Tibetan Royal Year of 2151 | Year of the Wood Dragon

ཨ་རིར་གནས་སྡོད་རྒྱ་རིགས་གཅིག་ལ་རྒྱ་ནག་གི་གསང་མྱུལ་བ་ཡིན་པའི་ནག་ཉེས་བཙུགས་འདུག

Tibetan News Headlines

  • Dalai Lama gives teachings to devotees from Southeast Asia
  • Tibetan MPs grill Kashag on Home report: Sikyong pledges support for unemployed youth
  • China launches a new propaganda center in Lhasa to reshape international public opinion on Tibet
  • Delhi hosts 2nd international Buddhist conclave on mindful communication and sustainable development
  • New US administration congressionally mandated to work towards settlement of Tibetan issue: Tibet rights group

རེས་གཟའ་ཕུར་བུ། ༢༠༢༤།༠༩།༡༢

  • ༸གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤི་ཡའི་དད་ལྡན་པ་རྣམས་ལ་བདེན་པ་བཞིའི་བཀའ་ཆོས་སྩལ་བ།
  • རིག་རྩལ་ཅི་ཞིག་སྦྱང་འདོད་པ་གོ་སྐབས་མ་ཐོབ་མཁན་ན་གཞོན་ལས་མེད་ལ་བཀའ་ཤག་གི་གཟིགས་རྟོགས་གནང་རྒྱུའི་ཁས་ལེན་ཡིན་ཞེས་གསུངས་སོང་།
  • རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲོད་བོད་ཀྱི་གནད་དོན་སྐོར་འཁྱོག་བཤད་དྲིལ་བསྒྲགས་ཀྱི་ལས་དོན་ནུས་ལྡན་བཟོ་རྒྱུར་དམིགས་པའི་ལྟེ་གནས་གསར་འཛུགས།
  • བོད་ཀྱི་གནད་དོན་དེ་ཨ་རྒྱ་གཉིས་ཀྱི་འབྲེལ་བའི་བར་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་འདུག
  • རྒྱལ་ས་ལྡི་ལིའི་ནང་རྒྱལ་སྤྱིའི་ནང་པའི་བརྒྱུད་ལམ་ལྷན་ཚོགས་ཐེངས་གཉིས་པ་བསྐོང་ཚོགས།

རང་ལོ་ ༦༧ ལ་སོན་པའི་ Yuanjun Tang ཞེས་ཨ་རིར་གནས་སྡོད་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་གྱི་རྒྱ་རིགས་ཤིག་ལ་པེ་ཅིང་གསང་བའི་ལས་ཁུངས་ཀྱི་གསང་མྱུལ་བ་ཡིན་པའི་ཁྲིམས་ཐོག་ནས་ཉེས་འཛུགས་བྱས་འདུག

Yuanjun Tang
Yuanjun Tang

དེ་ཡང་ BBC གསར་ཁང་གིས་ཨ་རིའི་ཁྲིམས་ཞིབ་ལྷན་ཁང་ནས་ཁ་ཉིན་རེས་གཟའ་ལྷག་པའི་ཉིན་འདོན་སྤེལ་གནང་བའི་བསྒྲགས་གཏམ་ཞིག་ལུང་འདྲེན་གནང་བར་གཞིགས་ན།  ད་ལྟའི་ཆར་ཨ་རིའི་མི་སེར་དུ་གྱུར་ཟིན་པའི་ Yuanjun Tang གྱིས་ཨ་རིར་གནས་སྡོད་རྒྱ་རིགས་དམངས་གཙོ་འཐབ་རྩོད་པ་དང་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཚོར་གསང་བའི་སྒོ་ནས་མྱུལ་ཞིབ་བྱས་ཡོད་པ་མ་ཟད་ཨ་རིའི་ FBI འམ་དབུས་གསང་བའི་ལས་ཁུངས་ལ་རྫུན་གཏམ་བཤད་ཡོད་པའི་ཉེས་མིང་འོག་འཛིན་བཟུང་གིས་ཁྲིམས་ཐོག་ནས་ཉེས་འཛུགས་བྱས་འདུག

ཨ་རིའི་ཁྲིམས་ཞིབ་ལྷན་ཁང་གི་བསྒྲགས་གཏམ་ནང་གསལ་ལྟར་ན། Yuanjun Tang ནས་ཨ་རིའི་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོ་འགོད་མ་བྱས་པའི་གསང་མྱུལ་ལས་དོན་བསྒྲུབ་རྒྱུའི་ལྐོག་ཇུས་བཤམས་པ་དང་། ཨ་རིའི་དབུས་གསང་བའི་ལས་ཁུངས་ལ་དངོས་སུ་རྫུན་གཏམ་བཤད་ཡོད་པ་མ་ཟད། ད་དུང་ཁོང་གིས་ཕྱི་ལོ་ ༢༠༡༨ ནས ༢༠༢༣ བར་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་བཀའ་བཀོད་ལྟར་ཡུལ་དེའི་གསང་བའི་ལས་དོན་བསྒྲུབས་ཡོད་པའི་འགྲེལ་བརྗོད་གནང་འདུག

Yuanjun Tang

རྒྱལ་ཁབ་བདེ་འཇགས་ལས་ཁུངས་དེ་ནས་ Yuanjun Tang ལ་གློག་འཕྲིན་དང་། གསང་བརྡའི་ཐོག་སྐད་ཆ་ཤོད་རེས་སོགས་བརྒྱུད་ནས་རྒྱུན་དུ་བཀོད་བྱུས་གཏོང་གི་ཡོད་པ་མ་ཟད།  ད་དུང་ཁོང་གིས་ཨ་རིར་གནས་སྡོད་རྒྱ་མིའི་མང་གཙོ་དོན་གཉེར་བ་དང་གཞུང་ལ་མི་དགའ་མཁན་གྲགས་ཅན་ཁག་ཐེ་བའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་སྐྱོན་གཏོང་སྲིད་པའི་མི་སྒེར་དང་ཚོགས་པ་ཁག་གི་སྐོར་ལ་རྒྱ་ནག་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་གསང་ཞིབ་ལས་བྱེད་ཅིག་ལ་བཀོད་འདོམས་དང་སྙན་སེང་རྒྱུན་དུ་ཞུས་ཡོད་པ་བརྗོད་འདུག

དེ་བཞིན་ཁོང་གིས་རྒྱ་ནག་གི་གསང་ཞིབ་ལས་བྱེད་དང་ལྷན་དུ་ངོ་འཕྲད་ཆེད་ཉུང་མཐར་ཡང་ཐེངས་གསུམ་ཙམ་ཕྱི་རྒྱལ་དུ་བསྐྱོད་པ་དང་འབྲེལ།  རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལ་མི་དགའ་མཁན་ཚོས་མང་གཙོ་དོན་གཉེར་གྱི་གནད་དོན་སྐོར་ལ་འབྲེལ་གཏུགས་བྱེད་ཆེད་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་ཆེད་བེད་སྤྱོད་བྱེད་པའི་གསང་བརྡའི་མཉེན་ཆས་ནང་སིམ་འཛུལ་བྱ་རྒྱུའི་རོགས་རམ་བྱས་ཡོད་པ་ཐེར་འདོན་གནང་འདུག

Tianamen Massacre
Tianamen Massacre

CBS གསར་འགྱུར་བརྒྱུད་ལམ་ནས་ Yuanjun Tang གིས་རྒྱ་ནག་གཞུང་གི་ཆེད་དུ་སོ་མྱུལ་གྱི་ལས་དོན་སྒྲུབ་དགོས་དོན་གཙོ་བོ་ནི་རྒྱ་ནག་སྐམ་སར་གནས་སྡོད་རང་གི་ནང་མི་ཐུག་རྒྱུའི་སླད་ཡིན་པར་ཁས་ལེན་བྱས་ཡོད་པར་གསལ་འདོན་གནང་འདུག

གཞི་རྩའི་ཁྲིམས་ཁང་གི་ཡིག་ཆ་ལྟར་ན། Yuanjun Tang གིས་དེ་སྔ་ཕྱི་ལོ་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་མང་གཙོའི་ལས་འགུལ་ནང་མཉམ་བཞུགས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱས་ཡོད་པར་བརྟེན་བཙོན་ཁང་དུ་བཞུགས་མྱོང་ཡོད་པ་དང་། ཕྱི་ལོ ༢༠༠༢ ལོ་ཙམ་ལ་ཁོང་ཐའེ་ཝན་ལ་བྲོས་བྱོལ་གྱིས་ཕྱིས་སུ་ཨ་རིར་ཆབ་སྲིད་སྐྱབས་བཅོལ་ཐོབ་ཡོད་པ་ཞིག་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།