ་བཞིན་འོས་འཕེན་པ་ས་ཡ་ ༨༠ ཙམ་ཞིག་གིས་ས་གནས་སོ་སོར་འོས་འཕངས་ཟིན་པ་མ་ཟད་སྦྲག་ཐོག་བརྒྱུད་ནས་འོས་བསྡུར་མཉམ་ཞུགས་གནང་ཡོད་ཅིང་། དེ་རིང་ཨ་རིའི་སྔ་དྲོའི་ཚོུད་ ༥ པ་ནས་ཨ་རིའི་རྒྱལ་ཡོངས་འོས་བསྡུ་དངོས་གཞི་འགོ་ཚུགས་ཀྱི་ཡོད་པ་རེད།

Trump or Harris

ད་ལྟའི་ཆར་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ལ་འཛམ་གླིང་གང་ས་ནས་ཐུགས་སྣང་ཆེན་པོ་གནང་བཞིན་པའི་ཁྲོད། བོད་མི་རྣམས་ཀྱིས་ཀྱང་དེ་དེ་བཞིན་གནང་གི་ཡོད་ཅིང་། དེའི་ཁྲོད་བོད་མི་ཨ་རིའི་མི་སེར་ཡིན་པ་མང་པོ་ཞིག་གིས་ཐུགས་ཁུར་ཆེན་པོའི་ཐོག་འོས་བསྡུ་ནང་མཉམ་ཞུགས་གནང་བ་མངོན་རྒྱུ་འདུག  ལྷག་པར་དུ་ད་ལན་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བོད་མི་རྣམས་ནས་སྲིད་འཛིན་གྱི་འོས་མི་རྣམ་པ་གཉིས་ཀྱི་སྲིད་བྱུས་དང་བཞེངས་ཕྱོགས་ལ་བགྲོ་གླེང་ཤུགས་ཆེན་པོ་གནང་བཞིན་ཡོད་སྟབས། རླུང་འཕྲིན་ཁང་གིས་རྒྱ་གར་གྱི་རྒྱལ་ས་ལྡེ་ལི་རུ་རྟེན་གཞི་བྱས་པའི་ Centre for China Analysis & Strategy ཞེས་རྒྱ་ནག་དཔྱད་ཞིབ་དང་ཐབས་ཇུས་ལྟེ་གནས་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཨ་པ་ལྷ་མོ་ལགས་དང་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་སུ་འོས་བསྡུ་ཆེན་མོའི་ཁྲོད་ཁོང་རྣམ་པ་གཉིས་ལས་སུ་ལ་རྒྱལ་ཁ་ཐོབ་པར་ཐུགས་རེ་གནང་བཞིན་ཡོད་པ་དང་དེས་བོད་དོན་ཐོག་བཞེངས་ཕྱོགས་ག་རེ་འཛིན་གནང་རྒྱུ་ཡིན་མེད་སྐོར་བཅར་འདྲི་ཞུས་པར་ཁོང་གཉིས་ཀྱིས་ལྕམ་སྐུ་ Kamala Harris མཆོག་ཨ་རིའི་སྲིད་འཛིན་གྱི་འོས་མིར་འོས་ཤིང་འཚམ་པ་གཟིགས་ཀྱི་ཡོད་ཅིང་། ལྕམ་སྐུ་ཁོང་ནས་རྒྱལ་སྤྱིའི་ནང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མང་གཙོ་དང་རང་དབང་ལ་ཆེ་མཐོང་གནང་རྒྱུའི་རིང་ལུགས་མུ་མཐུད་གནས་རྒྱུའི་སླད་རྒྱབ་སྐྱོར་གྱིས་བཞེངས་ཕྱོགས་འཛིན་བཞིན་ཡོད་པ་དེ་ལྟར་ཡང་སྲིད་འཛིན་ཟུར་པ་ Donald Trump མཆོག་ཨ་རིའི་སྲིད་འཛིན་དུ་འཁོད་ཚེ་རྒྱ་ནག་ལ་མཁྲེགས་བཟུང་གནང་ཡང་ཨ་རིའི་ཁྱོན་ཡོངས་ཀྱི་སྲིད་བྱུས་ལ་ཉམས་རྒུད་གཏོང་རྒྱུའི་ཉེན་ཁ་གཟིགས་ཀྱི་ཡོད་སྐོར་གསུངས་སོང་།

Trump or Harris

གཞི་རྩའི་ལྕམ་སྐུ་Kamala Harris མཆོག་ལ་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཐོབ་པ་ཡིན་ན། ཁོང་ཨ་རིའི་བུད་མེད་སྲིད་འཛིན་ཐོག་མ་ཙམ་མ་ཟད། མི་རིགས་དཀར་པོ་མ་ཡིན་པའི་བེུད་གཅིག་དང་། ལྷག་པར་དུ་རྒྱ་གར་གྱི་མི་རིགས་ཡིན་པའི་བེུད་སྲིད་འཛིན་ཐོག་མ་དེ་ཆགས་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།