Tibetan Royal Year of 2151 | Year of the Wood Dragon

ཨོ་སི་ཊྲི་ཡ་དང་ཨི་ཊ་ལི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།

Tibetan News Headlines

  • HHDL is recovering exceptionally well, says Dr. Tsetan Dorji Sadutshang
  • For now, this is my temple: Devotees flock to the Dalai Lama’s hotel in NYC for circumambulation
  • We are born activists; Political consciousness is in us at a very young age: Bhutila Karpoche
  • 4 years of draconian National Security Law: RSF calls for greater support for diaspora-led media
  • India, China foreign ministers agree to resolve border issues at earliest
  • Health and Wellness : Dr. Tenzin Dechen on monsoon health precaution

རེས་གཟའ་ཕུར་བུ། ༢༠༢༤།༠༧།༠༤

  • ༸གོང་ས་མཆོག་༸སྐུའི་འཕྲོད་བཞེས་བཟང་པོ་ཡོད་པ་དང་དད་ལྡན་མི་མང་རྣམས་ཐུགས་བློ་བདེ་པོ་གནང་རོགས་ཞེས་གསུངས་འདུག
  • ༸གོང་ས་མཆོག་གི་བཞུགས་གནས་མགྲོན་ཁང་དུ་དད་ལྡན་པས་ཕྱག་འཚལ་སྐོར་སྦྱོང་གནང་བཞིན་པ།
  • བཙན་བྱོལ་བོད་མིའི་ཁྲོད་ཆབ་སྲིད་ཀྱི་བསམ་བློ་དེ་རང་བཞིན་ལྷན་རྒྱས་སུ་ཡོད་པ་གསུངས་འདུག
  • རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བཙན་བྱོལ་ནང་གི་གསར་ཁང་ཁག་ལ་རྒྱབ་སྐྱོར་གནང་དགོས་གསུངས་འདུག
  • རྒྱ་དཀར་ནག་གཉིས་ནས་གང་མགྱོགས་ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས་བྱ་རྒྱུ་ཡིན་པ་བརྗོད་འདུག
  • འཕྲོད་བསྟེན་ལེ་ཚན། ཆར་དུས་དང་ཆུ་ལོག་ཁྲོད་ཀྱི་ནད་རིགས་དང་དེར་གདོང་ལེན་གནང་ཕྱོགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ཟླ་ ༤ ཟླ་མཇུག་ཙམ་ནས་ཡོ་རོབ་རྒྱལ་ཁབ་ཁག་གཅིག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ་དང་བསྟུན། ཨོ་སི་ཊྲི་ཡ་དང་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་ཀྱིས་རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཛ་དྲག་གནས་སྟངས་སོགས་ཐེར་འདོན་གྱིས་ཞུ་འབོད་གནང་ཡོད་པ་རེད་འདུག

Friends of Tibet – Austria

དེ་ཡང་ ANI གསར་ཤོག་ཀྱི་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ Austria ཨོ་སི་ཊྲི་ཡ་རྒྱལ་ས་ Vienna ཝི་ན་ནང་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ Austria People’s Party ཨོ་སི་ཊི་ཡའི་མི་མང་ཆབ་སྲིད་ཚོགས་པའི་འཐུས་མི་ Gudurn Kugler ལགས་དང་ Green ལྗང་ཁུ་ཆབ་སྲིད་ཚོགས་པའི་འཐུས་མི་ Faika El-Nagashi ལགས་བཅས་མཇལ་འཕྲད་ཀྱིས་རྒྱ་གཞུང་གིས་བོད་ནང་མི་སེར་སྤེལ་ཡུལ་གྱི་གཏན་འཇག་བཅའ་སྡོད་སློབ་གྲྭའི་གནས་སྟངས་སྐོར་དང་། བོད་མིའི་ཆོས་དད་རང་དབང་དང་བོད་བརྒྱུད་ནང་བསྟན་གྱི་ལྟེ་གནས་ཁང་སྲུང་སྐྱོབ་དགོས་པའི་ཛ་དྲག་གི་གནད་དོན་གླེང་སློང་གིས་ཞུ་འབོད་གནང་ཡོད་པ་འཁོད་འདུག

Friends of Tibet – Austria

ལྷག་པར་སྲིད་སྐྱོང་མཆོག་གིས་བོད་འདི་ཉིད་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་ངོས་བཞེས་གནང་སྐྱོང་ཡོང་བ་དང་འབྲེལ། ད་ལྟའི་ཆར་བོད་རྒྱའི་དཀའ་རྙོག་སེལ་བར་གཉིས་སྨན་དབུ་མའི་ལམ་ནི་ཐབས་ལམ་རན་ཤོས་དེ་ཆགས་ཀྱི་ཡོད་པ་ནན་བརྗོད་གནང་ཡོད་མ་ཟད། གྲོས་ཚོགས་འཐུས་མི་རྣམས་ལ་རྒྱ་ནག་གི་བྱ་སྤྱོད་དེ་དག་ངེས་པར་དུ་ཤེས་རྟོགས་ཐུབ་དགོས་གལ་ཡིན་ཞིང་། དེའི་མཇུག་འབྲས་ནི་བོད་མི་ཙམ་མིན་པར་ཡོ་རོབ་ཁྱོན་ཡོངས་ཀྱི་མངོན་འདོད་དང་འབྲེལ་བ་ཆགས་ཀྱི་ཡོད་པ་སྐུལ་འདེབས་གནང་འདུག

Friends of Tibet – Austria

སྐབས་དེར་གྲོས་ཚོགས་འཐུས་མི་རྣམ་པས་བོད་མི་ཚོས་གཞི་རྩའི་ཐོབ་ཐང་གི་ཆེད་དུ་འཐབ་རྩོད་བྱེད་བཞིན་པ་དེར་རྒྱལ་སྤྱིའི་རྒྱབ་སྐྱོར་མུ་མཐུད་བྱེད་དགོས་གལ་ཡིན་པར་ངོས་འཛིན་གནང་ཡོད་ཅིང་། རྒྱལ་ཁབ་མཉམ་སྡེབ་ཀྱི་ཚོགས་འདུ་འདྲ་མིན་ནང་བོད་ཀྱི་གནད་དོན་དེ་གླེང་སློང་རྒྱ་ཆེར་བྱ་རྒྱུ་ཙམ་མ་ཟད། རྒྱ་གཞུང་གི་ཚད་མཚམས་ལས་བརྒལ་བའི་བྱ་སྤྱོད་ལ་འགན་ལེན་ཐུབ་པ་བཟོ་རྒྱུ་ཞལ་བཞེས་གནང་ཡོད་པ་འཁོད་འདུག སྲིད་སྐྱོང་མཆོག་དང་ལྷན་དུ་སུད་སི་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་གཙོས་པའི་ཨོ་སི་ཊི་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཨོ་སི་ཊྲི་ཡའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། དེ་བཞིན་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ཚོགས་མི་བཅས་ལྷན་ཞུགས་གནང་འདུག

Friends of Tibet – Austria

དེ་བཞིན་ Austria ཨོ་སི་ཊྲི་ཡའི་ The New Austria and Liberal Forum (NEOS) ཞེས་པའི་གུ་ཡངས་ཆབ་སྲིད་ཚོགས་པའི་འཐུས་མི་ Fr. Brandstötter ལགས་ཀྱང་མཇལ་འཕྲད་ཀྱིས་བོད་དོན་གླེང་སློང་སོགས་གནང་འདུག

ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ཁུལ་དེར་བོད་པའི་གཞོན་སྐྱེས་ ༧༠ ཙམ་ལ་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་རྒྱ་ནག་གཞུང་གིས་བཙན་གནོན་འོག་ཡོད་པའི་གནས་བབ་གཙོས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ལུགས་སོགས་ངོ་སྤྲོད་གནང་ཡོད་པ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དང་བོད་མི་ས་ཡ་ ༧ གི་འབོད་སྒྲ་ལ་མི་རབས་གཞོན་པ་རྣམས་ནས་ལས་འགན་འཁུར་དགོས་གལ་གྱི་ལམ་སྟོན་གནང་ཡོད་པ་རེད་འདུག

བོད་མིའི་སྒྲིག་འཛུགས།

རྩ་བའི་སྲིད་སྐྱོང་མཆོག་ Austria ཨོ་སི་ཊྲི་ཡར་མ་ཕེབས་གོང་འདི་ཚེས་ ༩ ཉིན་སྲིད་སྐྱོང་མཆོག་འཇར་མ་ནི་ནས་ཨི་ཊ་ལིའི་རྒྱལ་ས་རོམ་ནང་ཕེབས་འབྱོར་གྱིས་ཡུལ་དེའི་གྲོས་ཚོགས་གོང་མའི་ནང་ཆེད་ཕེབས་གནང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་ནང་བཙན་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པ་དེར་ཡུལ་དེའི་ངོས་ནས་གདོང་ལེན་བྱེད་ཐབས་ཀྱི་འཆར་འགོད་ཇི་ལྟར་གནང་ཕྱོགས་སོགས་ཀྱི་སྐོར་གྲོས་མོལ་གནང་ཡོད་པ་མ་ཟད། ཨི་ཊ་ལི་དང་བོད་བར་དུས་རབས་ ༡༦ ནས་བཟུང་འབྲེལ་བ་གྲུབ་ཡོད་སྟབས། ཡོ་རོབ་རྒྱལ་ཁབ་ཁྲོད་བོད་དང་འབྲེལ་བ་བྱུང་མཁན་ཐོག་མ་དེ་ཡིན་ཞིང་། བོད་དོན་ཐོག་ཨི་ཊ་ལིས་ཡུན་རིང་རྒྱབ་སྐྱོར་བྱས་པ་དེ་གལ་གནད་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་གསལ་སྟོན་གནང་སྟེ།  འབྱུང་འགྱུར་དུས་སྐབས་སུ་ཨི་ཊ་ལིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གཙོས་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྐུ་མགྲོན་དུ་མགྲོན་འབོད་གནང་ཡོད་པ་རེད་འདུག

བོད་མིའི་སྒྲིག་འཛུགས།

སྐབས་དེར་ཨི་ཊ་ལིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་པའི་ཚོགས་གཙོ་ De Priamo Andrea ལགས་དང་། ཚོགས་གཞོན་ Ilenia Malavasi ལགས། གྲོས་ཚོགས་འཐུས་མི་ Terzi di Sant´Agata Giulio ལགས། གྲོས་ཚོགས་འཐུས་མི་ Domenica Spinelli ལགས། ཨི་ཊ་ལི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ Italia Tibet Association ཚོགས་གཙོ་ Claudio Cardelli ལགས། ཨི་ཊ་ལི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཚེ་བརྟན་ལགས། རྒྱལ་སྤྱིའི་ཁྲིམས་ཀྱི་དབང་སྒྱུར་ལྷན་ཚོགས་ཀྱི་དྲུང་ཆེ་ Matteo Angioli ལགས། དེ་བཞིན་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་སུད་སི་དོན་ཁང་གི་རྒྱལ་ཚོགས་འགྲེལ་མཐུད་ལས་བྱེད་ཕུན་ཚོགས་སྟོབས་རྒྱས་ལགས་བཅས་ལྷན་ཞུགས་གནང་ཡོད་པ་རེད།

ལྷག་པར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་ནས་བོད་རྒྱ་སྒྱུར་གྱི་སྲིད་བྱུས་གཙོས་པའི་བཅའ་སྡོད་སློབ་གྲྭའི་གནད་དོན། དེ་བཞིན་༸རྒྱལ་བའི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དེ་ནི་མགོན་པོ་༸གང་ཉིད་མཆོག་སྐུ་སྒེར་གྱི་གནད་དོན་ཡིན་པ་ལས་རྒྱ་གཞུང་གིས་དེར་ཐེ་བྱུས་བྱེད་དབང་མེད་པའི་གཞུང་འབྲེལ་སྲིད་བྱུས་གཏན་འབེབས་གནང་སྐྱོང་ཡོང་བའི་སྐུལ་འདེབས་སོགས་ཀྱང་གནང་འདུག མ་ཟད་ Radio Radicale གི་བཅར་འདྲིར་དང་ལེན་གནང་ཡོད་པ་རེད་འདུག

SNT – Student Network Tibet

གཞི་རྩའི་སྲིད་སྐྱོང་མཆོག་ཨི་ཊ་ལི་དང་ཨོ་སི་ཊྲི་ཡའི་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་གྲུབ་མཚམས་སུད་སི་ནང་སླར་ཡང་ཕེབས་འབྱོར་བྱུང་སྟེ། ཁ་སང་ཕྱི་ཚེས་ ༡༢ ཉིན་ཁུལ་དེའི་ Zurich གཙུག་ལག་སློབ་གྲྭ་ཆེན་མོའི་ནང་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ Tibetan Youth Association in Europe དང་། མཐོ་རིམ་སློབ་མའི་བོད་དོན་འབྲེལ་དྲ་ Student Network Tibet གཉིས་ཀྱི་གོ་སྒྲིག་འོག་བོད་རིགས་གཞོན་སྐྱེས་རྣམས་ལ་བོད་དོན་ངོ་སྤྲོད་སོགས་གནང་སྟེ། ད་ལྟའི་ཆར་ལས་རིམ་གཞན་ཁག་ཅིག་བསྐྱངས་དང་སྐྱོང་མུས་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།