Tibetan Royal Year of 2151 | Year of the Wood Dragon

ཨ་རུ་ན་ཅལ་མངའ་སྡེ་ནང་འཛུལ་བཞུགས་ཆོག་པའི་ཆོག་མཆན་སྤྲོད་ཕྱོགས་དམ་དུ་གཏོང་བ།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

ཉེ་ཆར་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་བོད་དང་ས་འབྲེལ་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་གཞུང་ནས་ཁུལ་དེའི་ནང་དུ་ཕྱི་མི་འགྲོ་སྐྱོད་ཀྱི་ལམ་ལུགས་དེ་ཆེས་དམ་དུ་གཏོང་རྒྱུ་དང་། ལམ་ལུགས་དེའི་འོག་ཨ་རུ་ན་ཅལ་ནང་གནས་སྡོད་ཡུལ་མི་མིན་ན་ Inner Line Permit ཞེས་མངའ་སྡེ་དེའི་ནང་དུ་འཛུལ་བཞུགས་ཆོག་པའི་ཆག་མཆན་ངེས་པར་དུ་ལེན་དགོས་པ་བཟོ་རྒྱུ་རེད་འདུག

Arunachal Inner Line Permit

རྒྱ་གར་གྱི་གསར་ཁང་ཆེ་གྲས་ཁག་གཅིག་གི་ནང་གནས་ཚུལ་ཐོན་པ་ལྟར་ན། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་གཟའ་འཁོར་འདིའི་རེས་གཟའ་ཟླ་བའི་ཉིན་རྒྱལ་ས་ Itanagar ནང་གཞུང་འབྲེལ་དཔོན་རིགས་མཐོ་གྲས་ཁག་གཅིག་དང་ AAPSU ཞེས་ཨ་རུ་ན་ཅལ་རྒྱལ་ཡོངས་སློབ་ཕྲུག་མཐུན་ཚོགས་ཀྱི་འགོ་ཁྲིད་ཚོའི་ལྷན་དུ་ཚོགས་འདུ་ཞིག་བསྐོང་ཚོགས་བརྒྱུད་མངའ་སྡེའི་ནང་དུ་མི་སྣ་འགྲོ་སྐྱོད་ཆོག་མཆན་གྱི་ལམ་ལུགས་དེ་སྔར་ལྷག་ཤུགས་ཆེ་རུ་གཏོང་དགོས་གལ་འགྲེལ་བརྗོད་གནང་བ་མ་ཟད།། དེའང་གཙོ་བོ་ས་གནས་ཀྱི་མི་མ་ཡིན་པ་རྣམས་ཁྲིམས་འགལ་གྱིས་མངའ་སྡེའི་ནང་འཛུལ་བ་དང་ཡུན་རིང་སྡོད་པ་སོགས་འགོག་ཐབས་དང་འབྲེལ་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་ལས་ཡུལ་དེ་གར་སྐྱེས་པའི་ཡུལ་མི་ཚོ་སྲུང་སྐྱོབ་བྱ་རྒྱུ་སླད་ཡིན་པ་འགྲེལ་བརྗོད་གནང་འདུག

སྐབས་དེར་ཨ་རུ་ན་ཅལ་སློབ་ཕྲུག་ཡོངས་ཀྱི་མཐུན་ཚོགས་ནས་ཀྱང་དེ་འབྲེལ་གནད་དོན་སྐོར་དཔྱད་ཞིབ་བྱས་ཏེ་ད་ལྟའི་ལམ་ལུགས་དེ་སྲ་བརྟན་བཟོ་རྒྱུའི་ཐབས་ལམ་སྐོར་ལ་བསམ་འཆར་བཏོན་གནང་འདུག

Arunachal Inner Line Permit

གཞི་རྩའི་ཨ་རུ་ན་ཅལ་མངའ་སྡེ་ནང་དུ་བོད་མི་བཙན་བྱོལ་བའི་གཞིས་ཆགས་གསུམ་ཙམ་ཡོད་ཅིང་། བོད་མི་འདི་དག་གི་ཁྲོད་ནས་མང་པོ་ཞིག་མངའ་སྡེ་འདིའི་མི་འབོར་གྱི་ཆ་ཤས་ཤིག་དང་མི་རིགས་ཀྱི་ཆ་ནས་འབྲེལ་བ་ཡོད་པ་རེད།

གནད་དོན་དེའི་སྐོར་རླུང་འཕྲིན་ཁང་ནས་ཨ་རུ་ན་ཅལ་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་རབ་བརྟན་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་ཆོག་མཆན་དེ་གཙོ་བོ་ཡུལ་སྐོར་སྤྲོ་འཆམ་པའི་ཆེད་དུ་ཡིན་པ་དང་། གནད་དོན་དེས་ས་གནས་གཞིས་མི་ཚོར་གང་གི་ཆ་ནས་ཤུགས་རྐྱེན་མེད་ཀྱང་། རྡ་ས་ནས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མི་སྣ་སོགས་ཕྱི་ཕྱོགས་ཀྱི་བོད་མི་རྣམས་ཁུལ་དེར་ཆེད་ཕེབས་སྐབས་ཆོག་མཆན་དེ་ངེས་པར་དུ་ཞུ་དགོས་ཀྱི་ཡོད་པ་གསུངས་སོང་།

Tawang Gateway

རྩ་བའི་ Inner Line Permit འམ་མངའ་སྡེ་ནང་འགྲོ་སྐྱོད་ཀྱི་ཆོག་མཆན་ལམ་ལུགས་དེ་ Bengal Eastern Frontier Regulation, 1873 ཞེས་བྷང་ག་ལའི་ཤར་ཕྱོགས་ས་མཚམས་སྒྲིག་གཞི་ཨང་ ༡༨༧༣ འོག་རྒྱ་གར་གྱི་ཡུལ་མི་རྣམས་ལམ་ལུགས་དེ་ལག་བསྟར་གྱིས་མངའ་སྡེ་ཞིག་ལ་དུས་ཡུན་ངེས་ཅན་ཞིག་དང་དམིགས་ཡུལ་ངེས་ཅན་ཞིག་གི་ཆེད་དུ་འགྲོ་ཆོག་པའི་གཞུང་འབྲེལ་གྱི་འགྲུལ་བཞུད་ཡིག་ཆ་ཞིག་རེད། རྒྱ་གར་ལས་དོན་ལྷན་ཁང་གི་ལམ་ལུགས་དེ་ཨ་རུ་ན་ཅལ་མངའ་སྡེ་དང་། Nagaland, Mizoram དེ་བཞིན་ Manipur བཅས་ལ་ཡོད་པ་རེད་འདུག

ཉེ་ཆར་མངའ་སྡེའི་ཉེན་རྟོག་པས་ཁྲིམས་སྒྲིག་དེ་དང་འགལ་བའི་མི་གྲངས་ ༡༥༥ ངོས་འཛིན་གྱི་འཛིན་བཟུང་བྱས་འདུག་པས། མངའ་སྡེའི་སྲིད་གཞུང་གིས་མི་མང་ལ་ཁྲིམས་འགལ་གནས་སྤོ་མི་སྣ་ངོས་འཛིན་བྱེད་རྒྱུར་ཉེན་རྟོག་པ་དང་མཉམ་ལས་བྱེད་དགོས་པའི་ནན་སྐུལ་གྱིས་གལ་ཏེ་ཁྲིམས་འགལ་ཕྱི་མི་དང་གནས་སྤོ་མི་སྣ་ཡོད་ན་ཉེན་རྟོག་པར་སྙན་སེང་ཞུ་དགོས་པའི་རེ་བ་བཏོན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།