Tibetan Royal Year of 2151 | Year of the Wood Dragon

ཨོསྟྲེ་ལི་ཡཱའི་ངལ་རྩོལ་ཚོགས་པས་བོད་ནང་གི་རང་དབང་གནས་བབ་ལ་བློ་འཚབ་ཀྱི་གྲོས་ཆོད་གཏན་འབེབས།

Tibetan News Headlines

  • Tibetan spiritual leader heads to America for a knee treatment
  • Former Sikyong Lobsang Sangay speaks on Reincarnation and Geopolitics in Delhi
  • State oracle Nechung issues prayer recitation notice for Dalai Lama’s upcoming knee treatment
  • China’s suppression of Tibetan protests over hydropower discussed at side-event of UN human rights council
  • US Congressional delegation calls on PM Narendra Modi after visit to Dharamshala

རེས་གཟའ་པ་སངས། ༢༠༢༤།༠༦།༢༡

  • ༸གོང་ས་མཆོག་ཨ་རིར་ཞབས་པུས་སྨན་བཅོས་སླད་བཞུགས་སྒར་ནས་ཆིབས་ཐོན་མཛད་སོང་།
  • རྒྱ་གར་གཞུང་ངོས་ནས་སྐུའི་ཡང་སྲིད་གནད་དོན་ཐད་ཐེ་བྱུས་གནང་རྒྱུ་མེད་པར་ཨ་རིས་འཛིན་པའི་སྲིད་བྱུས་དེར་རྒྱབ་སྐྱོར་གནང་དགོས།
  • གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དུ་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་འགྲོ་གང་ཆེ་གསོག་སྒྲུབ་དགོས་པ།
  • རྒྱལ་ཚོགས་ཀྱི་ལྷན་ཚོགས་དང་བསྟུན་ཁམས་སྡེ་དགེའི་གནད་དོན་ཐད་ཟུར་ཚོགས་ཞིག་ཚོགས་གནང་འདུག
  • བཞུགས་སྒར་ནས་ཕྱིར་ཐོན་རྗེས་ཨ་རིའི་སྐུ་ཚབ་རུ་ཁག་ནས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་དང་མཇལ་འཕྲད་གནང་འདུག

ཨོསྟྲེ་ལི་ཡཱའི་ Labor Party འམ་ངལ་རྩོལ་ཚོགས་པས་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་གཙོས་རྒྱ་ནག་ཁྱོན་ཡོངས་སུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ནན་པོ་དང་སྦྲགས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་ཡོངས་ཀྱི་རང་དབང་གི་གནས་བབ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་བློ་འཚབ་ཡོད་པའི་སྤྱི་མོས་ཀྱི་གྲོས་ཆོད་ཞིག་གཏན་འབེབས་གནང་འདུག

ཉེ་ཆར་ཕྱི་ཚེས་ ༡༧ ནས་ ༡༩ བར་ཉིན་གྲངས་གསུམ་གྱི་རིང་ལ་ཨོསྟྲེ་ལི་ཡཱའི་གྲོང་ཁྱེར་ Brisbane དུ་ངལ་རྩོལ་ཚོགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༤༩ པ་ཚོགས་ཡོད་པ་དང་སྐབས་དེར་ངལ་རྩོལ་ཚོགས་པའི་ཚོགས་མི་དང་གྲོས་ཚོགས་འཐུས་མི་ཡིན་པ་ Julian Hill ལགས་ཀྱིས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་དང་དམ་བསྒྲགས་འོག་བོད་གཙོས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་གི་རང་དབང་གནས་བབ་དང་འབྲེལ་བའི་གྲོས་ཆོད་ཅིག་ཆེད་བཏོན་གནང་འདུག་པ་དང་། གྲོས་ཆོད་ནང་ཉེ་ལམ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རྒྱ་ནག་གཞུང་གིས་ཡུལ་དེའི་གྲངས་ཉུང་མི་རིགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོལ་རོལ་དང་མི་སེར་གང་བྱུང་དུ་འཛིན་བཟུང་བྱས་པ། དེ་བཞིན་ཕོ་མོ་དབྱེ་འབྱེད་དང་འབྲེལ་བུད་མེད་ཚོར་བརྙས་བཅོས་སྣ་ཚོགས་གཏོང་བཞིན་པ་སོགས་འཁོད་པའི་གནས་ཚུལ་ཡོངས་གྲགས་བྱས་པའི་གྲུབ་དོན་ཁག་ལུང་འདྲེན་དང་ཆབས་ཅིག རྒྱ་གཞུང་གི་བྱེད་སྟངས་དེ་དག་ནི་འགྲོ་བ་མིའི་རིགས་ལ་འཛིན་པའི་ཁྲིམས་འགལ་གྱི་བྱ་ངན་ཞིག་རེད་ཅེས་སྐྱོན་བརྗོད་ནན་པོ་གནང་འདུག

ལྷག་དོན་ངལ་རྩོལ་ཚོགས་པའི་ངོས་ནས་རྒྱ་ནག་གཞུང་གིས་དྲག་པོའི་སྲིད་བྱུས་འོག་བོད་ནང་གི་ཤེས་ཡོན་དང་ཆོས་དད། རིག་གཞུང་བཅས་ཀྱི་རང་དབང་གཙོས་གཞི་རྩའི་ཐོབ་ཐང་དང་རང་དབང་ཁག་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་མངོན་གསལ་གནང་བ་མ་ཟད། རྒྱ་ནག་གཞུང་གིས་བོད་ཕྲུག་སློབ་མ་རྣམས་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་དུ་བཏང་སྟེ་རྒྱ་ནག་རང་ཉིད་ཀྱིས་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཙན་དབང་གིས་བཏང་བ་མ་ཚད་པར་ཆོས་ཕྱོགས་དང་ཞི་བའི་འདུ་འཛོམས་ཀྱི་བྱེད་སྒོ་ཁག་ལ་དམིགས་བསལ་དམ་བསྒྲགས། དེ་བཞིན་བོད་ཀྱི་ས་ཁུལ་གང་སར་ལྟ་སྲུང་གི་ལས་དོན་རྒྱ་ཆེར་སྤེལ་བཞིན་ཁག་ལ་བློ་འཚབ་ཆེན་པོ་ཡོད་ཅེས་གསུངས་འདུག

གཞི་རྩའི་ཨོསྟྲེ་ལི་ཡཱའི་ Labor Party འམ་ངལ་རྩོལ་ཚོགས་པ་ནི་ད་ལྟའི་ཨོསྟྲེ་ལི་ཡཱའི་གཞུང་འཛིན་ཚོགས་པ་ཆགས་ཀྱི་ཡོད་པ་དང་། ཆབ་སྲིད་ཚོགས་པའི་ཚོགས་མི་རྣམས་ཀྱིས་སྤྱི་མོས་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་ནང་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་གཙོ་བོར་གྱུར་པའི་རྒྱ་ནག་ཁྱོན་ཡོངས་སུ་བཙན་དབང་ངལ་རྩོལ་གྱི་ལས་རིགས་སྐུལ་བཞིན་པའི་གནས་སྟངས་དང་། ཧོང་ཀོང་རང་སྐྱོང་གི་གནས་བབ་དང་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་པའི་གནས་སྟངས་སོགས་མངོན་གསལ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།