Tibetan Royal Year of 2151 | Year of the Wood Dragon

ཨ་རིས་རྒྱ་ནག་གི་ Huwei ཚོང་ལས་ཁང་གི་ལས་མི་ཁག་ཅིག་གི་མཐོང་མཆན་བཀག་སྡོམ་གནང་འདུག

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཉེ་ཆར་ཨ་རིའི་ངོས་ནས་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་དེ་ཕྱག་བསྟར་བརྒྱུད་ཨ་རིའི་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ། དེ་བཞིན་སྲིད་དོན་པ་དང་གཞུང་འབྲེལ་ལས་བྱེད་སོགས་བོད་ནང་ཕེབས་རྒྱུར་བཀག་སྡོམ་བྱེད་མཁན་རྒྱ་གཞུང་གི་དཔོན་རིགས་ཚོ་ཨ་རིར་ཡོང་རྒྱུར་དམ་དྲག་གནང་རྒྱུ་ཡིན་པ་ཡོངས་གྲགས་གནང་ཡོད་པ་མ་ཟད། ཁ་སང་སླར་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Mike Pompeo མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་རྒྱ་ནག་གི་འཕྲུལ་ལས་ཚོང་གཉེར་ཁང་ Huawei ཡི་ལས་མི་རྣམས་ཀྱི་མཐོང་མཆན་བཀག་སྡོམ་གནང་རྒྱུ་ཡིན་པ་གསུངས་འདུགསྐུ་ཞབས་ Pompeo མཆོག་གིས་གསར་འགོད་ལྷན་ཚོགས་དེའི་ཐོག་ཨ་རི་གཞུང་གིས་ལོ་མང་རིང་ནས་འཛམ་གླིང་ནང་ཆེས་བཙན་གནོན་གྱི་དྲག་སྤྱོད་དང་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་མ་ཐུབ་མཁན་ཚོའི་སྐུ་ཚབ་ལྟ་བུའི་ཕྱག་ལས་གནང་གི་ཡོད་པ་མ་ཟད། ལྷག་དོན་རྒྱ་ནག་དམར་ཤོག་ཚོགས་པས་ཡུལ་དེའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་བའི་གནད་དོན་ཐད་འཛེམ་ཟོན་མེད་པར་སྐྱོན་བརྗོད་གནང་གི་ཡོད་སྐོར་འགྲེལ་བརྗོད་དང་འབྲེལ། ད་རེས་ཨ་རི་གཞུང་གི་ངོས་ནས་ཕྱི་མི་གཞིས་སྤོས་དང་མི་སེར་སྲུང་སྐྱོབ་དང་འབྲེལ་བའི་ཁྲིམས་ཡིག་དགོངས་སོན་ལྟར་གོ་ལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་གཞི་གྱུར་པའི་ལས་དོན་གཉེར་མཁན་རྒྱ་ནག་གི་ Huawei ཚོང་ལས་ཁང་གི་ལས་མི་ཁག་ཅིག་གི་མཐོང་མཆན་བཀག་སྡོམ་གནང་རྒྱུ་ཡིན་པ་ཡོངས་གྲགས་གནང་འདུགཁོང་གིས་ད་དུང་རྒྱ་ནག་གི་འཕྲུལ་ལས་ཚོང་གཉེར་ཁང་ Huawei ཡི་ལས་མི་ཚོས་གསང་ཞིབ་མྱུལ་ལྟའི་འཕྲུལ་ཆས་དུ་མ་བཟོས་ནས་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་རྣམས་དང་ཤིན་ཅང་ནང་ཟུར་དུ་བཀག་སྐྱིལ་འོག་ཡོད་པའི་མང་ཚོགས་ཐོག་ལ་དམ་དྲག་གིས་ཞིབ་བཤེར་བྱེད་བཞིན་པ་མངོན་གསལ་དང་སྦྲགས། Huawei ཚོང་ལས་ཁང་ནི་མང་ཚོགས་ལ་དམ་དྲག་བྱེད་མཁན་རྒྱ་ནག་གི་ལག་པ་ལྟ་བུ་ཡིན་སྐོར་འགྲེལ་བརྗོད་གནང་བ་མ་ཟད། རྒྱལ་སྤྱིའི་ཁྱོན་དུ་ཡོད་པའི་འཕྲིན་གཏོང་གི་ཚོང་ལས་ཁང་གཞན་ཚོས་ཀྱང་ཧཱ་ཝཡི་ཚོང་ལས་ཁང་དང་ལག་འབྲེལ་གནང་རྒྱུ་མེད་པ་དང་། གལ་ཏེ་ཚོང་ལས་ཁང་གཞན་ཚོའི་ངོས་ནས་དེ་དང་འབྲེལ་བ་གནང་ཚེ་དེ་དག་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་བཏང་བར་ངོས་འཛིན་གྱིས་འཇུག་འབྲས་དེ་ལྟར་ཡོང་ངེས་ཡིན་པའི་ཉེན་བརྡའ་བཏང་འདུགདེ་བཞིན་སྐུ་ཞབས་ Pompeo མཆོག་ལ་ཟུར་དུ་ཨ་རིའི་ངོས་ནས་ Tiktok ལྟ་བུ་རྒྱ་ནག་གི་མཉེན་ཆས་ཁག་ཅིག་བཀག་སྡོམ་གནང་རྒྱུའི་འཆར་གཞི་ཡོད་མེད་དང་འབྲེལ་བའི་བཅར་འདྲི་ཞུས་འདུག་པ་དེར་མཉེན་ཆས་དང་ཚོང་ལས་ཁང་། འཛུགས་སྐྲུན་སོགས་གང་འདྲ་ཞིག་ཡིན་རུང་ཨ་རི་གཞུང་གི་ངོས་ནས་ཡུལ་དེའི་མང་ཚོགས་ཀྱི་སྒེར་གྱི་གསང་བའི་གནད་དོན་རྣམས་སྲུང་སྐྱོབ་ཆེད་རྒྱ་ནག་གི་ལག་ཏུ་མ་ཤོར་བར་ཐུགས་སྣང་ཆེན་པོ་གནང་བཞིན་པ་དང་། ཨ་རི་གཞུང་གི་ངོས་ནས་མུ་མཐུད་སྒེར་གྱི་གསང་བའི་གནད་དོན་དང་ཐད་ཀར་འབྲེལ་བ་ཆགས་པའི་རྒྱ་ནག་གི་འཕྲིན་གཏོང་འཕྲུལ་ལས་ཁང་གཞན་ཚོའི་ཐོག་ལའང་ཐག་གཅོད་རིམ་པ་གནང་རྒྱུ་ཡིན་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།