Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: June, 2016

རེས་གཟའ་ཟླ་བ། ༢༠༡༦།༠༦།༡༣

ཉན་པ།: Listen ཕབ་ལེན། Download ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ནང་༸ཞབས་སོར་བདེ་བར་འཁོད་པ། བོད་ཀྱི་བེུད་རྐང་སྤོལ་རུ་ཁག་ཨང་གཉིས་པ་ཐོབ་འདུག རྒྱ་གཞུང་ནས་༸སྐུའི་ཡང་སྲིད་ལ་ཐེ་བྱུས་བྱས་པར་ངོས་ལན་མེད་པའི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ། རྒྱ་གར་ལྷོ་ཕྱོགས་ནང་༸སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ། རྒྱ་ནག་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་འབྲེལ་གློག་བརྙན་གཉིས་ཚུད་འདུག དམིགས་བསལ་ལེ་ཚན། བོད་ནང་བཀའ་ཤག་དང་སྲིད་སྐྱོང་གི་འཕེལ་རིམ་སྐོར། Monday 13/06/2016 Dalai Lama arrives at DC, USA Tibetan women’s team loses by penalty shootout in maiden tournament Say no to a Dalai Lama chosen by China: Free Tibet Prayer service in Sera monastery, Hunsur Settlement officer honoured Tibet stands out in China’s Shanghai international film festival HISTORY Feature: Kashag and Sikyong in Tibet before 1959

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རི་ནང་༸ཞབས་སོར་བདེ་བར་འཁོད་པ།

ཁ་སང་ཟླ་ ༦ ཕྱི་ཚེས་ ༡༢ ཉིན་རྒྱབ་ཚོུད་ ༣།༣༠ སྟེང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་༸གང་ཉིད་མཆོག་གི་བཞུགས་གནས་ Park Hyatt གསོལ་མགྲོན་ཁང་དུ་༸ཞབས་སོར་བདེ་བར་འཁོད་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཨ་རི་སྐུ་ཚབ་དོན་གཅོད་སྐལ་རྡོ་ལགས་ཀྱིས་གཙོས་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ།  བོད་དོན་རྒྱབ་སྐྱོར་བ། དེ་བཞིན་དད་ལྡན་མང་ཚོགས་རྣམས་ཀྱིས་ཕྱག་ཏུ་དྭངས་གཙང་མཇལ་དར་གཙོས་བདུག་སྤོས་བསྣམས་ཤིང། བཀྲིས་ཞོལ་པ་འཁྲབ་སྟོན་དང་གྲོ་སོ་ཕྱེ་མར་ཆང་ཕུད་བཅས་འདེགས་འབུལ་གྱིས་སྲོལ་རྒྱུན་ལམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད། ༸གང་ཉིད་མཆོག་གིས་དེ་རིང་ཚེས་ ༡༣ ནས་དབུ་འཛུགས་ཀྱིས་ཚེས་ ༢༥ བར་ཁྱོན་གཟའ་འཁོར་གཉིས་ཙམ་རིང་མཛད་འཕྲིན་བཀྲིན་ཆེ་བ་བསྐྱང་རྒྱུ་ཡིན་པ་རེད། མཛད་འཆར་གཞིགས་ན། ཕྱི་ཚེས་ ༡༣ ཉིན་རྒྱབ་ཚོུད་ ༡།༣༠ ནས་དབུ་འཛུགས་ཀྱིས་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོར་དེང་དུས་ཀྱི་འཛམ་གླིང་ནང་སེམས་ཀྱི་ཞི་བདེ་སྐོར་བཀའ་སློབ་བསྩལ་རྒྱུ་དང་། མཛད་རིམ་དེའི་ཐོག་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ Nancy Pelosi མཆོག་གིས་གཙོས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་དང་། གློག་བརྙན་ཁྲབ་སྟོན་པ་གྲགས་ཅན་ Richard Gere ལགས་སོགས་གནད་ཡོད་མི་སྣ་མི་ཉུང་ཞིག་ནས་མཉམ་ཞུགས་གནང་གི་ཡོད་པ་རེད་འདུག དེ་རྗེས་ཚེས་ ༡༤ ཉིན་ཨ་རི་གྲོས་ཚོགས་ནང་ནང་མོལ་མཛད་འཆར་ཁག་ཅིག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་མཛད་འཆར་དུ་ཨ་རིའི་ཕོ་བྲང་དཀར་པོ་དང་ཆེས་ཉེ་བའི་ Willard Hotel ཞེས་པའི་སྐུ་མགྲོན་ཁང་དུ་༸ཞབས་སོར་འཁོད་གནང་མཛད་རྒྱུ། ཕྱི་ཚེས་ ༡༥ ཉིན་ཨ་རི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ National Endowment for Democracy  ཞེས་པའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་བཞེས་མཛད་དང་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཀྱི་བགྲོ་གླེང་ཐོག་བཅས་སུ་དབུ་བཞུགས་མཛད་རྒྱུ་རེད་འདུག དེ་བཞིན་ཚེས་ ༡༨ སྔ་དྲོ་༸གང་ཉིད་མཆོག་ཨ་རིའི་ཀེ་ལི་ཕོར་ནི་ཡ་མངའ་སྡེ་ནང་ཆིབས་བསྒྱུར་གྱིས་ཁུལ་དེར་གསར་འཛུགས་ཞུས་པའི་ཝི་ཏི་ནམ་ཆོས་ཚོགས་སུ་བྱམས་བརྩེ་སྐོར་བཀའ་སློབ་བཀྲིན་བསྩལ་རྒྱུ་དང་། ཉིན་རྒྱབ་ཏུ་སངས་རྒྱས་སྨན་ལྷའི་བཀའ་དབང་བསྩལ་བ་དང་འབྲེལ་ནང་ཆོས་ངོ་སྤྲོད་མཛད་རྒྱུ་ཡིན་པ་རེད། ཕྱི་ཚེས་ ༡༩ ཉིན་༸གོང་ས་མཆོག་གིས་ཝི་ཏི་ནམ་ཆོས་ཚོགས་ཀྱི་ལྷ་ཁང་གསར་པ་དབུ་འབྱེད་ཀྱི་རབ་གནས་བཀྲིན་ཆེ་རྒྱུ་ཡིན་པ་རེད། ཕྱི་ཚེས་ ༢༡ ཉིན་ Utah གཙུག་ལག་སློབ་གྲྭ་ཆེན་མོར་བྱམས་བརྩེ་དང་ཀུན་ཁྱབ་འགན་འཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ།   གཞན་ཡང་ཕྱི་ཚེས་ ༢༣ སྔ་དྲོ་ Colorado མངའ་སྡེའི་ Boulder ས་གནས་སུ་ཕྱི་ནང་གི་མང་ཚོགས་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་དང་། དེ་རྗེས་ཚེས་ ༢༥ ཉིན་ Indiana ནང་པའི་ཆོས་ཚོགས་དང་ Interfaith Cooperation and Compassionate Indy ཚོགས་གཉིས་ཟུང་འབྲེལ་གྱིས་གོ་སྒྲིག་འོག མང་ཚོགས་ལ་བྱམས་བརྩེ་ནི་འཛམ་གླིང་ཞི་བདེའི་ཀ་བ་ལྟ་བུ་ཡིན་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བཀྲིན་ཆེ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད། རྩ་བའི་༸གོང་ས་མཆོག་ད་ལན་གྱི་མཛད་འཆར་ཁྲོད་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་གཙོས་པའི་ California དང་།  Uttah དེ་བཞིན་ Colorado དང་། Indiana བཅས་ཨ་རིའི་མངའ་སྡེ་ཆེ་ཁག་ལྔའི་ནང་ནང་པའི་ཆོས་ཚོགས་དབུ་འབྱེད་དང་བཀའ་ཆོས།  དེ་བཞིན་མང་ཚོགས་ལ་བླང་དོར་གྱི་བཀའ་སློབ་བསྩལ་རྒྱུ་སོགས་ཀྱི་མཛད་འཆར་སྣ་མང་ཞིག་བང་སྒྲིག་གནང་འདུག

བེུད་ཀྱི་རྐང་སྤོལ་རྩེད་འགྲན་ཁྲོད་བོད་ཀྱི་བེུད་རྐང་སྤོལ་རུ་ཁག་ཨང་གཉིས་པ་ཐོབ་པ།

འདི་ལོའི་བེུད་རྐང་རྩེད་སྤོ་ལོ་རྩེད་འགྲན་དེ་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་རྡ་ས་བོད་ཕྲུག་ཁྱིམ་སྡེའི་རྐང་སྤོལ་རྩེད་ཐང་དུ་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་ཨུ་ན་བེུད་རྐང་སྤོལ་རུ་ཁག་དང་བོད་ཀྱི་བེུད་རྐང་སྤོལ་རུ་ཁག་དབར་རྩེད་འགྲན་གནང་པའི་ཁྲོད་བོད་ཀྱི་བེུད་རྐང་སྤོལ་རུ་ཁག་ལ་ཨང་གཉིས་པ་ཐོབ་ཡོད་པ་རེད། ཁ་སང་ཟླ་ ༦ ཚེས་ ༡༢ ཉིན་རྒྱབ་ཚོུད་ ༣།༠༠ སྟེང་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇེ་སིངྒ་མནྐོ་ཊི་ཡ་ལགས་དང་དམིགས་བསལ་སྐུ་མགྲོན་རྡ་ས་ས་གནས་འགོ་འཛིན་གསར་པ་ཟླ་བ་རིན་ཆེན་ལགས། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་གཙོས་དགེ་སློབ་རྣམ་པ་དང་། གཟིགས་མོ་བ་བཅས་ཚང་འཛོམས་ཐོག་རྒྱ་གར་ཧི་མཱ་ཅལ་མངའ་སྡེའི་ཨུ་ན་བེུད་རྐང་རྩེད་སྤོ་ལོའི་རུ་ཁག་དང་བོད་ཀྱི་བེུད་རུ་ཁག་གཉིས་དབར་རྐང་སྤོལ་རྩེད་འགྲན་མཐའ་མ་དེ་གནང་ཡོད་པ་རེད། དེའང་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་འོག་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་རྩེད་ཐང་དུ་བུད་མེད་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འདི་བཞིན་ཟླ་འདིའི་ཚེས་ ༩ ནས་དབུ་འཛུགས་ཀྱིས་ཚེས་ ༡༢ བར་བཅས་ཉིན་གྲངས་བཞིའི་རིང་རྩེད་འགྲན་གནང་ཡོད། སྐབས་དེར་རུ་ཁག་གཉིས་ནས་ཚོུད་གཅིག་ནང་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་པས་རུ་ཁག་གཉིས་པོའི་དབར་རྒྱལ་ཁའི་ཐག་གཅོད་གནང་ཐུབ་མེད། འོན་ཀྱང་སླར་སྐར་མ་བཅུའི་དུས་ཚོད་འཕར་མའི་རྩེད་འགྲན་གནང་ཡང་རུ་ཁག་གཉིས་ལ་རྒྱལ་ཕམ་གྱི་ཐག་གཅོད་མ་ཐུབ་པར་བརྟེན། རུ་ཁག་གཉིས་ཀྱི་བར་ལ་ Penalty Kick འམ་ཉེས་ཆད་རྡོག་འཕུལ་རྩེད་འགྲན་གནང་མཐར་ཨུ་ན་རུ་ཁག་གིས་སྤོ་ལོ་གཅིག་བླུགས་པ་དང་། བོད་ཀྱི་བེུད་རུ་ཁག་ནས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་སྟབས། ཐའ་མའི་རྒྱལ་ཁ་ལས་ཧི་མཱ་ཅལ་མངའ་སྡེའི་ཨུ་ན་བེུད་ཀྱི་རུ་ཁག་ལ་ཨང་དང་པོ་དང་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཨང་གཉིས་པ་ཐོབ་སོང་། འདི་གའི་རླུང་འཕྲིན་ཁང་གི་གསར་འགོད་པས་བོད་པའི་བེུད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་དཔོན་ཆོས་སྐྱིད་ལགས་སུ་མྱོང་ཚོར་ཇི་བྱུང་ཐད་བཅར་འདྲི་ཞུས་པར་ཁོ་མོས་ད་ལན་གྱི་རྩེད་འགྲན་དེ་ཤོར་བར་བློ་ཕམ་ཡོད་ཀྱང་། སེམས་ཤུགས་མ་ཆག་པར་མུ་མཐུད་རྩེད་འགྲན་ནང་མཉམ་ཞུགས་གནང་ནས་རྩེད་མོའི་སྒྱུར་རྩལ་གོང་མཐོར་གཏོང་ཐབས་གནང་རྒྱུ་ཡིན་པ་གསུངས་སོང་། དེ་བཞིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་སྐལ་བཟང་ལགས་ཀྱིས་བོད་ཀྱི་བེུད་རྐང་རྩེད་སྤོ་ལོའི་གནས་ཚད་དེ་གང་འདྲ་ཞིག་ལ་གཟིགས་ཀྱི་ཡོད་མེད་ཐད་འགྲེལ་བརྗོད་གནང་པར་ཁོང་གིས་ང་ཚོ་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་དེ་རུ་ཁག་གཞན་ལྟར་སྦྱོང་བརྡར་སྟར་ཆགས་བྱ་རྒྱུ་བྱུང་མེད་ཀྱང་ད་ལན་རུ་ཁག་དེས་ཧ་ཅང་ཡག་པོ་རྩེད་སོས་ལ། མ་འོངས་མར་སྦྱོང་བརྡར་ལེགས་པོ་གནང་ཚེ་དེ་ལས་ཡག་རུ་འགྲོ་ཐུབ་ངེས་ཡིན་པ་སོགས་གསུངས་ཡོད་པ་རེད། གཞི་རྩའི་འདི་ལོའི་བེུད་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནང་བོད་ཀྱི་བེུད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་དང་ཨཱ་མར་སར་རུ་ཁག་གཅིག དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་ Sirmour Nahan དང་། Khad Una བཅས་ཁྱོན་བེུད་རྐང་སྤོལ་རུ་ཁག་བཞིན་བར་རྩེད་འགྲན་གནང་པའི་ཁྲོད་ཉེས་ཆད་རྡོག་འཕུལ་གཅིག་གིས་དབྱེ་བ་འབྱེད་ཡོད་པ་རེད།

རེས་གཟའ་ཉི་མ། ༢༠༡༦།༠༦།༡༢

ཉན་པ།: Listen ཕབ་ལེན། Download བོད་ཀྱི་སྦྲ་ནག་སྐོར་གླེང་བ། Sunday 12/06/2016 Tibetan Art and Culture: Tibetan Nomadic Black Tent

རེས་གཟའ་སྤེན་པ། ༢༠༡༦།༠༦།༡༡

ཉན་པ།: Listen ཕབ་ལེན། Download བཀའ་ཤག་སྐབས་༡༥བཀའ་བློན་རྣམ་པར་བཅར་འདྲི་ཞུས་པའི་དམིགས་བསལ་ལེ་ཚན། Saturday 11/06/2016 Interview with Kalons of 15thKashag

རྒྱ་གཞུང་གིས་དགེ་བཙུན་རྣམས་ཀྱི་བདེ་འཇགས་ལ་བློ་འཚབ་ཡོད་ཚེ་དགོན་པ་མང་དུ་ཐོངས་དགོས་ཅེས་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་དགོན་པ་དང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་ཤག་གཏོར་བཤིག་གཏང་རྒྱུའི་ལས་འཆར་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་དང་འབྲེལ།  རྒྱ་གཞུང་གིས་དོན་དངོས་ཐོག་དགེ་བཙུན་རྣམས་ཀྱི་བདེ་འཇགའ་ལ་བློ་འཚབ་ཡོད་ན། དགོན་པ་མང་དུ་ཐོངས་དགོས་པ་གསུངས་འདུག རྩ་བའི་བོད་གསེར་རྟ་བླ་རུང་དགོན་སྒར་དགོན་པ་དེ་ཐོག་མར་རྙིང་མའི་བླ་ཆེན་འདུ་འཇོམས་རིན་པོ་མཆོག་གིས་ཕྱག་གཏབ་པ་ཞིག་དང། བོད་ནང་དུས་འགྱུར་རྗེས་སྙན་སྒྲགས་ཆེ་བའི་རྙིང་མའི་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས་བསྐྱར་གསོ་གནང་པ་ཞིག་རེད་འདུག དགོན་པ་དེ་རིམ་པས་བོད་བརྒྱུད་ནང་བསྟན་རིག་པའི་སློབ་གཉེར་ཁང་གཙོ་གྲས་ཤིག་ཏུ་གྱུར་ཏེ། བོད་ཀྱི་མདོ་དབུས་ཁམས་གསུམ་དང་རྒྱ་ནག་བཅས་ནས་གྲྭ་བཙུན་སྟོང་ཕྲག་མང་པོ་དགོན་པ་དེར་སློབ་གཉེར་གནང་ཆེད་ཕེབས་ཡུལ་གནད་ཆེ་ཞིག་ཡིན་པ་རེད་འདུག དེ་མཚུངས་སུ་དགོན་པ་དེ་བོད་ཀྱི་ནང་བསྟན་མཁས་གྲུབ་གཉིས་ཀྱི་འབྱུང་ཁུངས་ཞིག་ཀྱང་ཆགས་ཡོད་པ་རེད། དེ་ཡང་ཉིན་ཤས་གོང་རྒྱ་གཞུང་ནས་ཀྲུང་དབྱང་སྐབས་ ༦ པའི་བོད་ཁུལ་ལས་སྒྲུབ་གྲོས་མོལ་ཚོགས་འདུ་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལྟར། གསེར་རྟ་རྫོང་བླ་རུང་དགོན་པ་དང་ལྔ་རིག་ནང་བསྟན་སློབ་གླིང་དག་སྒྲིག་བཅོས་སྐྱོང་གི་བྱ་བས་ལས་འགན་ཞེས་པའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༣༠ སྔོན་ལ་བླ་རུང་སྒར་སྤྱིའི་མི་འབོར་ ༥༠༠༠ དགོས་པའི་ཚོད་འཛིན་ཐུབ་དགོས་རྒྱུ།  གྲྭ་བཙུན་གྱི་ཁང་པ་དང་། སྒྲིལ་འགལ་གྲྭ་ཁང་གསར་པ་སོགས་ཁྱོན་ཁང་པ་ ༡༥༠༠ འདི་ལོའི་ཟླ་ ༡༠ ཚེས་ ༣༠ ཉིན་གྱི་སྔོན་དུ་གཏོར་བཤིག་ཟིན་དགོས་སྐོར་དང་། དགོན་པའི་འཛིན་སྐྱོང་གི་ལས་གཞི་རྣམས་རྒྱ་ནག་གཞུང་གི་བཀོད་པའི་བཅའ་འདོད་རུ་ཁག་གི་སྟངས་འཛིན་བྱེད་དགོས་པ་སོགས་འཁོད་ཡོད་པ་རེད་འདུག རྒྱ་གཞུང་གིས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་ནས་གྲྭ་བཙུན་གྱི་བདེ་འཇགས་དང་མེ་སྐྱོན་གྱི་ཉེན་ཁང་སོགས་ལ་གཞིགས་ཏེ་ཐག་གཅོད་དེ་ལྟར་བྱས་ཡོད་པ་བརྗོད་བཞིན་ཡོད་པ་རེད། གནད་དོན་དེ་དང་འབྲེལ་ཁ་སང་ Human Rights Watch འམ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་གཞུང་གིས་དོན་དངོས་ཐོག་གྲྭ་བཙུན་རྣམས་ཀྱི་བདེ་འཇགས་ལ་སེམས་ཁུར་དང། ཆོས་དད་རང་དབང་ལ་བརྩིས་བཀུར་ཞུ་བཞིན་ཡོད་ཚེ་ བོད་མི་དང་ནང་པའི་དད་ལྡན་པ་རྣམས་ལ་དགོན་པ་གང་མང་བརྒྱག་བཅུག་དགོས་པ་གསུངས་འདུག ལྟ་ཞིབ་ཚོགས་པའི་རྒྱ་ནག་ངེས་སྟོན་པ་ལྕམ་ Sophie Richardson ལགས་ཀྱིས་རྒྱ་ནག་གཞུང་གིས་དགོན་པ་དང་ཆོས་སྡེ་ཆེ་ཆུང་གང་ཡིན་དང་གྲྭ་བཙུན་མང་ཉུང་གི་གྲངས་འབོར་སོགས་ལ་ཚོད་འཛིན་ནམ་ཡང་བྱེད་རྒྱུ་མེད་སྐོར་དང་། ལྷག་དོན་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་བརྩི་བཀུར་དང་མཐོང་ཆེན་སྤྲོད་ནས་དེ་དག་གི་དད་མོས་ལ་ཐག་གཅོད་བྱ་མི་རུང་བ་མ་ཟད། ཅི་ཏེ་རྒྱ་གཞུང་ནས་བླ་རུང་སྒར་དགོན་པར་གྲྭ་བཙུན་མང་དྲག་པ་མཐོང་ཚེ་དེར་དགོན་པ་གང་མང་བརྒྱག་རྒྱུའི་ཆོག་མཆན་སྤྲོད་དགོས་པ་སོགས་གསུངས་འདུག

རེས་གཟའ་པ་སངས། ༢༠༡༦།༠༦།༡༠

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་བཞུགས་སྒར་ནས་ཨ་རིར་ཕེབས་ཐོན་མཛད་པ། རྔ་པ་ཁྱུང་མཆུ་རྫོང་ནས་རྒྱ་གཞུང་ལ་ཞི་རྒོལ། རྒྱ་གཞུང་ནས་དགེ་བཙུན་རྣམ་པའི་བདེ་འཇགས་ལ་སེམས་འཁུར་ཡོད་ན་དགོན་པ་མང་དུ་གཏང་དགོས་པ་གསུངས་འདུག རྩོམ་པ་པོ་ཐེའུ་རང་ལགས་ནས་བོད་ཀྱི་ཁོར་ཡུག་ཐོག་ཐུགས་འཚབ་ཀྱི་རྩོམ་ཡིག་སྤེལ་བ། སྐབས་༡༦སྤྱི་འཐུས་གྲོས་ཚོགས་གཉིས་པ་ཕྱི་ཟླ་༩པའི་ནང་ཚོགས་རྒྱུ། ཁེ་ན་ཌའི་གྲོས་ཚོགས་ཚོགས་ཁང་ནང་ལྷག་དཀར་སྲུང་བརྩི། Friday 10/06/2016 Dalai Lama leaves for United States Tibetan nomads hold protest in Kyungchu, Ngaba Respect Religious Freedom, Allow New Monasteries: HRW on Serta demolition order Those People: Tibetan writer expresses concern over mining in Tibet 16th TPiE to hold its second session from 20 – 29 September Canadian Parliamentary Friends for Tibet hold lhakar event

Latest news