ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནས་བོད་ནང་གི་བཅའ་སྡོད་སློབ་གྲྭ་འཕྲལ་དུ་མཚམས་འཇོག་དགོས་པའི་བསྒྲགས་གཏམ་སྤེལ་འདུག

Tibetan News Headlines

  • In Depth :China’s 15th Five-Year Plan Signals Political Priorities Over Tibetan Development
  • Art and Culture : In Conversation with Dhondup Tsering, the Ladakh TCV Teacher Who Wears Many Hats

ཪེས་གཟའ་ཉི་མ། ༢༠༢༦།༠༤།༡༢

  • རྒྱ་ནག་གི་ལོ་ལྔ་ཚན་གྱི་འཆར་གཞི་ཐེངས་ ༡༥ པ་དང་འབྲེལ་གླེང་མོལ།
  • སྒྱུ་རྩལ་གྱི་གླེང་སྟེགས། དོན་གྲུབ་ཚེ་རིང་ལགས་ཀྱི་སྒྱུ་རྩལ་གྱི་ལམ་བུ།

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པས་ཁ་སང་ཡུལ་དེའི་གྲོས་ཚོགས་ནང་། རྒྱ་ནག་གིས་བཙན་པོའི་དབང་ཤེད་ཐོག་བོད་ཀྱི་བྱིས་པ་རྣམས་རང་གི་ནང་མི་ཉེ་འབྲེལ་དང་ཁ་བྲལ་དུ་བཏང་སྟེ་བཅའ་སྡོད་སློབ་གྲྭ་ཟེར་བར་བཅུག་བཞིན་པའི་གྲངས་ཉུང་མི་རིགས་རྩ་མེད་ཀྱིས་མི་རིགས་མཉམ་བསྲེས་སྲིད་བྱུས་ལ་མཐའ་གཅིག་ཏུ་སྐྱོན་བརྗོད་དང་འབྲེལ།  དེ་དག་འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད།  བོད་མིར་རང་དབང་ཅན་གྱི་བོད་སློབ་འཛུགས་སྐྲུན་ཆོག་པ་བཟོ་དགོས་པ་སོགས་དོན་ཚན་བཞི་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་འདུག

Estonian Parliament Adopts “Statement in Defence of Tibetan Children”
Screenshot (Riigikogu, Astonia Parliament)

དེ་ཡང་དེ་རིང་བོད་མི་སྒྲིག་འཛུགས་ཀྱིས་འདོན་སྤེལ་གནང་བའི་གནས་ཚུལ་ནང་གསལ་ལྟར་ན།  ཁ་སང་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༡ ཉིན་ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་མི་ ༦ གིས།  ཡུལ་དེའི་གྲོས་ཚོགས་ལས་རིམ་ནང་ཆ་ཤས་བཞེས་པའི་བརྒྱུད།  བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་བསྒྲགས་གཏམ་འདོན་སྤེལ་གྱིས་གླེང་སློང་ཁྲོད།  ཁག་གཅིག་གིས་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་གི་བྱིས་པ་ལོ་ན་ ༤ ཡན་ཆད་ནས་རང་གི་ཕ་མ་དང་ཁ་བྲལ་དུ་བཏང་སྟེ་བཅའ་སྡོད་སློབ་གྲྭར་བཙན་གྱིས་བཅུག་བཞིན་པའི་སྐོར་ཐུགས་ཚོར་ཆེན་པོའི་བཀའ་མོལ་གནང་ཡོད་པ་དང་།  Ester Karuse ལྟ་བུའི་གྲོས་ཚོགས་འཐུས་མིས་བོད་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་སྐོར་གླེང་སློང་དང་འབྲེལ། བོད་དོན་ལས་འགུལ་ལྟེ་གནས་ཁང་གིས་འདོན་སྤེལ་གནང་བའི་ “When they came to take our children” ཞེས་པའི་བཅའ་སྡོད་སློབ་གྲྭའི་སྐོར་གྱི་སྙན་ཐོ་ལུང་འདྲེན་གནང་ཡོད་པ་མ་ཟད།  སྐུ་ཞབས་ Tõnis Lukas ལགས་དང་།  Henn Põlluaas, ལགས། Margit Sutrop ལགས་དང་།  Anti Poolamets ལགས།  དེ་བཞིན་ཨེ་སི་ཊོ་ནི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མིའི་ཚོགས་གཙོ་ Juku-Kalle Raid ལགས་བཅས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་བསྒྲགས་གཏམ་དེར་དམིགས་བསལ་རྒྱབ་སྐྱོར་ཡོད་པའི་བཀའ་མོལ་གནང་ཡོད་པ་རེད།  

Juku Kalle Raide
Juku Kalle Raide, Screenshot (Riigikogu, Astonia Parliament)

ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནང་འདོན་སྤེལ་གནང་བའི་བསྒྲགས་གཏམ་དེའི་ནང་།  རྒྱ་ནག་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་ལགས་བསྟར་དང་།  བོད་ནང་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་བྱས་པ་དེ་དག་གཙོ་བོ་བོད་མི་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་རྣམས་ཀྱི་སྐད་དང་ཡི་གེ་རིག་གཞུང་ཆོས་ལུགས་བཅས་རྩ་མེད་གཏོང་རྒྱུར་དམིགས་པ་ཞིག་ཡིན་པ་མངོན་གསལ་གནང་བ་མ་ཟད།  དེ་དག་འཕྲལ་དུ་མཚམས་འཇོག་དགོས་པའི་ཐོག་བོད་མིར་རང་དབང་ཅན་གྱི་བོད་སློབ་འཛུགས་སྐྲུན་ཆོག་པ་བཟོ་དགོས་པ་དང་།  དེ་བཞིན་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གཙོས་ཡུ་རོབ་རྒྱལ་ཁབ་ཁག་ནས་རྒྱ་ནག་ལ་ཡུ་རོབ་ཕྱི་འབྲེལ་མི་སྣར་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་ལ་གཟིགས་ཞིབ་ཐད་འགྲོ་འོང་གི་མཐོང་མཆན་སྤྲད་དགོས་གལ་དང་།  རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་དང་གསར་འགོད་པ་རྣམས་བོད་ནང་འཛུལ་ཞུགས་ཆོག་པ་བཟོ་དགོས་སྐོར་སྐུལ་མ་བྱེད་དགོས་པ།  ལྷག་པར་དུ་རྒྱལ་ཁབ་གཞན་ཁག་གི་གྲོས་ཚོགས་ནས་ཀྱང་བོད་ཀྱི་བྱིས་པ་སྲུང་སྐྱོབ་ཀྱི་བསྒྲགས་གཏམ་སྤེལ་ཏེ་ཡུ་རོབ་མཐུན་ཚོགས་དང་། མཉམ་འབྲེལ་རྒྱལ་ཚོགས། རྒྱ་ནག་གཙོས་པའི་རྒྱལ་ཁབ་གཞན་ཁག་ལ་བརྒྱུད་སྤྲོད་གནང་དགོས་གལ་སྐོར་སྐུལ་མ་གནང་འདུག

Astonian Parliamentarians Meeting HHDL
པར་དབང་། OHHDL

རྩ་བའི་ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ (Riigikogu) ནས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་འདོན་སྤེལ་ཐད།  མོས་མཐུན་གནང་མཁན་གྲོས་ཚོགས་འཐུས་མི་ཕལ་ཆེ་བ་སྔ་ལོ་བཞུགས་སྒར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་མཁན་རྣམས་ཡིན་པ་དང་།  བསྒྲགས་གཏམ་དེ་བཞིན་ཨེ་སི་ཊོ་ནི་ཡའི་གྲོས་ཚོགས་ནས་མང་མོས་ཐོག་འདོན་སྤེལ་གནང་བ་ཞིག་དང་དེའི་ཐོག་འཐུས་མི་གཅིག་ནས་དགག་པ་བསྐྱོན་མེད་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།