Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: May, 2015

རེས་གཟའ་ཉི་མ། ༢༠༡༥།༠༥།༠༣

གཟའ་འཁོར་གཅིག་གི་བོད་དོན་དང་འབྲེལ་བའི་གནས་ཚུལ་སྐྱར་ཞིབ། Sunday 03/05/2015 Week Review ཉན་པ།: Listen ཕབ་ལེན། Download

རེས་གཟའ་སྤེན་པ། ༢༠༡༥།༠༥།༠༢

རྒྱལ་སྤྱིའི་ཆོས་དད་རང་དབང་རྟོགས་ཞིབ་ཚོགས་ཆུང་ནས། རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་ཅན་གྱི་སྲིད་བྱུས་འཛིན་གྱི་ཡོད་སྐོར་གསུངས་འདུག མདོ་སྨད་བླ་བྲང་ནས་འཛིན་བཟུང་བྱས་པའི་བོད་མི་གཉིས་གློད་གྲོལ་བཏང་བ་དང་མང་ཚོགས་ཀྱི་ངོ་རྒོལ་མཚམས་འཇོགས་བྱས་འདུག ཐེ་ལྦན་ནང་བལ་ཡུལ་གྱི་ས་ཡོམ་གོད་ཆགས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་མཆོད་འབུལ་སྨོན་ལམ་ཚོགས་འདུག མོན་གྷོཌ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་དགེ་བཤེས་མའི་རྒྱུགས་སྤྲོད་སྐབས་གསུམ་དབུ་འཛུགས་གནང་བ། ཀེ་ར་ལ་མངའ་སྡེའི་སྤྱི་འཁྱབ་བློན་ཆེན་མཆོག་གིས་མེ་སྐྱོན་ཕོག་པའི་བོད་མིའི་ཁྲོམ་སར་གཟིགས་རྟོག་གང་ཐུབ་གནང་རྒྱུ་ཡིན་པ་གསུངས་འདུག ༧གོང་ས་མཆོག་གི་གསུང་ཆོས་ཀྱི་ལེ་ཚན་ནང་། མགོན་པོ་མཆོག་གིས་དེ་སྔ་ཉི་ཧོང་ནང་གསང་སྔགས་སྐོར་ངོ་སྤྲོད་གནང་པ་སྔ་མའི་འཕྲོ། Saturday 02/05/2015 China imposes harsh policy of repression against Buddhists across Tibet: US 2 Tibetans released in Sangchu, protest over forced land grab called off Sikyong meets with BJP leaders Prayer service for Nepal quake victims held in Taipei Third Geshema Examination underway at Mundgod Kerala CM assures support to Tibetan fire victims Feature: Dalai Lama’s teaching on Tantra ཉན་པ།: Listen ཕབ་ལེན། Download

རེས་གཟའ་པ་སངས། ༢༠༡༥།༠༥།༠༡

༸གོང་ས་མཆོག་གིས་རྒྱ་ནག་སྐམ་སའི་དད་ལྡན་པ་ཁག་ཅིག་ལ་ཆོས་འབྲེལ་དབུ་འཛུགས་བསྐྱངས་འདུག རྒྱ་གཞུང་གིས་འགོ་མཇོ་ནས་བོད་མི་༡༠ལྷག་འཛིན་བཟུང་བྱས་འདུག སེང་གྲགས་རིན་པོ་ཆེའི་དགོན་པོ་དང་དགེ་བཙུན་གྱི་མཚམ་ཁང་༢༠༠ལྷག་རྩ་མེད་ཕྱིན་འདུག ས་ཡོམ་རྐྱེན་བོད་མི་གནས་སྐོར་བ་ཁག་ཅིག་ཤེས་རྟོགས་མེད་པར་གྱུར་འདུག ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་གཙོ་འཛིན་མཆོག་ལ་རྒྱ་ནག་དང་མཉམ་དུ་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས་འདུག བོད་མིའི་སྒྲིག་འཛུགས་ནས་ལས་བྱེད་ཁ་བསྐོང་གི་སྔོན་འགྲོའི་ཟབ་སྦྱོང་ཐེངས་གཉིས་པ་དབུ་བཛུགས་གནང་འདུག Friday 01/05/2015 Dalai Lama begins teaching to Mainland Chinese disciples Over 10 Tibetans arrested in Gonjo, Chamdo Sendrak monastery suffers huge damage, Scores of Tibetans in Boudha still displaced Concern over fate of Tibetan pilgrims in Lapchi, Nepal EU Foreign affairs Chief urged to raise Tibet during strategic meet with China CTA begins staff recruitment training ཉན་པ།: Listen ཕབ་ལེན། Download

Latest news