Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: May, 2016

རེས་གཟའ་ཟླ་བ། ༢༠༡༦།༠༥།༢༣

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཤྲི་ལངྐའི་ནང་ཆར་ཞོད་ཀྱི་འཇིག་པ་བྱུང་བར་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་འཕྲིན་བསྩལ་བ། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཆེད་དུ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ། རྒྱ་གཞུང་གིས་བོད་ནང་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་བཞིན་པ་གསལ་བཏོན། ལྡི་ལིར་རྒྱ་གར་གྱི་ནང་སྲིད་བློན་ཆེན་མཆོག་དབུ་བཞུགས་ཐོག་ས་ག་ཟླ་བ་སྲུང་བརྩི།སས འདི་ལོའི་སྲིད་སྐྱོང་སློབ་ཡོན་བཞེས་མཁན་བོད་ཕྲུག་གཅིག་ཀྱང་བྱུང་མི་འདུག བཀའ་སྤྱི་གཉིས་ཀྱིས་སྐུ་ཞབས་མར་ཀོ་པ་ནེལ་མཆོག་འདས་གྲོངས་སུ་གྱུར་བར་ཐུགས་གསོ་གནང་པ། Monday 23/05/2016 Dalai Lama inaugurates Thai monks’ march for world peace Dalai Lama extends sympathy to victims of Sri Lankan tragedy TYC cycle rally for Panchen Lama concludes in Delhi China expands repression in Tibet under ‘Stability Maintenance’: HRW Indian Home Minister attends International Buddha Poornima Celebrations: New Delhi CTA and TPiE condoles demise of Mr. Marco Pannella, long-time Tibet supporter 2016 Class 12 results out, no Sikyong scholarship candidate this year

༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཆེད་དུ་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་པའི་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནད་དོན་དང་འབྲེལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་གནང་འདུག དེ་ཡང་ཟླ་འདིའི་ཚེས་ ༡༧ ཉིན་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཨུ་ཏྲ་ཁན་ཌའི་རྒྱལ་ས་ལྡེ་ར་ལྡུན་ནས་དབུ་འཛུགས་ཀྱིས་ཁ་སང་ཚེས་ ༢༢ ཉིན་རྒྱལ་ས་ལྡི་ལིར་ཕྱི་དྲོ་ཙམ་ལ་འབྱོར་ཡོད་པ་དང་། དེ་རིང་ལས་འགུལ་འདིར་མཉམ་ཞུགས་བ་མི་གྲངས་ ༤༧ གྱིས་ Ramlila ཐང་ཆེན་ནས་ Jantar Mantar དབར་རྐང་འཁོར་སྐོར་བསྐྱོད་ཀྱིས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་ཞི་རྒོལ་གནང་པ་དང་སྦྲགས། རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེ་མཇུག་སྒྲིལ་གནང་ཡོད་པ་རེད། དེ་རིང་ཟླ་ ༥ ཕྱི་ཚེས་ ༢༣ ཉིན་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་མཇུག་སྒྲིལ་གནང་དོན་ནི་དེ་སྔ་ ༡༩༥༡ ལོའི་ཟླ་ ༥ ཕྱི་ཚེས་ ༢༣ ཉིན་ཆིང་ཡིག་དོན་ཚན་བཅུ་བདུན་བཞག་པ་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ངོས་ལེན་ནམ་ཡང་གནང་ཐབས་མེད་པའི་རྣམ་པ་གསལ་བཏོན་ཞུ་ཆེད་ཡིན་པ་དང་། ལས་འགུལ་གྱི་སྣེ་འཁྲིད་པ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཀྱིས་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ཆེད་དུ་གཟའ་འཁོར་གཅིག་རིང་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་དེའི་བརྒྱུད་བོད་ཀྱི་གཞོན་ནི་ལྷན་ཚོགས་ལ་བློ་སྤོབས་གསར་པ་ཞིག་སྦྱིན་བྱུང་ཞེས་གསུངས་ཡོད་པ་རེད། གཞི་རྩའི་ཐེངས་འདིའི་ལས་འགུལ་ནི་དེ་སྔ་སྤྱི་ལོ་ ༡༩༥༥ ཟླ་ ༥ ཕྱི་ཚེས་ ༡༧ ཉིན་རྒྱ་གཞུང་གིས་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་སྤུན་མཆེད་བཅས་པ་བཙན་དབང་གིས་འཛིན་བཟུང་བྱས་པའི་དུས་ཚིགས་དང་སྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཙོ་འགན་བཞེས་ཐོག་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཨུ་ཏྲ་ཁན་ཌའི་རྒྱལ་ས་ལྡེ་ར་ལྡུན་ནས་དབུ་འཛུགས་ཀྱིས་རྒྱལ་ས་ལྡི་ལི་བར་རྐང་འཁོར་སྐོར་བསྐྱོད་གནང་སྟེ། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡིན་མིན་གྱི་བདེན་དཔང་གསལ་བཏོན་དགོས་པ་དང་། རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་བོད་མི་རྣམས་ཀྱི་དགོས་འདུན་དང་མངོན་འདོད་ཁག་ལ་འགན་འཁུར་བྱ་དགོས་པ། བོད་ནང་གི་དངོས་ཡོད་གནས་ཚུལ་རྟོག་ཞིབ་ཆེད་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་ངེས་པར་དུ་གཏོང་དགོས་པ། དེ་བཞིན་རྒྱ་ནག་གཞུང་ནས་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་བཀྲོལ་གཏོང་དགོས་པ་བཅས་དགོས་འདུན་དོན་མཚན་བཞིའི་ཐོག་ཞུ་ཡིག་ཕུལ་ཡོད་པ་རེད། རྩ་བའི་ད་ལན་གྱི་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་འདི་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་ནས་གཙོ་འགན་གྱིས་སྣེ་འཁྲིད་འོག་བདེ་སྐྱིད་གླིང་། པོན་ཌ། ཕུ་རུ་ཝ་ལ། ཚེ་རིང་དོན་ལྡན་གླིང་། ར་ཇི་པུར། ཧར་པ་པུར། ན་ནི་ཏལ། མ་སུ་རི། ལྡི་ལི་བཅས་ཀྱི་ས་གནས་གཞོན་ནུའི་ཚོགས་མི་དང་། རྐང་འཁོར་བསྐོར་བསྐྱོད་ཀྱི་བོད་དོན་རྒྱབ་བསྐྱོར་ལས་འགུལ་བ་རྒྱ་གར་ཡུལ་མི་བསམ་གཏན་མི་ཤཱ་ར་གཙོས་པའི་བོད་དོན་རྒྱབ་བསྐྱོར་བ་ཁག་ཅིག་བཅས་ཁྱོན་མི་གྲངས་ ༤༧ གྱིས་མཉམ་ཞུགས་གནང་འདུག

༸གོང་ས་མཆོག་གིས་ཤྲི་ལངྐའི་ནང་ཆར་ཞོད་ཀྱི་འཇིག་པ་བྱུང་བར་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་འཕྲིན་བསྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་སྔོན་ཤྲི་ལངྐའི་ནང་ཆར་ཞོད་ཀྱི་རྐྱེན་ངན་འོག་ རྨས་སྐྱོན་དང་ཚེ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་ཐུགས་གསོ་བསྩལ་འདུག དེ་ཡང་མགོན་པོ་༸གང་ཉིད་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཤྲི་ལངྐའི་སྲིད་འཛིན་ Maithripala Sirisena མཆོག་གི་མཚན་ཐོག་ཏུ་གསུང་འཕྲིན་ཞིག་བསྩལ་ཡོད་པ་དང་། དེའི་ནང་༸གང་ཉིད་མཆོག་གིས་ཆར་ཞོད་ཀྱི་འཇིགས་པའི་གོད་ཆག་འོག་རྐྱེན་ལམ་དུ་འགྱུར་བ་དང་། རྨས་སྐྱོན་ཕོག་པ། དེ་བཞིན་ཤུལ་ལུས་ནང་མི་གཙོས་དགའ་ཉེ་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུའི་བཀའ་སྩལ་དང་སྦྲགས།  ད་ལན་གྱི་དོན་རྐྱེན་འོག་གོད་ཆགས་ཕོག་པའི་མང་ཚོགས་རྣམས་ལ་ཐུགས་སྨོན་མཛད་འདུག ལྷག་དོན་མགོན་པོ་༸གང་ཉིད་མཆོག་གིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ཏཱ་ལའི་བླ་མའི་དགེ་རྩ་ནས་ངལ་སེལ་རོགས་དངུལ་ཕྲན་བུ་འབུལ་རྒྱུ་ཡིན་ཞེས་བཀའ་བསྩལ་འདུག  

རེས་གཟའ་ཉི་མ། ༢༠༡༦།༠༥།༢༢

ཉན་པ།: Listen ཕབ་ལེན། Download གཟའ་འཁོར་གཅིག་གི་གསར་འགྱུར་བསྐྱར་ཞིབ། རྒྱ་གར་གྱི་མི་སེར་ཐོབ་ཐང་དང་འབྲེལ་བའི་ཁ་མཆུའི་སྐོར་དམིགས་བསལ་བཅར་འདྲི། Sunday 22/05/2016 Week Review Interview on PIL filed in India High Court seeking Indian Passport for Tibetans

རེས་གཟའ་སྤེན་པ། ༢༠༡༦།༠༥།༢༡

ཉན་པ།: Listen ཕབ་ལེན། Download འཕྲོད་བསྟེན་གྱི་དམིགས་བསལ་ཚོགས་ཆེན་སྐོར་ལ་ཕྱོགས་སྒྲིག་ཞུས་པའི་དམིགས་བསལ་ལས་རིམ། Saturday 21/05/2016 Special Meeting on Tibetan Healthcare: Special program

རེས་གཟའ་པ་སངས། ༢༠༡༦།༠༥།༢༠

ཉན་པ།: Listen ཕབ་ལེན། Download བསོད་ནམས་མཚོ་ལགས་ཀྱིས་ཆེད་དུ་གཞུང་འབྲེལ་ཆོས་འབུལ་སྨོན་ལམ་ཚོགས་པ། བོད་དོན་རྐང་འཁོར་སྐོར་བསྐྱོད་པ་རྒྱ་གར་གྱི་གྲོང་ཁྱེར་Meerut ནང་འབྱོར་འདུག བོད་ནང་ཕྱི་ཕྱོགས་བོད་མིའི་གསར་འགྱུར་ཉན་རྒྱུར་དམ་བསྒྲགས། རྟའུ་ནང་དགེ་འདུན་པ་ཞིག་བཀག་ཉར་བྱས་འདུག ཐེ་ལྦན་སྲིད་འཛིན་གསར་པས་རྒྱ་ནག་གཅིག་གི་སྲིད་བྱུས་སྐོར་འགྲེལ་བརྗོད་ཙམ་ཡང་བྱས་མེད་པ། རྒྱ་གཞུང་གིས་བོད་ནང་མེ་འཁོར་ལྕགས་ལམ་རྒྱག་རྒྱུར་འཕྲུལ་ཆས་དང་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་སྲིད་པ། རྒྱ་གར་གྲོང་ཁྱེར་ Mumbai ནང་བོད་དོན་དང་འབྲེལ་བའི་བགྲོ་གླེང་། Friday 20/05/2016 CTA holds prayer service for Sonam Tso and other Tibetan martyrs TYC Cycle Rally for Panchen Lama reaches Meerut China stepping up restriction on Tibetans against accessing foreign news Tawu mining petitioner detained, released after signing forced confession New Taiwan president omits one-China policy in first speech Panel discussion on Tibet in Mumbai Technological and political challenges awaits new Chinese railway line in Tibet: The Economist

རེས་གཟའ་ཕུར་བུ། ༢༠༡༦།༠༥།༡༩

ཉན་པ།: Listen ཕབ་ལེན། Download ཀརྨ་པ་རིན་པོ་ཆེ་མཆོག་སུད་སི་ནང་༸ཞབས་སོར་བདེ་བར་འཁོད་པ། འཕྲོད་བསྟེན་བཀའ་བློན་མཆོག་གིས་ཚོགས་ཆེན་གྱི་གྲོས་ཆོད་ཁག་ལག་བསྟར་གནང་རྒྱུ་གལ་ཆེ་ཡིན་པ་གསུངས་འདུག གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བོད་མི་ནང་ཁུལ་མཐུན་སྒྲིལ་དགོས་གལ་ཡིན་པ་བཀའ་སློབ་བསྩལ་འདུག བོད་རྒྱ་ཞི་མོལ་ལ་བལྟ་བ་ཞེས་པའི་དེབ་དབུ་འབྱེད། བྱང་ཨ་རི་ནང་ཆེས་ཐོག་མའི་རྒྱལ་ཡུམ་ཆེན་མོ་དྲན་རྟེན་རྐང་རྩེད་སྤོ་ལོའི་རྩེད་འགྲན་གོ་སྒྲིག བཞུགས་སྒར་དུ་བོད་ཀྱི་གློག་བརྙན་དུས་ཆེན་བདུན་པ་ཚོགས་གཏན་འཁེལ་བ། Thursday 19/05/2016 Karmapa Rinpoche arrives in Geneva, first stop of Europe tour Special conference on public healthcare concludes in Dharamsala Kyabje Ling Rinpoche in Bylakuppe, speaks on unity amongst Tibetans Book Release: Tibetan translation of book on Sino-Tibet Dialogue by Claude Arpi First ever North-America/ Europe GCM tournament to be held in Toronto Tibet Film Festival 2016 to be held this September in Zurich and Dharamsala

ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེས་མཐུན་སྒྲིལ་བྱེད་དགོས་པའི་བཀའ་སློབ་བསྩལ་འདུག

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིིས་ཆགས་གཉིས་ཀྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བེུད་ལྷན་ཚོགས་ཐོུང་གི་གོ་སྒྲིག་འོག བདེ་སྐྱིད་སླར་གསོའི་མང་ཚོགས་ཚོགས་ཁང་ནང་ཟླ་བ་འདིའི་ཕྱི་ཚེས་༡༡་ནས་ཚེས་༡༧བར། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་བོད་བསྟན་སྲིད་ཀྱི་ཆེད་མ་ཎི་དང་སྒྲོལ་མ་འབུམ་ཐེར་སོགས་གསོག་སྒྲུབ་གནང་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༡༨ཉིན་རྒྱལ་བའི་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ས་གནས་མི་མང་ལ་སྤྱན་རས་གཟིགས་དང་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བཀའ་དབང་བཀྲིན་བསྩལ་བ་མ་ཟད། བཀའ་དབང་གི་སྔོན་འགྲོའི་སྐབས་སུ་མང་ཚོགས་ལ་བོད་མི་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གནང་སྟེ། རྒྱལ་བའི་བཀའ་དགོངས་ལམ་སྟོན་འོག་ཤར་བསྐྱོད་ཐུབ་ཚེ་བོད་ཀྱི་བདེན་མཐའ་གསལ་ངེས་ཡིན་པ་ལམ་སྟོན་རྒྱ་ཆེ་བསྩལ་འདུག  

Latest news