Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: December, 2015

༸གོང་ས་མཆོག་གིས་རྒྱ་ནག་སྐམ་ས་ཆེན་པོ་ནས་བཀའ་ཆོས་ལ་བཅར་བའི་རྒྱ་རིགས་ ༡༥༠ ལྷག་ལ་བཀའ་སློབ་བསྩལ་བ།

  ཁ་སང་ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྡེ་བཀྲིས་ལྷུན་པོར་བྱང་ཆུབ་ལམ་རིམ་གྱི་ཉིན་གསུམ་པའི་བཀའ་ཆོས་མ་བསྩལ་བའི་སྔ་རོལ་དུ་རྒྱ་ནག་སྐམ་ས་ཆེན་པོ་ནས་ཆེད་བཅར་ཞུས་པའི་རྒྱ་རིགས་ཆོས་ཞུ་བ་ ༡༥༠ ལྷག་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བཀྲིན་བསྩལ་ཏེ་ནང་ཆོས་ཐོག་སློབ་གཉེར་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་འདུག དེ་ཡང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་ཐོན་པར་གཞིགས་ན། མགོན་པོ་༸གང་ཉིད་མཆོག་གིས་སྐབས་དེར་རྒྱ་ནག་ནང་ནང་པ་ས་ཡ་ ༣༠༠ ལྷག་ཡོད་པ་རྣམས་ནས་རང་ཉིད་ཀྱི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་པ་ཞིག་ཏུ་བསམ་གྱི་ཡོད་ན་ ཨ་མིན་ཊོ་ཕོ་ཨ་མིན་ཊོ་ཕོ་ཞེས་གསུང་འདོན་གནང་པ་གཅིག་པུས་འགྲིག་གི་མེད་པས། སྡུག་བསྔལ་གྱི་རྩ་བ་ཉོན་མོངས་དུག་གསུམ་དང་དེའི་ནང་ནས་ཀྱང་གཏི་མུག་བདེན་འཛིན་ལ་ཐུག་ཡོད་སྟབས། བློ་རིམ་བཞིན་སྦྱོང་ནས་ནང་ཆོས་ཀྱི་གཞུང་ལ་བསླབ་པ་སློབ་གཉེར་གནང་དགོས་གལ་ཡིན་ཞིང། ད་དུང་དེ་དང་དུས་མཉམ་དུ་རྒྱ་རིགས་ཆོས་ཞུ་བ་ཚོས་སྲིད་འཛིན་ཞི་ཅིང་ཕིང་གིས་དེ་སྔ་རྒྱལ་ས་པེ་རིས་དང་ལྡི་ལི་བཅས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་ནང་ཆོས་ཀྱིས་རྒྱ་ནག་གི་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་རྒྱུར་རླབས་ཆེན་གྱི་ཕན་ཐོགས་སྒྲུབ་རྒྱུ་ཡོད་རེད་ཅེས་གསུངས་ཡོད་པ་དེ་སེམས་ལ་བཞག་དགོས་པའི་བཀའ་སློབ་བསྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་༸གང་ཉིད་མཆོག་དེ་སྔ་ ༡༩༥༤ ནས་ ༥༥ བར་པེ་ཅིང་དུ་ཆིབས་སྒྱུར་བསྐྱངས་སྐབས་མའོ་ཙེ་ཏུང་དང་ཐེངས་ཁ་ཤས་མཇལ་མོལ་བྱུང་ཡོད་པ་དང། ལྷག་པར་དུ་སྐབས་དེར་མའོས་༸གོང་ས་མཆོག་ལ་ཆོས་དུག་ཡིན་པ་གསུངས་ཡོད་པའི་བཀའ་མོལ་སྐོར་ལ་བཀའ་གནང་པ་དང་སྦྲགས། ༸གོང་ས་མཆོག་གིས་གལ་ཏེ་མའོ་ཙེ་ཏུང་དུས་ད་ལྟ་ཡོད་ཚེ། ཁོང་གི་དཔལ་ཎ་ལེནྡྲའི་རིག་གཞུང་གི་རིན་ཐང་དེ་ཤེས་ནས་བསམ་བློ་མི་འདྲ་སླེབས་སྲིད་པའི་སྐོར་ཡང་གསུངས་འདུག ལམ་རིམ་གསུང་ཆོས་ཆེད་དུ་བཅར་བའི་རྒྱ་རིགས་ཆོས་ཞུ་བ་དེ་དག་ལ་སྐབས་དེར་༸གོང་ས་མཆོག་ལ་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་བའི་ཁྲོད། སྟོང་ཉིད་དང་བྱང་ཆུང་སེམས་དཔའ་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུས་འདུག  ཁྱད་པར་དུ་མགོན་པོ་མཆོག་གིས་ཁ་སང་མཇལ་ཁར་བཅར་མཁན་རྒྱ་རིགས་ ༡༥༠ དེ་དག་ལ་གལ་ཏེ་རྒྱ་ནག་ནང་ནང་ཆོས་ལ་ལྟ་ཚུལ་དེ་མུ་མཐུད་བཟང་པོ་ཞིག་བྱུང་ཐུབ་ན། རྒྱ་ནག་ནང་ལའང་གདན་ས་སེ་རར་ཚོགས་པའི་སེམས་དང་སྲོག་གི་ཚོགས་འདུ་ལྟར་ནང་པ་དང་ཚན་རིག་པའི་དབར་ལ་བགྲོ་གླེང་ཚོགས་འདུ་འདི་ལྟར་འགོ་འཛུགས་ཐུབ་རྒྱུའི་སྐོར་སོགས་བཀའ་སློབ་བསྩལ་འདུག      

བྱམས་པ་ཕུན་ཚོགས་ལགས་ཀྱིས་རྒྱ་གཞུང་ནས་འཛིན་བཞིན་པའི་གྲངས་ཉུང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད།

  རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཞོན་དང་དེ་སྔ་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་བྱམས་པ་ཕུན་ཚོགས་ལགས་ཀྱིས་རྒྱ་ནག་གཞུང་ནས་གྲངས་ཉུང་མི་རིགས་ཐོག་དབྱེ་འབྱེད་ཀྱི་སྲིད་བྱུས་འཛིན་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག    དེ་ཡང་ཟླ་བ་འདིའི་ཚེས་ ༢༠ ནས་འགོ་བཙུགས་ཀྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སྐབས་ ༡༢ རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་རྒྱུན་ལས་ཚོགས་འདུ་ཐེངས་ ༡༨ དེ་ཚོགས་བཞིན་ཡོད་པ་དང་བསྟུན།སྤྱི་ཚོགས་ཀྱི་དྲ་རྒྱའི་ཐོག་ཏུ་གནས་ཚུལ་ཐོན་པར་གཞིགས་ན། ཁ་སང་ཚེས་ ༢༢ ཉིན་གྱི་མི་མང་འཐུས་མི་ཚོགས་ཆེན་གྱི་ཚོགས་གཞོན་བྱམས་པ་ཕུན་ཚོགས་ལགས་ཀྱིས་ཚོགས་འདུའི་ཐོག་དེང་སྐབས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ཐད་དབྱེ་འབྱེད་ཀྱི་སྲིད་བྱུས་ཤུགས་ཆེ་འཛིན་བཞིན་འདུག་ཅེས་ཐེར་བཏོན་དང་སྐྱོན་བརྗོད་ཤུགས་ཆེ་དང་འབྲེལ་རྒྱ་གཞུང་ནས་དེ་དོན་འགོག་ཐབས་སུ་སྒོ་གང་ས་ནས་ཤུགས་གནོན་བརྒྱབ་དགོས་པ་རེད་ཅེས་བརྗོད་འདུག དེ་བཞིན་བྱམས་པ་ཕུན་ཚོགས་ལགས་ཀྱིས་སྐབས་དེར་ཉེ་བའི་ལོ་ཤས་ནང་རྒྱ་གཞུང་གིས་འགྲིམ་འགྲུལ་བརྒྱུད་ལམ་ཁག་དང་། མགྲོན་ཁང་། དེ་བཞིན་ས་མཚམས་ཀྱི་འགག་སྒོ་ཁག་སོགས་ལ་གྲངས་ཉུང་མི་རིགས་ཐོག་དབྱེ་འབྱེད་བྱེད་སྟབས།  མི་མང་ཚོར་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད་པ་མཐོང་རྒྱུ་ཅེས་སྐྱོན་བརྗོད་བྱས་པ་མ་ཟད།  རྒྱ་གཞུང་གི་ཤུགས་གནོན་རྒྱག་བཞིན་པའི་མི་རིགས་དབྱེ་འབྱེད་སྲིད་བྱུས་དེས་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ངན་པ་ཞིག་སྐྲུན་ཡོད་པ་དང་ཆབས་ཅིག  གྲངས་ཉུང་མི་རིགས་ཀྱི་ཁྲོད་ནས་སྲིད་བྱུས་དེར་མ་འདོད་པའི་རྣམ་འགྱུར་ཤུགས་ཆེ་སྟོན་འདུག་ཅེས་འགྲེལ་བརྗོད་གནང་འདུག་ལ།  ལྷག་པར་དུ་ཁོང་གིས་དེ་ལྟ་བུའི་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་ནི་རྒྱ་གཞུང་གི་རྩ་ཁྲིམས་ནང་འཁོད་པའི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་དང་རྒྱབ་འགལ་ཞིག་ཆགས་ཀྱི་ཡོད་སྟབས། རྒྱ་གཞུང་གིས་དེར་ལེགས་བཅོས་ཐོངས་དགོས་ཞེས་བརྗོད་འདུག དེ་བཞིན་ Reuters གསར་སྤེལ་ཁང་གི་གསར་འགོད་པས་བྱམས་ཕུན་ཚོགས་ལགས་ཀྱིས་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་པའི་གནད་དོན་དང་འབྲེལ་ཡོད་ཐད་ལ་རྒྱ་ནག་ནང་བཅར་བཞུགས་རྒྱ་རིགས་ཁག་ལ་བཅར་འདྲི་ཞུས་པར།  རྒྱ་རིགས་གཅིག་གིས་གནད་དོན་དེ་ནི་དངོས་ཡོད་ཞིག་ཡིན་པ་དང། འདས་པའི་ལོ་ཤས་ནང་ལའངས་གྲངས་ཉུང་མི་རིགས་ཐོག་ལ་རྒྱ་གཞུང་གིས་དབྱེ་འབྱེད་ཀྱི་སྲིད་བྱུས་དེ་ཁྱབ་སྤེལ་ཇེ་ཆེར་འགྲི་བཞིན་འདུག་ཅེས་བཤད་འདུག   ཡང་གནད་དོན་དེའི་ཐོག་ལ་བོད་ནས་ཡིན་པའི་བོད་མི་གཅིག་གིས་གསུངས་པར་རྒྱ་གཞུང་གིས་བོད་མིའི་ཐོག་མི་རིགས་ཀྱི་དབྱེ་འབྱེད་དང། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་མཐོང་ཆུང་ཁྱད་གསོད་བྱེད་བཞིན་ཡོད་པ་ནི་མཐོང་ཆོས་སུ་ཡོད་པའི་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད། ད་ལན་བྱམས་པ་ཕུན་ཚོགས་ལགས་ཀྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་དེ་ཕྱི་དྲག་པ་རེད་ཅེས་བརྗོད་འདུག འདི་ག་རླུང་འཕྲིན་ཁང་ནས་ད་ལན་བྱམས་པ་ཕུན་ཚོགས་ལགས་ཀྱིས་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་འདུའི་ཐོག་སྤེལ་བའི་གཏམ་བཤད་དེ་དང་འབྲེལ། བཞུགས་སྒར་བཅར་བཞུགས་བོད་གནས་ཉམས་ཞིབ་པ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་བཅའ་འདྲི་ཞུས་པར།  ཁོང་གིས་བོད་རིགས་དབུ་ཁྲིད་ཞིག་གིས་ཚོགས་འདུ་དེའི་ལྟ་བུའི་ཐོག་ནས་རྒྱ་གཞུང་ལ་ཐད་ཀར་སྐྱོན་བརྗོད་བྱས་པ་དེ་ནི་ཧ་ཅང་གི་གནད་འགག་ཅན་ཞིག་དང་།  གནད་དོན་དེ་བཞིན་རྒྱ་ནག་གཞུང་གིས་ངོས་ལེན་བྱ་དགོས་པའི་གནད་ཆེ་ཞིག་ཆགས་པ་མ་ཟད།  ལྷག་པར་དུ་བྱམས་པ་ཕུན་ཚོགས་ལགས་ཀྱིས་གཏམ་བཤད་གནང་པ་དེས། རྒྱ་གཞུང་གི་གོང་རིམ་འགོ་ཁྲིད་མཐོ་གྲས་ཚོས་བོད་ནང་ལ་གྲངས་ཉུང་མི་རིགས་ལ་འཛིན་བཞིན་པའི་སྲིད་བྱུས་ཁག་ཡང་དག་ཞིག་མིན་པའི་དཔྱད་ཞིབ་དང་བསམ་ཞིབ་བྱ་དགོས་པ་ཞིག་ཆགས་ཡོད་ཅེས་གསུངས་ཀྱི་འདུག  

རྒྱ་ནག་གཞུང་གིས་དོལ་རྒྱལ་རྗེས་འབྲང་པར་རྒྱབ་སྐྱོར་བྱེད་བཞིན་པ་ར་སྤྲོད་གནང་འདུག

རྒྱ་ནག་གཞུང་གིས་དོལ་རྒྱལ་རྗེས་འབྲང་པ་རྣམས་ཆབ་སྲིད་ཀྱི་ལག་ཆ་ཞིག་དུ་བེད་སྤྱོད་བྱེད་ནས་བོད་ཀྱི་ཆབ་སྲིད་དང་རིག་གཞུང་གཙོས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་གི་དབར་ལ་ནང་འཁྲུག་གཞི་བཟོ་བ་མ་ཟད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གྱི་༸སྐུའི་གསང་གསུམ་གྱི་མཛད་འཕྲིན་དང་མཚན་སྙན་ལ་མཚན་སྨད་ཞུ་བཞིན་ཡོད་པ་ར་སྤྲོད་གནང་འདུག དེ་ཡང་ཁ་སང་རྒྱལ་སྤྱིའི་ཐོག་དར་སྤེལ་ཆེ་བའི་དྲ་རྒྱ་ Reuters གསར་སྤེལ་ཁང་གི་གསར་འགོད་པ་སྐུ་ཞབས་ David League ལགས་དང་ Paul Mooney ལགས། དེ་བཞིན་ Benjamin Kang Lim བཅས་རྣམ་པ་གསུམ་ཟུང་འབྲེལ་གྱིས་དོལ་རྒྱལ་རྗེས་འབྲང་པ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་བཞིན་པའི་གནས་སྟངས་དང་། དེའི་རྒྱབ་ལྗོངས་ལ་དམིགས་ཡུལ་གང་ཡོད་མེད་སོགས་ཀྱི་ཐད་ཞིབ་འཇུག་གནང་པའི་དཔྱད་གཏམ་ཞིག་སྤེལ་གདུག་པ་མ་ཟད། དཔྱད་གཏམ་དེའི་ནང་ཁོང་རྣམ་པས་དེ་སྔ་རྒྱལ་དབང་༸སྐུ་འཕྲེང་ལྔ་པའི་༸སྐུ་དུས་སུ་དོལ་རྒྱལ་རྒྱལ་བསྟེན་གསོལ་དར་ཚུལ་དང་། རིམ་བཞིན་རྒྱ་ནག་གཞུང་གིས་བོད་བཙན་འཛུལ་བྱས་རྗེས། དོལ་རྒྱལ་རྗེས་འབྲང་པ་རྣམས་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་བེད་སྤྱོད་བྱས་པ་མ་ཟད། ལྷག་དོན་༸གོང་ས་མཆོག་དབུས་པའི་བོད་མིའི་འཐབ་རྩོད་ཀྱི་རང་བཞིན་ལ་གནོད་འཚེ་ཤུགས་ཆེ་བྱེད་བཞིན་ཡོད་པ་བཀོད་འདུག ཁོང་རྣམས་ནས་དེ་སྔ་༸གོང་ས་མཆོག་ནས་ཀྱང་དོལ་རྒྱལ་བསྟེན་གསོལ་གནང་ཡོད་ནའང་། སྤྱི་ལོ་ ༡༩༧༠ ལོ་ནས་མགོན་པོ་༸གང་ཉིད་མཆོག་གིས་གནད་དོན་དེའི་ཐད་ལ་དཔྱད་པ་མང་དག་ཞིག་གནང་ནས་མཐར་སྤྱི་ལོ་ ༡༩༩༦ ལོར་དོལ་རྒྱལ་བསྟེན་གསོལ་བྱ་རྒྱུ་མིན་པའི་ མཚམས་འཇོག་གིས་ཡོངས་བསྒྲགས་གནང་པའི་གནད་ཚུལ་ཁག་ཅིག་ལུང་འདྲེན་དང་སྦྲགས། དུས་སྐབས་དེའི་རྗེས་ནས་བཟུང་སྟེ། རྒྱ་གར་དང་བལ་ནང་ལ་སྐྱབས་བཅོལ་དུ་གནས་བཞིན་པའི་དོལ་རྒྱལ་རྗེས་འབྲང་པ་རྣམས་ནས་རྒྱ་ནག་གཞུང་དང་ཐད་ཀར་འབྲེལ་ལམ་བྱ་རྒྱུ་ཉེ་རུ་བཏང་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་ངོས་ནས་མངོན་གསལ་དོད་པོ་མེད་པའི་ཐོག་ནས་དོལ་རྒྱལ་རྗེས་འབྲང་པ་རྣམས་ལ་འཚོ་ཐབས་ཆེད་དུ་དཔལ་འབྱོར་གྱི་རོགས་རམ་དང་། ཆབ་སྲིད་ཀྱི་དགོས་དམིགས་ལ་གཞིགས་པའི་གསང་བའི་སྲུང་སྐྱོབ་རིགས་སྤྲད་རྒྱུའི་ལས་གཞི་རྒྱ་ཆེ་སྤེལ་འདུག་པའང་བརྗོད་འདུག རྒྱ་ནག་གཞུང་གིས་དཔའ་འབྱོར་གྱི་རོགས་རམ་བྱེད་བཞིན་པ་དེ་ནི། རྒྱ་གར་དང་བལ་ཡུལ་ནང་དུ་ཡོད་པའི་དོལ་རྒྱལ་རྗེས་འབྲད་ཙམ་མིན་པར་རྒྱ་གཞུང་གིས་དབྱེ་པའི་བོད་རང་སྐྱོང་ལྗོིངས་ཀྱི་ས་ཁུལ་ཁག་ཏུ་དོལ་རྒྱལ་བསྟེན་གསོལ་བྱེད་མཁན་གྱི་དགོན་པ་གསར་རྒྱག་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་དོལ་རྒྱལ་རྗེས་འབྲང་པ་འཕེལ་རྒྱས་འགྲོ་བཞིན་པའི་ Yunnan ཞིང་ཆེན་ཁོངས་སུ་རྟེན་གཞི་བྱས་པའི་དགའ་ལྡན་བསམ་གླིང་དང་དུང་དཀར་དགོན་པ་གཉིས་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་ཤུགས་ཆེ་བྱེད་བཞིན་པའི་གནས་ཚུག་ཁག་ཅིག་ཀྱང་གནས་བཏོན་གནང་འདུག དེ་བཞིན་བོད་རིག་གནས་ལ་མཁས་པ་སྐུ་ཞབས་Thierry Dodin ལགས་ཀྱིས་རྒྱ་ནག་དབུས་སྲིད་གཞུང་ནས་དོལ་རྒྱལ་རྗེས་འབྲང་པ་རྣམས་ལ་འཚོ་སྣོན་ཤུགས་ཆེ་སྦྱོར་བཞིན་ཡོད་པ་དེ་ནི་གསལ་པོ་རེད་ལ། བོད་དང་རྒྱལ་སྤྱིའི་ཡུལ་གྲུ་ཁག་ཏུ་དོལ་རྒྱལ་ཚོགས་པའི་དགོན་པ་དང་རྗེས་འབྲང་པ་མི་སྐྱ་གཅིག་ཀྱང་མཐོང་རྒྱུ་མེད་པ་མ་ཟད། རྒྱ་ནག་གཞུང་ནས་ནང་པ་སུ་འདྲ་ཞིག་ནས་༸གོང་ས་མཆོག་གི་བཀའ་ཆོས་སོགས་ལ་བཅར་ཚེ་ཁྲིམས་འགལ་ཡིན་པའི་ཉེས་འཛུགས་བྱེད་ཀྱི་ཡོད་ཀྱང་། དོལ་རྒྱལ་རྗེས་འབྲང་པ་ཞིག་ཡིན་ཚེ། རྒྱལ་སྤྱིའི་ས་གནས་ཁག་ཏུ་འགྲོ་སོང་གང་ཡང་མེད་པར་དོལ་རྒྱལ་གྱི་ལྟ་བ་ཁྱབ་སྤེལ་བཏང་བཞིན་ཡོད་སྐོར་བཤད་པ་ལུང་འདྲེན་དང་སྦྲགས། དེ་སྔ་སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༡༢ ནང་ལ་རྒྱ་ནག་གཞུང་གིས་དོལ་རྒྱལ་རྗེས་འབྲང་པ་བླ་མ་བྱམས་པ་དངོས་གྲུབ་དབང་ཕྱུག་རིན་པོ་ཆེ་ཞེས་པ་ཞིག Swiss ནང་དུ་དོལ་རྒྱལ་ཁྱབ་སྤེལ་ཆེད་དུ་བཏང་འདུག་པ་དེ་ནི། རྒྱ་ནག་གཞུང་གི་རྒྱལ་སྤྱིའི་ཐོག་བོད་རིགས་དོལ་རྒྱལ་རྗེས་འབྲང་པ་བེད་སྤྱོད་བྱས་ཏེ་ཆོས་ཁྱབ་སྤེལ་བྱེད་བཅུག་པའི་གནས་ཚུལ་ཞིག་ཐེར་བཏོན་གནང་པ་མ་ཟད། དེ་ནི་རྒྱ་ནག་གཞུང་གིས་ནང་པ་སངས་རྒྱས་པའི་ཆོས་ཁ་ལ་འཁྱེར་ཏེ་རྒྱ་ནག་གྱི་ལྟ་བ་དང་དོལ་རྒྱལ་ཁྱབ་སྤེལ་གཏོང་བཞིན་ཡོད་པ་གསལ་པོ་རེད་ཅེས་བཀོད་འདུག གསར་འགོད་པ་རྣམ་པས་མུ་མཐུད་གསུངས་པར་ཆོས་ཕྱོགས་ཀྱི་ཆ་ནས་ཀྱང་རྒྱ་གཞུང་གིས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། རྒྱ་ནག་རང་གིས་རྒྱལ་མཚན་ནོར་བུ་པཎ་ཆེན་རིན་པོ་ཆེར་ངོས་འཛིན་གྱིས་ཁོང་ལ་སློབ་ཁྲིད་བྱས་མཁན་གྱི་དགེ་རྒན་ཚང་མ་དོལ་རྒྱལ་རྗེས་འབྲང་པ་ཤ་སྟག་ཡིན་སྐོར་བཀོད་འདུག་པ་དང། སྲིད་འཛིན་ཞི་ཅིང་ཕིང་དང་ Zhu Weiqun གཉིས་ནས་ཀྱང་རྒྱལ་མཚན་ནོར་ནུ་ལགས་ལ་རྒྱ་ནག་གཅིག་སྒྲིལ་གྱི་ལས་དོན་ལ་དོ་སྣང་མང་ཙམ་བྱེད་དགོས་པ་དང། མ་འོངས་པར་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་དེ་བཞིན་རྒྱ་ནག་དབུས་གཞུང་ནས་ཐག་གཅོད་ཞུ་རྒྱུ་ཡིན་པ་སོགས་བརྗོད་འདུག་པ་མ་ཟད། དེ་མཚུངས་སུ་མགོན་པོ་༸གང་ཉིད་མཆོག་ལ་དད་གུས་ཡོད་པའི་བོད་མི་ས་ཡ་དྲུག་གི་བསམ་བློ་ལ་འགྱུར་བཅོས་གཏང་རྒྱུའི་ཕུགས་ཀྱི་དམིགས་ཡུལ་ཞིག་ཡོད་པ་ཡང་གསུངས་འདུག དེ་བཞིན་དཔྱད་གཏམ་དེའི་ནང་ Italy ནང་གནས་སྡོད་བྱེད་བཞིན་པའི་དོལ་རྒྱལ་རྗེས་འབྲང་པ་གངས་ཅན་བླ་མ་གཙོས། དོལ་རྒྱལ་རྗེས་འབྲང་པ་ཁག་ཅིག་རྒྱ་ནག་གཞུང་གིས་རོགས་སྐྱོར་འོག བོད་དང་རྒྱ་ནག་གི་ས་ཁུལ་ཁག་ཏུ་བསྐྱོད་པའི་པར་རིས་ཁག་ཅིག་འདོན་སྤེལ་གནང་སྟེ། རྒྱ་ནག་གཞུང་གིས་བོད་ནང་ཡོད་པའི་དོལ་རྒྱལ་རྗེས་འབྲང་པ་ཙམ་མ་ཡིན་པར། རྒྱལ་སྤྱིའི་ཡུལ་གྲུ་ཁག་ཏུ་ཡོད་པའི་དོལ་རྒྱལ་རྗེས་འབྲང་པའི་ཚོགས་པ་རྣམས་ཀྱི་ལས་དོན་ཐད་ལ་ཡང་མ་དངུལ་སོགས་ཀྱི་རོགས་རམ་ཤུགས་ཆེ་བྱེད་བཞིན་པ་ཡང་བརྗོད་འདུག དེ་དང་ཕྱོགས་མཚུངས་སུ་དེ་སྔ་དོལ་རྒྱལ་རྗེས་འབྲང་ཡིན་པའི་བོད་པའི་བླ་མ་ཚེ་སྐྲར་གསར་འགོད་པ་རྣམས་ནས་དཔང་རྟགས་ཚུལ་དུ་བཅར་འདྲི་ཁག་ཅིག་ཞུས་འདུག་པ་དང་། བླ་མ་ཚེ་སྐྲས་དོལ་རྒྱལ་དེ་ནི་དོལ་རྒྱལ་གྱི་གནད་རྐྱང་པ་ཞིག་མ་ཡིན་པར། དེ་ནི་ཆབ་སྲིད་ཀྱི་གནད་དོན་ཞིག་ཀྱང་ཡིན་སྐོར་གསུངས་པ་མ་ཟད། ཁོང་རང་ཉིད་དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་དེ་ནི། ཕྱིས་སུ་རྒྱ་ནག་གཞུང་གིས་དོལ་རྒྱལ་བེད་སྤྱོད་བྱས་ཏེ་༸གོང་ས་མཆོག་ལ་མཚན་སྨད་ཞུ་བཅུག་པ་དང་། བོད་ཀྱི་ཆབ་སྲིད་ཀྱི་ལས་དོན་ཐད་ལ་བསྙོན་འཛུགས་སྣ་མང་ཞིག་བྱེད་བཅུག་གིི་ཡོད་གསུངས་འདུག གསར་འགོད་པ་རྣམས་ནས་ལོ་འདིའི་ནང་༸གོང་ས་མཆོག་དབྱིན་ཡུལ་དང་། ཨ་རི། དེ་བཞིན་ཨི་ཊ་ལི་བཅས་སུ་ཕེབས་སྐབས། ལམ་གཞུང་དུ་ངོ་རྒོལ་བྱེད་མཁན་གྱི་དོལ་རྒྱལ་རྗེས་འབྲང་པ་རྣམས་ཀྱི་རྒྱབ་ཏུ་རྒྱ་ནག་གཞུང་ནས་རྒྱབ་སྐྱོར་ཡོད་པ་ཚོད་དཔག་གནང་འདུག་པ་མ་ཟད། ཁོང་རྣམས་ནས་གནད་དོན་དེ་དང་འབྲེལ། དབྱིན་ཡུལ་དང་ཁེལ་ཕོ་ནི་ཡ། དེ་བཞིན་ཨི་ཊ་ལི་བཅས་སུ་རྟེན་གཞི་བྱས་པའི་དོལ་རྒྱལ་ཚོགས་པའི་ཆོས་ཚོགས་རྣམས་ཀྱི་འགན་འཛིན་རྣམས་ལ་དྲིས་བརྩད་བྱས་སྐབས་ལན་འདེབས་གསལ་བཤད་གང་ཡང་བྱེད་མི་འདུག་ ཀྱང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས། Reuters གསར་སྤེལ་ཁང་གིས་འདོན་སྤེལ་བྱས་པའི་ཞིབ་འཇུག་གི་དཔྱད་གཏམ་དེ་ལ་ངོས་ལེན་མེད་སྐོར་དང་སྦྲགས། རྒྱ་ནག་གཞུང་གི་ངོས་ནས་བོད་རང་སྐྱོང་ལྗོངས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་གི་ནང་ལ་ཆོས་ལུགས་ཀྱི་རང་དབང་འདྲ་མཉམ་སྤྲོད་བཞིན་ཡོད་པ་དང་། ཆོས་ཕྱོགས་ཀྱི་ལས་དོན་ཐད་ལ་ཁྲིམས་འགལ་གྱི་ཐེས་བྱུས་གང་ཡང་བྱེད་ཀྱི་མེད་པ་མ་ཟད། དེ་བཞིན་ཆོས་ལུགས་ཕན་ཚུན་དབར་ལ་དད་པ་དང་གུས་བརྩི་སོགས་འདྲ་མཉམ་ཡོད་པ་བརྗོད་འདུག

སྐྱེ་རྒུ་མདོར་སྣོད་བཅུད་ལ་གནོད་འཚེ་མི་ཡོང་བའི་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་བཞིན་འདུག

རང་བྱུང་ཁོར་ཡུག་ལ་འབག་བཙོག་གཏོར་བཤིག་བྱེད་པའི་རྐྱེན་གྱིས་ཕྱིའི་སྣོད་ཀྱི་ཡུལ་ལྗོངས་ཉམས་ཆག་དང། ནང་བཅུད་ཀྱི་སེམས་ཅན་ཀུན་ལ་ནད་ན་ཚ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། བོད་ཁམས་རྒ་སྐྱེ་རྒུ་མདོར་ཁོར་ཡུག་གཙང་བཟོ་དང་ཡུལ་ལྗོངས་ཉམས་གསོའི་ལས་འགུལ་སྤེལ་བཞིན་འདུག ལས་འགུལ་དེ་ནི་ ༢༠༡༢ ལོར་གསར་བཙུགས་གནང་པའི་བོད་ནང་གི་ཡུལ་ལྗོངས་ཉམས་གསོ་ཚོགས་པས་སྣེ་ཁྲིད་འོག སྐྱེ་རྒུ་མདོའི་ཆུ་དམར་ལེབ་རྫོང་ཁོངས་འབའ་དགོན་གྲོང་སྡེའི་འོག་ཡོད་པའི་ས་གནས་ཁག་ཅིག་གི་ནང་ལ་སྤེལ་བཞིན་འདུག འདི་གར་གནས་ཚུལ་མཁོ་སྤྲོད་གནང་མཁན་ཡོ་རོབ་ཏུ་བཅའ་བཞུགས་བ་སེང་གེ་དཀར་པོ་བོད་ལགས་ཀྱིས་བཏང་གནང་པའི་པར་དང་བརྙན་ཐུང་རེ་ཟུང་ནང་། ས་གནས་སུ་བོད་མི་རྣམས་ནས་ཤོག་བུ་དང་འགྱིག་ཤོག་རིགས་མེར་སྲེག་དང་། ཨ་རག་གི་ཤེལ་དམ་ཆག་པོ་ཁག་སྒྲུག་བཞིན་འདུག ཁོང་ལ་ས་གནས་ནས་གནས་ཚུལ་ངོ་སྤྲོད་གནང་དོན་ལ།  ཁུལ་དེར་ཁོར་ཡུག་གཙང་བཟོ་དང་ཡུལ་ལྗོངས་ཉམས་གསོའི་ལས་འགུལ་དེ་ལྟར་མ་སྤེལ་བ་ཡིན་ན། མ་འོངས་པ་ན་ཡུལ་ལྗོངས་ཉམས་ཉེས་དང་མི་ཕྱུགས་ཟོག་གསུམ་ལ་གོད་ཆག་འཕྲད་ངེས་ཡིན་པའི་ཞེད་སྣང་དང་དངངས་སྐྲག་བྱེད་ཀྱི་ཡོད་པ་རེད་འདུག     གཙང་བཟོའི་ལས་འགུལ་ཁྲོད་ཁོར་ཡུག་འབག་བཙོག་བཏང་མཁན་གཙོ་བོ་གང་ཡིན་ཐད་ལ་སེང་གེ་དཀར་པོ་བོད་ལགས་ནས་མུ་མཐུད་འགྲེལ་བརྗོད་གནང་པར་ཡུལ་ལྗོངས་ཉམས་གསོ་ཚོགས་པའི་ལས་འགུལ་བ་ཚོས་བོད་མཐོ་སྒང་གི་ཁོར་ཡུག་དེ་བཞིན་སེམས་འཚབ་དགོས་པའི་ཉམས་ཉེས་སུ་འགྲོ་བཞིན་ཡོད་པར་རྒྱལ་སྤྱིའི་ཐོག་ནས་ཐུགས་སྣང་དགོས་པའི་རེ་བ་གནང་གི་ཡོད་པ་གསུངས་ཀྱི་འདུག གཞི་རྩའི་ཡུལ་ལྗོངས་ཉམས་གསོ་ཚོགས་པ་ཞེས་པ་དེ་ནི་ཕྱི་ལོ་ ༢༠༡༢ ལོར་གསར་བཙུགས་གནང་སྟེ། ལོ་བསྟུད་མར་བོད་ནང་དུ་ཁོར་ཡུག་གཙང་བཟོ་དང་ཡུལ་ལྗོངས་ཉམས་གསོའི་ལས་འགུལ་སྤེལ་བཞིན་པ་རེད་འདུག

རེས་གཟའ་མིག་དམར། ༢༠༡༥།༡༢།༢༢

ཉན་པ།: Listen ཕབ་ལེན། Download རྒྱ་གཞུང་ནས་དོལ་རྒྱལ་རྗེས་འབྲང་པ་ལ་རྒྱབ་སྐྱོར་བྱེད་བཞིན་པ་ར་སྤྲོད་གནང་འདུག བོད་ཀྱི་བླ་སྤྲུལ་གྱི་བདེན་དོན་གསལ་བཤད་གནང་རྒྱུའི་འོས་འགན་བླ་སྤྲུལ་རྣམས་ལ་ཡོད་པ་གསུངས་འདུག ༸གོང་ས་མཆོག་གིས་རྒྱ་གཞུང་ནས་ཏཱ་ལའི་བླ་མའི་ཡང་སྲིད་ལ་ཐད་བྱུས་བྱེད་པ་དེ་ནི་འགོད་བྲོ་བ་ཞིག་ཡིན་པ་གསུངས་འདུག སྐྱེ་རྒུ་མདོར་སྣོད་བཅུད་ལ་གནོད་འཚེ་མི་ཡོང་བའི་ཁོར་ཡུག་གཙང་བཟོའི་ལས་འགུལ་སྤེལ་བཞིན་འདུག ཕུ་ཊི་ཅང་ལ་ལོ་གསུམ་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད། Tuesday 22/12/2015 China co-opts Shugden followers in global effort to smear Dalai Lama: Reuters Tibetan Trulkus should speak up against legitimacy issues: Tibetan Professor in Beijing Kyegudo Tibetans engage in environment protection campaign China’s interest in reincarnation issue a joke, says Dalai Lama Pu Zhiqiang gets 3 years suspended jail sentence

རྒྱ་གར་གཞུང་གིས་མུ་མཐུད་ནས་༸གོང་ས་མཆོག་རྒྱ་གར་རྒྱལ་ཡོངས་ཀྱི་གནམ་ཐང་ཁག་ལ་ལུས་བཤེར་གནང་མི་དགོས་པའི་ཆོག་མཆན་ཕུལ་འདུག

རྒྱ་གར་གཞུང་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་རྒྱལ་ཡོངས་ཀྱི་གནམ་ཐང་ཁག་ནས་ཕྱོགས་ཕེབས་གནང་སྐབས་ལུས་བཤེར་གནང་མི་དགོས་པའི་དམིགས་བསལ་ཐོབ་ཐང་དེ་བཞིན་མུ་མཐུད་ནས་ཕུལ་རྒྱུ་རེད་འདུག དེ་ཡང་ལོ་འདིའི་ཟླ་བ་དགུ་པའི་ནང་རྒྱ་གར་ནང་སྲིད་ལས་ཁུངས་ཀྱིས་རྒྱ་གར་གྱི་Civil Aviation Ministry འམ་རྒྱ་གར་མཁའ་ལམ་འགྲུལ་བཞུད་ལས་ཁུངས་ནས་རྒྱ་གར་དབུས་གཞུང་ནས་ད་བར་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་ཁྱོན་ཆེ་མཐོའི་མི་སྣ་དང་འབྲེལ་བའི་སྡེ་ཚན་ཁག་ ༣༣ ལ་རྒྱ་གར་རྒྱལ་ཡོངས་ཀྱི་གནམ་ཐང་བརྒྱུད། རྒྱ་གར་དང་རྒྱལ་སྤྱིའི་ས་གནས་ཁག་ལ་ཕྱོགས་ཕེབས་གནང་སྐབས་ལུས་བཤེར་རིགས་གང་ཡང་གནང་མི་དགོས་པའི་ཆེ་མཐོའི་དམིགས་བསལ་ཅན་གྱི་ཐོབ་ཐང་ཞིག་ཕུལ་བཞིན་པར་བསྐྱར་ཞིབ་གནང་དགོས་པའི་བཀོད་ཁྱབ་གནང་ཡོད་ཀྱང་། དེ་རིང་རྒྱ་གར་གྱི་ Economic Times གསར་སྤེལ་ཁང་གི་དྲ་ཚིག་ཐོག་གནས་ཚུལ་སྤེལ་བ་གཞིགས་ན། ཟླ་བ་འདིའི་ཕྱི་ཚེས་བཅུ་བཞི་ཉིན་རྒྱ་གར་དབུས་གཞུང་ནས་རྒྱ་གར་མཁའ་ལམ་འགྲུལ་བཞུད་ལས་ཁུངས་སུ་ཕྱག་བྲིས་ཤིག་གནང་པའི་ནང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་དབུས་གཞུང་ནས་ཕུལ་བཞིན་པའི་ཆེ་མཐོའི་ཐོབ་ཐང་དེ་བཞིན་མུ་མཐུན་ནས་ཕུལ་རྒྱུ་ཡིན་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གྱི་གནད་དོན་ཐད་ལ་བསྐྱར་ཞིབ་གང་ཡང་གནང་མི་དགོས་པ་གསུངས་འདུག དེ་བཞིན་གསར་ཁང་དེའི་ཐོག་རྒྱ་གར་མཁའ་ལམ་འགྲུལ་བཞུད་ལས་ཁུངས་ཀྱི་བློན་ཆེན་ཞིག་ནས། རྒྱ་གར་དབུས་གཞུང་གིས་མགོན་པོ་མཆོག་ལ་ཐག་གཅོད་དེ་ལྟར་གནང་དགོས་པའི་རྒྱུ་མཚན་གང་ཡིན་མིན་ཐད་ལ་གསལ་ཁ་གང་ཡང་གནང་མེད་ཀྱང་། དེ་ནི་རྒྱ་གར་དབུས་གཞུང་གི་བཀོད་ཁྱབ་ཡིན་སྐོར་གསུངས་པ་མ་ཟད། ཐེངས་འདིའི་བསྐྱར་ཞིབ་ཀྱི་ལས་རིམ་དེའི་ཁྲོད་རྒྱ་གར་ Congress ཚོགས་པའི་ཚོགས་གཙོ་ Sonia Gandhi ཡི་བུ་མོའི་མག་པ་ Robert Vadra ལགས་སུ་རྒྱ་གར་དབུས་གཞུང་ནས་གནང་བཞིན་པའི་ཆེ་མཐོའི་ཐོབ་ཐང་དེ་མཚམས་འཇོག་གནང་རྒྱུའི་ཐག་གཅོད་བྱུང་ཡོད་པ་ཡང་བརྗོད་འདུག

ཨ་རི་གཞུང་ནས་བོད་མི་ཚོར་ཨ་སྒོར་ས་ཡ་དྲུག་རོགས་སྐྱོར་གནང་རྒྱུའི་སྔོན་རྩིས་གཏན་འབེབས་གནང་འདུག

  ཨ་རི་གཞུང་ནས་རྒྱ་གར་དང་བལ་ཡུལ་ནང་དུ་གནས་སྡོད་བྱེད་བཞིན་པའི་སྐྱབས་བཅོལ་བོད་མི་རྣམས་ཀྱི་འཚོ་ཐབས་ལ་རྒྱབ་བསྐྱོར་དང་། བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་ཁག་སྲུང་སྐྱོབ་ཐུབ་ཆེད་དུ་ཨ་སྒོར་ས་ཡ་དྲུག་རོགས་སྐྱོར་གནང་རྒྱུའི་ཐུགས་ཐག་བཅད་འདུག  དེ་རིང་ཟླ་ ༡༢ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ནས་ལོ་རྗེས་མ་ ༢༠༡༦ ལོའི་ཨ་རི་གཞུང་གི་རྒྱལ་ཡོངས་ལོ་འཁོར་སྔོན་རྩིས་གཏན་འབེབས་གནང་བཞིན་པའི་ཁྲོད་དེར། ཨ་རི་རྒྱལ་ཡོངས་གྲོས་ཀྱི་ངོས་ནས་ལོ་རྗེས་མིའི་སྔོན་རྩིས་ཀྱི་དཔལ་འབྱོར་རྒྱབ་སྐྱོར་གྱི་ཟུར་བཅད་མ་དངུལ་ཞེས་པའི་ཚན་པའི་འོག རྒྱ་གར་དང་བལ་ཡུལ་ནང་སྐྱབས་བཅོལ་དུ་གནས་བཞིན་པའི་བོད་རིགས་རྣམས་ཀྱི་འཚོ་ཐབས་ལ་ཡར་རྒྱས་གཏོང་ཐབས་དང་། བོད་ཀྱི་ཐོུང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་གནང་རྒྱུ། དེ་བཞིན་གཞོན་སྐྱེས་ཀྱི་ཤེས་ཡོན་དང་མ་འོངས་བོད་མིའི་འགོ་ཁྲིད་ཀྱི་ནུས་སྟོབས་གོང་འཕེལ་ཡོང་ཐབས་སོགས་ལ་དམིགས་ནས་ཨ་སྒོར་ས་ཡ་དྲུག་ལས་མི་ཉུང་བ་ཞིག་རོགས་སྐྱོར་གནང་རྒྱུའི་ཐག་བཅད་གནང་ཡོད་པ་རེད། རྩ་བའི་ཨ་རི་གཞུང་ནས་ལོ་སྔོན་མའི་སྔོན་རྩོས་ནང་བོད་མིི་རྣམས་ཀྱི་འཚོ་ཐབས་དང་འབྲེལ་ཨ་སྒོར་ས་ཡ་གསུམ་རོགས་སྐྱོར་གནང་ཡོད་པ་དང་། ད་ལན་ཨ་རིའི་གྲོས་ཚོགས་ནས་ཐག་གཅོད་གནང་པའི་སྔོན་རྩིས་ཀྱི་རྩ་འབོར་དེ་ནི། དེ་སྔ་ཨ་རི་གཞུང་ནས་གནང་བཞིན་པའི་རོག་སྐྱོར་མ་དངུལ་ཐོག་བརྒྱ་ཆ་བརྒྱ་ཐམ་པ་སྤར་གནང་སྟེ་ཨ་སྒོར་ས་ཡ་དྲུག་ཆགས་པ་ཞིག་ཡིན་པ་རེད།   ཟླ་བ་འདིའི་ཚེས་ ༡༨ ཉིན་ཨ་རིའི་སྲིད་འཛིན་ Barak Obama མཆོག་ནས་ཨ་རི་རྒྱལ་ཡོངས་གྲོས་ཚོགས་ནས་ཐག་གཅོད་གནང་པའི་ཁྲིམས་འཆར་དེ་ལ་རྒྱབ་སྐྱོར་དང་སྦྲགས་མཚོན་རྟགས་བསྐྱོན་འདུག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཨ་རི་གཞུང་ནས་ད་བར་བོད་མི་རིགས་དང་བོད་པའི་སྤྱི་ཚོགས་ཐོག་གཏོང་ཕོད་ཆེན་པོས་དཔལ་འབྱོར་སོགས་ཀྱི་རྒྱབ་སྐྱོར་མུ་མཐུད་གནང་བཞིན་པར་ཐུགས་རྗེ་ཆེ་ཞེས་ཞུས་གནང་འདུག      

རེས་གཟའ་ཟླ་བ། ༢༠༡༥།༡༢།༢༡

ཉན་པ།: Listen ཕབ་ལེན། Download མཛོད་དགེ་ནས་བོད་མི་ཞིག་གིས་ཞི་རྒོལ། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གནས་སྤོ་གཏང་རྒྱུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་བཟང་སྤྱོད་ཀྱི་ལྟ་གྲུབ་སྐོར་གསུངས་ངེས་ཡིན་པ་བཀའ་བསྩལ་འདུག ༸གོང་ས་མཆོག་ལ་གནམ་ཐང་ཁག་ཏུ་ལུས་བཤེར་བྱ་རྒྱུ་མིན་པའི་ཐག་གཅོད། སཾ་བྷོ་ཊའི་བོད་སློབ་སྤྱི་ཁྱབ་ཡིག་ཚང་ལ་Jewel of India ཞེས་པའི་གཟེངས་རྟགས་ཐོབ་འདུག ཨ་རིས་བོད་མི་ཚོར་ཨ་སྒོར་ས་ཡ་དྲུག་གི་རོགས་རམ་སྔོན་རྩིས་གཏན་འབེབ་གནང་འདུག རྒྱ་གཞུང་ནས་ཝང་ལི་ཞུང་ལ་བཀག་འགོག དམིགས་བསལ་ལེ་ཚན། སྲིད་སྐྱོང་སྟག་བྲག་སྐབས་ཀྱི་བོད་ཀྱི་ཆབ་སྲིད་གནས་བབ། Monday 21/12/2015 Lone Tibetan stages protest in Ngaba TAR faces possible leadership change Dalai Lama to remain on no-frisking list at airports US Sanctions Massive Six Million Dollars for Tibetans in Nepal and India Sambhota honored with Jewel of India award Wang Lixiong barred from leaving for Japan on national security grounds HISTORY FEATURE: Political situation of Tibet during Sikyong Taktra Rinpoche

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྡེ་བཀྲིས་ལྷུན་པོར་བྱང་ཆུབ་ལམ་རིམ་གྱི་ཆོས་འབྲེལ་དབུ་འཛུགས་བསྐྱངས་པ།

ཁ་སང་ཕྱི་ཟླ་ ༡༢ ཚེས་ ༢༠ སྔ་དྲོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྡེ་བཀྲིས་ལྷུན་པོར་ལོ་སྔོན་མའི་བྱང་ཆུབ་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་གཞུང་འཕྲོ་སྐྱོང་ཞྭ་དམར་ལམ་རིམ་ནས་ ཆོས་འབྲེལ་དབུ་འཛུགས་མཛད་ཡོད་པ་རེད།     ༸གོང་ས་མཆོག་ནས་ལམ་རིམ་གྱི་བཀའ་ཁྲིད་དབུ་འཛུགས་མ་མཛད་གོང་སྔོན་འགྲོའི་ཆོས་བཤད་བཀའ་སློབ་བསྩལ་བའི་ཁྲོད་ཐོག་མར་བོད་ནང་སངས་རྒྱས་ཀྱི་ཆོས་འབྱུང་དར་འཕེལ་གྱི་ངོ་སྤྲོད་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་རྒྱ་གར་གྱི་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་པདྨ་འབྱུང་གནས་གདན་འདྲེན་ཞུས་ཏེ་བོད་དུ་ནང་ཆོས་དར་རྒྱས་བྱུང་བ་དང་། རྗེས་སུ་རིམ་བཞིན་བོད་བརྒྱུད་ནང་བསྟན་ལ་དར་གུད་སྣ་ཚོགས་བྱུང་ནས་བོད་སིལ་བུར་ཐོར་རྗེས་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྙིང་སྟོབས་ཆེན་པོས་རང་སྲོག་བློས་གཏོང་དང་དཀའ་བ་བརྒྱ་ཕྲག་ཁྱད་དུ་སད་ནས་རྒྱ་གར་ནས་ཇོ་བོ་རྗེ་བོད་དུ་གདན་དྲངས་ཏེ་སངས་རྒྱས་པའི་བསྟན་པ་ཉམས་གསོ་མཛད་དེ། ད་བར་དཔལ་ན་ལེནྡྲའི་མཁས་པའི་གཞུང་དེ་དག་བོད་པ་ཁོ་ནས་འཛིན་སྐྱོང་སྤེལ་གསུམ་བྱས་ཡོད་པ་བཀའ་གནང་འདུག་པ་མ་ཟད། ལོ་ངོ་ ༢༦༠༠ ལྷག་སོང་བའི་ནང་པའི་ཆོས་དེ་དུས་ད་ལྟའང་འཛམ་གླིང་འདིར་གལ་ཆེན་པོ་བྱས་ཏེ་གནས་ཡོད་པ་ཙམ་མ་ཟད། ལྷག་དོན་ནང་ཆོས་ལ་དོ་སྣང་བྱེད་མཁན་ཡང་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད་ཅེས་བཀའ་སློབ་གནང་འདུག མགོན་༸གང་ཉིད་མཆོག་ནས་མུ་མཐུད་གསུངས་པར་བོད་དང་ཧི་མཱ་ལ་ཡའི་རི་རྒྱུད་སོགས་ནང་པའི་ཡུལ་ལུང་་ཁག་ནང་དར་ཁྱབ་བྱུང་བའི་ནང་ཆོས་ལ་བརྟེན་ནས་མིའི་སེམས་འདུལ་བར་ཕན་ཐོགས་ཅན་ཞིག་ཡིན་པ་དང། དེ་བཞིན་སྤྱི་ཚོགས་དང་ཁྱིམ་ཚང་ནའང་རང་ཉིད་ཀྱི་ལུས་སེམས་བདེ་ཐང་ཡོང་གི་ཡོད་ཅིང། སྤྱིར་ཆོས་ལུགས་ཚང་མས་བྱམས་བརྩེའི་བསླབ་བྱ་གཅིག་གྱུར་དུ་བསྟན་ཡོད་ཀྱང། ནང་པ་སངས་རྒྱས་པའི་ཉམས་ལེན་གནང་ཕྱོགས་ནི་འཚེ་བ་མེད་པའི་ལྟ་བ་དང་དེའི་རྒྱབ་རྟེན་དུ་བདག་མེད་རྟེན་འབྱུང་གི་ལྟ་བར་བརྟེན་ཡོད་པ་ནི་ཐོུང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པ་སོགས་ངོ་སྤྲོད་མཛད་འདུག      རྩ་བའི་ཐེངས་འདིའི་བྱང་ཆུབ་ལམ་རིམ་གྱི་བཀའ་ཆོས་སུ་ཆོས་ཞུ་བའི་གྲངས་འབོར་ནི་ ༣༠༠༠༠ ལྷག་ཡོད་པ་དང་དེའི་ཁྲོད་ཕྱི་རྒྱལ་རྒྱལ་ཁབ་ ༥༦ ཙམ་ནས་ཚོགས་བཅར་ཞུས་འདུག

Latest news