Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: January, 2016

བོད་ནང་དུ་༸རྒྱལ་བའི་ཞབས་རིམ་གསོག་སྒྲུབ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་ཆ་ཨ་རིའི་ Mayo སྨན་ཁང་དུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་བཞིན་པའི་དུས་མཚམས་འདིར། བོད་ཕྱི་ནང་གཉིས་སུ་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ཁག་ལམ་ལྷོང་ལྡན་པ་ཡོང་ཕྱིར་གསོལ་འདེབས་སྨོན་ལམ་སོགས་གསོག་སྒྲུབ་ཞུ་མུས་ཡིན་པ་དང་། ཁྱད་པར་དུ་བོད་ཁམས་དཀར་མཛེས་བྲག་འགོ་རྫོང་ཁོངས་ལྕོག་རི་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་དགོན་དང་ས་གནས་མང་ཚོགས་སྟོང་ཕྲག་ཁ་ཤས་ནས་༸སྐུ་ཕྱྭའི་ཞབས་རིམ་ཆེད་༸རྒྱལ་བའི་མཚན་སྔགས་དང་སྨན་བླའི་གཟུངས་སྔགས་སོགས་གསོག་སྒྲུབ་གནང་འདུག རྩ་བའི་ཊེ་ཧོར་ལྕོག་རི་དགོན་གྲོང་གི་སེར་སྐྱ་མང་ཚོགས་ནས་བོད་ཟླ་ ༡༢ ཚེས་ ༡ ནས་འགོ་འཛུགས་ཀྱིས་ ༡༦ བར་མ་ཎི་གསོག་སྒྲུབ་སོགས་ཀྱི་ཚོགས་མཆོད་སྨོན་ལམ་ཚོགས་གནང་འདུག་པ་དང། ཁྱད་པར་དུ་ཁ་སང་ཉིན་མཐའ་མ་སྟེ་ཚེས་༡༧ཉིན་༸གོང་ས་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་སྒྲིག་གཤོམ་གྱིས་འབུམ་ཚོགས་རྒྱས་པ་ཚོགས་འདུག  གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ ༡༩ ཉིན་བཞུགས་སྒར་ནས་ཨ་རིར་ཕེབས་ཐོན་མཛད་དེ་ཨ་རིའི་Minnesoata མངའ་སྡེའི་Mayo སྨན་ཁང་དུ་ Prostate འམ་ལྒང་འོག་གཤེར་རྨེན་གྱི་སྨན་བཅོས་གཙོས་པའི་༸སྐུའི་འཕྲོད་བཞེས་ཀྱི་བརྟག་དཔྱད་གནང་མུས་ཡིན་པ་རེད། ABC གསར་སྤེལ་ཁང་ནས་ Rochester སྨན་ཁང་ལ་ཐེངས་འདིའི་༸གོང་ས་མཆོག་གི་༸སྐུའི་འཕྲོད་བཞེས་བརྟག་དཔྱད་སྐོར་ལ་བཀའ་འདྲི་ཞུས་པའི་ཁྲོད། སྨན་པས་གསུངས་ཡག་ལ་ Prostate འམ་ལྒང་འོག་གཤེར་རྨེན་གྱི་སྨན་བཅོས་འདི་ནི་དགུང་ལོ་ཡར་ཕེབས་སྐབས་ང་ཚོ་མང་ཆེ་བ་ལ་དཀའ་ངལ་འདི་འཕྲད་ཀྱི་ཡོད་པས། ཧ་ཅང་ཛ་དྲག་དང་སེམས་འཚབ་བྱ་དགོས་ཡག་ཞིག་མ་རེད་བཅས་གསུངས་ཡོད་་པ་རེད།    

རེས་གཟའ་མིག་དམར། ༢༠༡༦།༠༡།༢༦

ཉན་པ།: Listen ཕབ་ལེན། Download ༸སྐུའི་འཕྲོད་བཞེས་བརྟག་དཔྱད་ལམ་ལྷོང་ལྡན་པ་ཡོང་ཆེད་བོད་ནང་དུ་ཞབས་རིམ་གསོག་སྒྲུབ། དཔའ་ལུང་རྫོང་སྲིད་གཞུང་ནས་མི་དམངས་ཀྱི་མངོན་འདོད་འགྲུབ་རྒྱུའི་ཁས་ལེན། སྲིད་སྐྱོང་མཆོག་གིས་རྒྱ་གར་མང་གཙོ་དབུ་བརྙེས་ཉིན་མོར་འཚམས་འདྲི་གནང་བ། སྐབས་གཉིས་པའི་གཞུང་ཆེན་ཉམས་ཞིབ་རིག་པའི་ཟབ་སྦྱོང་ལེགས་གྲུབ། དབྱིན་ཡུལ་ཕྱི་སྲིད་ལས་ཁུངས་སུ་རྒྱ་ནག་གི་བོད་ནང་དྲག་གནོན་ལག་བསྟར་བྱེད་བཞིན་པའི་སྐོར་ཞུས་འདུག ངའི་སྤྱི་འཐུས་ཞེས་པའི་དམིགས་བསལ་ལེ་ཚན། བོན་པོའི་འོས་མི་དགེ་བཤེས་རྣམ་དག་གཙུག་ཕུད།་ Tuesday 26/01/2016 Tibetans inside Tibet hold prayer vigil for Dalai Lama's health Palung County authorities agree to consider local Tibetans appeal SIkyong greets India on 67th Republic Day celebration 3 days workshop on Research Methodology in Varanasi My MP: Bon candidate Geshe Namdak Tsukphue

སྲིད་སྐྱོང་མཆོག་གིས་རྒྱ་གར་མང་གཙོ་དབུ་བརྙེས་ཉིན་མོར་འཚམས་འདྲི་གནང་པ།

དེ་རིང་ཕྱི་ཟླ་༡ཚེས་༢༦སྟེ་རྒྱ་གར་མང་གཙོ་དབུ་བརྙེས་ནས་ལོ་ངོ་༦༧འཁོར་བའི་ཉིན་མོར་འདི་ག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་དྷ་ས་གངས་ཅན་སྐྱིད་ཤོངས་བཀའ་ཤག་གི་མདུན་ངོས་སུ་སྔ་དྲོ་ཚོུད་ ༩།༠༠ སྟེང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་ལྷན་འཛོམས་ཀྱིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་ཞིང་། རྒྱ་གར་རྒྱལ་གླུ་བླངས་ནས་དུས་ཆེན་སྲུང་བརྩི་ཞུས་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེ་རིང་གི་དུས་ཚིགས་དང་བསྟུན། རྒྱ་གར་གཞུང་དམངས་གཉིས་ལ་བཀྲིན་ཆེ་ཞུའི་འཚམས་འདྲི་གནང་སོང་བ་དང། ལྷག་པར་དུ་གསར་འགོད་པས་དྲི་བར་བཀའ་ལན་གནང་པའི་ཁྲོད། རྒྱ་གར་གྱིས་ཞི་བའི་ཐོག་ནས་རྩ་དོན་རྩོད་པར་བརྟེན་གྲུབ་འབྲས་སོན་ཡོད་སྟབས། བོད་མིའི་འཚེ་མེད་ཞི་བའི་འཐོབ་རྩོད་ལའང་དེ་མཚུངས་ལམ་ལྷོང་ཡོང་རྒྱུ་ཡིན་པ་གསུངས་ཡོད། སྔ་ཐོག་མཛད་སྒོ་གྲུབ་བསྟུན། སྔ་དྲོ་ཚོུད་ ༡༡།༠༠ ཐོག་སྲིད་སྐྱོང་མཆོག་ས་གནས་ཀྱི་ཉེན་རྟོག་ཐང་ཆེན་དུ་རྒྱ་གར་གྱི་མཛད་སྒོར་ལྷན་བཞུགས་ཀྱིས་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་ཡང་གནང་འདུག  

དགེ་བཤེས་རྣམ་དག་གཙུག་ཕུད།

དགེ་བཤེས་རྣམ་དག་གཙུག་ཕུད། ཕབ་ལེན།

རེས་གཟའ་ཟླ་བ། ༢༠༡༦།༠༡།༢༥

ཉན་པ།: Listen ཕབ་ལེན། Download བོད་མིའི་ཆབ་སྲིད་བཙོན་ཟུར་སྐལ་བཟང་ཚེ་རིང་ལགས་གནས་སྐབས་སྲོག་ཉེན་ནས་ཐར་འདུག རྒྱ་གཞུང་གིས་ངོས་འཛིན་ཡོད་པའི་བླ་སྤྲུལ་གྱི་ཐོ་གཞུང་བཏོན་པ་དེ་ནི་བོད་ཀྱི་ཆོས་ཕྱོགས་ལས་དོན་ལ་ཐེས་བྱུས་བྱེད་རྒྱུའི་སྲིད་བྱུས་ཡིན་པ་བརྗོད་འདུག རྒྱ་གར་བྱང་ཤར་གྱི་རིག་གཞུང་དུས་བསྟོན་ཞིག་ཏུ་བོད་མི་ཚོས་མཉམ་བཞུགས་གནང་པ། ངའི་སྤྱི་འཐུས་པའི་དམིགས་བསལ་ལེ་ཚན། བོན་པོའི་འོས་མི་དགེ་བཤེས་སྨོན་ལམ་ཐར་ཕྱིན། དམིགས་བསལ་ལེ་ཚན། སྲིད་སྐྱོང་སྟག་བྲག་སྐབས་ཀྱི་བོད་ཀྱི་ཆབ་སྲིད་གནས་བབ། Monday 25/01/2016 Slight improvement in recently released Tibetan political prisoner’s health China has no business in reincarnation system: Tibetan PM-in-exile Tibet at North–East festival: Delhi My MP: Bon candidate Geshe Monlam Tharchin HISTORY FEATURE: Political situation of Tibet during Sikyong Taktra Rinpoche

དགེ་བཤེས་སྨོན་ལམ་ཐར་ཕྱིན།

དགེ་བཤེས་སྨོན་ལམ་ཐར་ཕྱིན། ཕབ་ལེན།

རེས་གཟའ་ཉི་མ། ༢༠༡༦།༠༡།༢༤

ཉན་པ།: Listen ཕབ་ལེན། Download ངའི་སྤྱི་འཐུས་ཞེས་པའི་དམིགས་བསལ་ལེ་ཚན། ཡོ་རོབ་འོས་མི་ཐུབ་བསྟན་རྒྱ་མཚོ་དང་ཟམ་མདོ་བྱམས་པ་ཚེ་རིང། Sunday 24/01/2016 “My MP”: Europe MP candidate Thubten Gyatso and Samdho Jampa Tsering

Latest news