Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: June, 2016

རེས་གཟའ་ཕུར་བུ། ༢༠༡༦།༠༦།༡༦

ཉན་པ།: Listen ཕབ་ལེན། Download ཨ་རིའི་སྲིད་འཛིན་མཆོག་ནས་༸གོང་ས་མཆོག་དང་རྒྱ་ནག་དབར་ལ་དོན་དམ་གྱི་གྲོས་མོལ་གནང་གལ་སྐོར་གསུངས་འདུག ༸གོང་ས་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཕུལ་འདུག གྲྭ་ཆོས་བཟང་རྒྱ་མཚོ་ལགས་གར་སོང་ཆ་མེད་དུ་གྱུར་འདུག དབྱིན་ཡུལ་གཞུང་ནས་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྟེང་བོད་དོན་གླེང་དགོས་པའི་ཞུ་འབོད། མདོ་ཁམས་ཆུ་བཞི་སྒང་དྲུག་སྒྲིག་འཛུགས་དབུ་བརྙེས་པའི་དུས་དྲན་ཐོག་རྒྱལ་གཅེས་པ་ཡོངས་ཀྱི་བཀྲིན་རྗེས་དྲན་ཞུས་གནང་སོང་། དཔའ་བོ་ཐུབ་བསྟན་དངོས་གྲུབ་རྗེས་དྲན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་༡༨ པ། Thursday 16/06/2016 Obama meets Dalai Lama, calls for meaningful Sino-Tibet dialogue NED honors late Tulku Tenzin Delek, Exile Tibetan Administration MPs call on UK to raise Tibet at UNHRC Mangra Tibetan monk arrested, whereabouts unknown Chushi Gangdruk marks founding anniversary, pays homage to Tibetan martyrs Pawo Thupten Ngodup memorial football tournament underway in Mussoorie

དབྱིན་གཞུང་གིས་རྒྱལ་ཚོགས་ནང་བོད་དོན་གླེང་དགོས་པའི་ཞུ་འབོད་གནང་འདུག

སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ལྷན་ཚོགས་ཤིག་འཚོགས་བཞིན་པ་དང་བསྟུན། དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་དབྱིན་ཡུལ་གཞུང་གི་ངོས་ནས་ལྷན་ཚོགས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་ཐོག་ངེས་པར་དུ་གླེང་སློང་གནང་དགོས་པ་མ་ཟད། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་དེ་ཆེས་མཐོའི་ལྷན་ཚོགས་ཀྱི་གྲོས་གཞི་གཙོ་གྲས་ཁོངས་སུ་བརྟན་འཇོག་དགོས་པའི་ཞུ་འབོད་གནང་འདུག དེ་ཡང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ཁུལ་དེའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འཐུས་མི་རྣམས་པས་ཁ་ཉིན་ཕྱི་ཚེས་ ༡༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་ཡོད་པའི་དབྱིན་ཇིའི་སྐུ་ཚབ་སྐུ་ཞབས་ Mr. Julian Braithwaite ལགས་དང་ དབྱིན་ཡུལ་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་སྐུ་ཞབས་ Rt.Hon Philip Hammond རྣམ་གཉིས་ཀྱི་མཚན་ཐོག་ལ་ཞུ་ཡིག་གཅིག་ཕུལ་འདུག་པ་དང་། དེའི་ནང་གཙོ་བོ་དབྱིན་ཡུལ་གཞུང་གིས་ད་ཆ་སུད་སི་གྲོང་ཁྱེར་ Geneva ནང་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དེའི་བརྒྱུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇི་ཡོད་ཐད་གླེང་དགོས་པ་མ་ཟད། རྒྱ་གཞུང་གིས་བཙོན་འཇུག་བྱས་པའི་མཁན་པོ་དཀར་ཚེ་ལགས་དང་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས། དེ་བཞིན་བོད་པའི་དམའ་རིམ་དགེ་རྒན་ལྷ་མོ་སྐྱབས་དང་བོད་མི་སྨན་པ་རྒས་ཡོན་ཕྱིན་པ་ཡེ་ཤེས་ཆོས་སྒྲོན་ལགས་གཙོ་བོར་གྱུར་པའི་བོད་མི་ཆབ་སྲིད་བཙོན་པ་གཞན་རྣམས་འཕྲལ་དུ་གློད་བཀྲོལ་ཡོང་བར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་གལ་ཡིན་པ་སོགས་འཁོད་འདུག ལྷག་པར་དུ་དབྱིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Tim Loughton ལགས་ཀྱིས་གྲོས་ཚོགས་འཐུས་མི་ཡོངས་ཀྱི་ཚབ་ཞུས་ཏེ་དབྱིན་ཇི་གཞུང་ནས་དེ་སྔ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༡ འི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཁ་ཁུ་སིམ་པོར་མ་བཞུགས་པར། ཨ་རི་དང་Australia ལ་སོགས་པའི་རྒྱལ་ཁབ་བཅིུག་དང་ལྷན་དུ་མཉམ་འབྲེལ་གྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་དང་སྦྲགས། རྒྱ་གཞུང་ངོས་ནས་རྒྱལ་སྤྱི་ཙམ་མིན་པར་རྒྱ་ནག་རང་གི་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་ཁག་ལ་བརྩི་བཀུར་ཞུ་དགོས་པའི་སྤྱི་སྒྲག་ཞིག་སྤེལ་ཡོད་པ་ལུང་འདྲེན་གནང་པ་དང་སྦྲགས། སྤྱི་སྒྲག་དེ་རྒྱ་གཞུང་གིས་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཁག་ལ་རྒྱལ་སྤྱིའི་ངོས་ནས་ཀྱང་སྣང་མེད་དུ་སྐྱུར་ཐབས་མེད་པ་ཞིག་དང་། ལྷག་དོན་རྒྱ་གཞུང་གིས་དྲག་གནོན་འོག་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་ཚོར་རྒྱབ་སྐྱོར་གྱི་རྣམ་པ་གསལ་པོ་བཏོན་པ་ཞིག་ཆགས་ཡོད་པར་ཡིད་རང་བསྔགས་བརྗོད་གནང་ཡོད། དེ་བཞིན་དེ་སྔ་ ༢༠༡༥ ལོར་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཚོགས་ཆུང་ནས་རྒྱ་ནག་གི་གནས་སྟངས་ལ་བསྐྱར་ཞིབ་དང་འབྲེལ། རྒྱ་གཞུང་གིས་ཁུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པར་སྡུག་སྦྱོང་དང་བོད་མི་རྣམས་གང་བྱུང་འཛིན་བཟུང་གིས་བཙོན་འཇུག་ཁྲིམས་ཐག་གཅོད་བཞིན་པ་མ་ཟད། བོད་མིའི་ཐོག་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཞེས་པའི་ཁྲིམས་གཞི་དེ་བེད་སྤྱོད་ལོག་པ་གཏོང་བཞིན་པའི་གནད་དོན་དེ་རྒྱ་གཞུང་ནས་གསལ་བཤད་ཡོང་བའི་དགོས་འདུན་བཏོན་ཡོད་པ་རེད། ལྷག་པར་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམ་པ་དེ་ཉིད་དགོངས་པ་རྫོགས་སྟངས་ཀྱི་གནད་དོན་གཙོས་པའི་ད་ཆ་བཙོན་ཁང་ནང་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་ ༢༤ གནད་དོན་ལ་ཐུགས་འཚབ་ཀྱི་རྣམ་པ་གསལ་བཏོན་གྱིས་ཐེངས་འདིའི་ལྷན་ཚོགས་ཐོག་ནས་གནད་དོན་དེ་དག་ཐོག་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་སོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་བོད་ནང་བསྐྱོད་རྒྱུའི་ཆོག་མཆན་སྤྲོད་དགོས་པའི་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་སོགས་ནན་བརྗོད་གནང་འདུག

དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༡༨ རྩེད་བཞིན་འདུག

རྒྱ་གར་བྱང་ཕྱོགས་ཨུཏཱར་ཁཱནཌ་མངའ་སྡེའི་ལྡེ་ར་ལྡུན་ཁུལ་དུ་རྟེན་གཞི་བྱས་པའི་མ་སུ་རིར་རྒྱལ་གཅེས་པ་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༡༨ རྩེད་བཞིན་ཡོད་པ་རེད། དེའང་མ་སུ་རི་ས་གནས་གཞོན་ནུས་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༡༣ ནས་དབུ་འཛུགས་ཀྱིས་བོད་དོན་ཆེད་སྐུ་ལུས་ཞུགས་འབུལ་གནང་མཁན་རྒྱལ་གཅེས་པ་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་ ༡༨ རྩེད་བཞིན་འདུག་པ་དང། རྩེད་འགྲན་དེའི་དམིགས་ཡུལ་གཙོ་བོ་ནི། ས་གནས་བོད་མིའི་ཁྲོད་རྒྱལ་གཅེས་པ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་གཙོས་པའི་བོད་དོན་ཆེད་སྐུ་སྲོག་བློས་བཏང་གནང་མཁན་ཡོངས་ཀྱི་མཛད་རྗེས་ཁག་དྲན་སྐུལ་དང་། རྗེས་དྲན་ཞུ་ཕྱིར་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད། འདི་ལོའི་རྩེད་འགྲན་ནང་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ཉེ་འཁོར་ས་གནས་བོད་མིའི་གཞིས་ཁག་གི་རྐང་སྤོལ་རུ་ཁག་བདུན་ནས་མཉམ་ཞུགས་གནང་འདུག་པ་དང། དེ་དག་ནི་བདེ་སྐྱིད་གླིང་དང་ཚེ་རིང་དོན་ལྡན་གླིང་རུ་ཁག མ་སུ་རི་བོད་ཁྱིམ་རུ་ཁག་གཉིས་དང། པུར་ཝཱ་ལཱ་རུ་ཁག ས་སྐྱ་གཞི་ཆགས་རུ་ཁག མ་སུ་རི་ལག་ཤེས་སློབ་གཉེར་ཁང་རུ་ཁག་བཅས་ཡིན་པ་རེད། རྩ་བའི་རྒྱལ་གཅེས་པ་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྩེད་འགྲན་དེ་ནི། ཕྱི་ལོ་ ༡༩༩༨ ལོར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་གཅེས་པ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་བོད་དོན་ཆེད་སྐུ་ལུས་ཞུགས་འབུལ་གནང་ནས་འདས་གྲོངས་སུ་གྱུར་རྗེས། མ་སུ་རི་ས་གནས་གཞོན་ནུའི་ཚོགས་པས་རྒྱལ་གཅེས་པ་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་དྲན་རྟེན་རྐང་སྤོལ་རྩེད་འགྲན་དེ་དབུ་འཛུགས་གནང་པ་ཞིག་དང་། དུས་དེ་ནས་བཟུང་ལོ་ལྟར་ཟླ་དྲུག་པའི་ཟླ་དཀྱིལ་ཙམ་དུ་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་ཉེ་འཁོར་གྱི་བོད་མིའི་གཞིས་ཆགས་ནང་ཁུལ་དབར་རྩེད་འགྲན་གནང་གི་ཡོད་པ་མ་ཟད། རྩེད་འགྲན་མཐའ་མ་དེ་༸སྐུའི་འཁྲུངས་ལྷ་དབྱར་གསོལ་ཉིན་རྩེད་གནང་གི་ཡོད་པ་རེད།  

རེས་གཟའ་ལྷག་པ། ༢༠༡༦།༠༦།༡༥

ཉན་པ།: Listen ཕབ་ལེན། Download རྒྱ་གཞུང་གིས་གནོན་ཤུགས་ལ་ལྟོས་མེད་སྲིད་འཛིན་ཨོ་བྷ་མས༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ་རེད་འདུག ཨ་རིའི་ཡུ་ཊ་མངའ་ཁུལ་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་༸གོང་ས་མཆོག་མཇལ་འཕྲད་ཞུ་འཆར། འཕན་པོ་ལྷུན་གྲུབ་རྫོང་མང་ཚོགས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་གནང་འདུག ༸གོང་ས་མཆོག་གིས་དུས་རབས་༢༡ འདི་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཏུ་མི་འགྱུར་བའི་ཚང་མར་འགན་ཡོད་པ་བཀའ་སྩལ་བ། བཙན་བྱོལ་ནང་གི་ཤེས་ཡོན་ཅན་ཚོས་རྒྱ་གཞུང་གིས་འཁྱོག་བཤད་ལ་ལན་འདེབས་བྱེད་དགོས་གསུངས་འདུག ༸གོང་ས་མཆོག་མེད་པའི་དུས་སྐབས་སུ་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་བརླག་སྲིད་པ་གསུངས་འདུག དཔལ་འབྱོར་བཀའ་བློན་མཆོག་གིས་པར་རིས་འགྲེམས་སྟོན་ཞིག་དབུ་འབྱེད། Wednesday 15/06/2016 Obama to meet Dalai Lama despite Chinese pressure Dalai Lama meets members of Senate Foreign Relations Committee and Bipartisan group Utah lawmakers warned against meeting with Dalai Lama Tibetans in Phenpo Lhundup County rise in protest against China ‘Why I’m hopeful about the world’s future’: The Dalai Lama on Washington Post We may lose direction, the Karmapa on post Dalai Lama InFrame: Newly appointed Finance Kalon inaugurates Tibetan youth’s photo exhibition

རྒྱ་གཞུང་གིས་གནོན་ཤུགས་ལ་ལྟོས་མེད་སྲིད་འཛིན་ཨོ་བྷ་མས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་རྒྱུ།

རྒྱ་ནག་གཞུང་གིས་གནོན་ཤུགས་ལ་ལྟོས་མེད་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་རྒྱུ་རེད་འདུག དེའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་ ༡༣ ནས་དབུ་ཛུགས་ཀྱིས་ཨ་མི་རི་ཀའི་རྒྱལ་ས་ (Washington DC) ཝ་ཤིང་ཊོན་ཌི་སིར་མང་ཚོགས་ལ་བཀའ་སློབ་སྩལ་བ་དང་འདི་བཞིན་ཆེ་མཐོའི་མི་སྣ་ཁག་མཇལ་འཕྲད་མཛད་པ་བཅས་ཀྱི་མཛད་འཆར་སྐྱོང་བཞིན་པའི་ཁྲོད། ཁ་སང་ཚེས་ ༡༤ ཉིན་རྒྱ་ནག་གཞུང་གིས་ཨ་མི་རི་ཀར་གནོན་ཤུགས་སྤྲོད་པ་དང་སྦྲགས་ཨ་རི་གཞུང་ནས་དེ་སྔ་ཁས་ལེན་གནང་པ་རྣམས་དམ་འཛིན་བྱས་ཏེ། ཁ་བྲལ་རིང་ལུགས་པ་ལ་རྒྱབ་སྐྱོར་དང་མཇལ་འཕྲད་རིགས་མ་གནང་ན་ལེགས་པོ་ཡོད་སྐོར་བརྗོད་འདུག འོན་ཏང་ཁ་སང་རྒྱ་གཞུང་གིས་གནོན་ཤུགས་སྤྲོད་པར་ལྟོས་མེད་ཀྱིས་ཨ་རིའི་ཕོ་བྲང་དཀར་པོས་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་བརྒྱུད་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་རྣམ་གཉིས་དེ་རིང་ཟླ་ ༦ ཚེས་ ༡༥ ཉིན་རྒྱ་གར་ནང་གི་དགོང་དྲོའི་ཚོུད་ ༨།༠༠ ཙམ་དང་། ཁུལ་དེའི་སྔ་དྲོའི་ཚོུད་ ༡༠།༡༥ ཐོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་མཛད་རྒྱུ་ཡིན་པ་དང་། སྐབས་དེར་གསར་འགོད་པ་སོགས་བརྒྱུད་ལམ་ཁག་མཉམ་ཞུགས་གནང་ཆོག་གི་མེད་པ་རེད་འདུག གཞི་རྩའི་སྤྱི་ལོ་ ༡༩༩༡ ལོ་ནས་ཨ་མི་རི་ཀའི་སྲིད་འཛིན་རིམ་བྱོན་ཡོངས་ནས་༸གོང་ཉིད་མཆོག་དང་མཇལ་འཕྲད་གནང་ཡོད་པ་དང་། སྐུ་ཞབས་ཨོ་བྷ་མ་མཆོག་ནས་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་པ་ནས་བཟུང་སྟེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་པ་ད་ལན་འདི་ཐེངས་བཞི་པ་དེ་ཆགས་ཀྱི་ཡོད་པ་མ་ཟད། དེ་སྔའི་མཇལ་འཕྲད་སྐབས་སྲིད་འཛིན་མཆོག་ནས་མགོན་པོ་༸གང་ཉིད་མཆོག་གྱི་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་། རྒྱ་གཞུང་གིས་རྩ་མེད་གཏོང་བཞིན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་སྲུང་སྐྱོབ་གནང་རྒྱུར་ཨ་རི་གཞུང་ནས་མུ་མཐུད་རྒྱབ་སྐྱོར་ཡོད་པ་སོགས་གསུངས་ཡོད། ཐེངས་འདིའི་ཕོ་བྲང་དཀར་པོའི་ནང་གི་མཇལ་འཕྲད་དང་འབྲེལ། རྒྱལ་སྤྱིའི་ཆབ་སྲིད་པ་དང་གསར་འགོད་པ། དེ་བཞིན་དཔྱད་ཞིབ་དང་འབྲེལ་ཡོད་མི་སྣ་མང་དག་ཞིག་གིས་ཀྱང་དོ་སྣང་ཆེན་པོ་གནང་བཞིན་ཡོད་པ་མ་ཟད། ལ་ལ་གནས་ཚུལ་དེ་ཐོས་མ་ཐག་ཏུ་སྤྱི་ཚོགས་འབྲེལ་མཐུད་ཀྱི་དྲ་ལམ་ངོ་དེབ་དང་འཕྲུལ་བྱ་སོགས་ཀྱི་སྟེང་དུ་ད་ལན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་རྣམ་གཉིས་མཇལ་འཕྲད་གནང་རྒྱུ་འདི་ནི་སྲིད་འཛིན་མཆོག་སྲིད་འཛིན་གྱི་ལས་ཡུན་ལས་འཁྱུར་ལ་ཉེ་བས་ཐོན་མཇལ་གྱི་འཚམས་འདྲི་ལྟ་བུ་ཞིག་ཡིན་པ་ལས། བོད་དང་རྒྱ་ནག་གི་ཆབ་སྲིད་གནད་དོན་ཐོག་བཀའ་མོལ་གང་ཡང་གནང་གི་མ་རེད་ཅེས་གང་ཟག་སོ་སོའི་དགོངས་ཚུལ་གནང་འདུག དེ་མཚུངས་སུ་འགའ་ཞིག་གིས་ཀྱང་ཨོ་བྷ་མ་མཆོག་གིས་དེ་སྔའི་མཇལ་འཕྲད་སྐབས་སུ་གསུངས་པ་ལྟར་དབུ་མའི་ལམ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་པ་ལས་དམིགས་བསལ་གསར་པ་གང་ཡང་གསུང་གི་མ་རེད་ཅེས་སོགས་བཀོད་འདུག གཞན་ཁག་ཅིག་ནས་ཨོ་བྷ་མ་མཆོག་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་པ་ཙམ་གྱིས་ཨ་རི་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་མངོན་གསལ་ཡིན་པ་དང་། མ་འོངས་པར་ཨ་རི་གཞུང་ནས་མཇལ་འཕྲད་ཙམ་མ་ཡིན་པར་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ལག་ལེན་གྱི་ཐོག་ནས་རྒྱབ་སྐྱོར་གནང་གལ་ཡིན་པ་སོགས་བཀོད་ཡོད། གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཨ་རི་ནང་གི་མཛད་འཆར་དང་འབྲེལ། ཁ་སང་མགོན་པོ་༸གང་ཉིད་མཆོག་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཁུལ་དེའི་ཕོ་བྲང་དཀར་པོའི་ཉེ་འགྲམ་དུ་ཡོད་པའི་Willard གསོལ་མགྲོན་ཁང་དུ་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་ཉི་བརྒྱ་ལྷག་གི་ལྷན་དུ་༸གང་ཉིད་མཆོག་གི་དགོངས་གཞི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ལས་དོན་གནང་ཕྱོགས་དང་འབྲེལ་གྲོས་མོལ་གནང་ཡོད་པ་རེད། དེ་བཞིན་སྐབས་དེར་མགོན་པོ་མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གཞུང་དང་ཚོགས་པ་ཁག་གི་སྐུ་ཚབ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། མུ་མཐུད་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་དང་། ཉེ་འཆར་བོད་མིའི་སྒྲིག་འཛུགས་ནས་བསྐོ་གཞག་གནང་པའི་ཨ་རིའི་སྐུ་ཚབ་དོན་གཅོད་གསར་པ་བོད་མི་མང་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག་མང་ཚོགས་ལ་ངོ་སྤྲོད་མཛད་ཡོད་པ་རེད། རྩ་བའི་དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་དབར་མཇལ་འཕྲད་མཛད་རྒྱུ་དང་། ཁུལ་དེར་རྟེན་གཞི་བྱས་པའི་ National Endowment for Democracy ཞེས་མང་གཙོ་གོང་སྤེལ་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་འདི་བཞིན་ཚད་ལྡན་མང་གཙོའི་ལམ་ལུགས་སུ་ཤར་སྐྱོད་བྱེད་བཞིན་པ་བཅས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དང་། འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཀྱི་བགྲོ་གླེང་བཅས་ཀྱི་ཐོག་དབུ་བཞུགས་མཛད་རྒྱུའི་མཛད་འཆར་ཡོད་པ་རེད།

འཕན་པོ་ལྷུན་གྲུབ་རྫོང་གི་མང་ཚོགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་རྔམ་སྟོན་གྱི་ཁྲོམ་སྐོར་གནང་འདུག

བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁོངས་འཕན་པོ་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་བརྡལ་དུ་ས་གནས་བོད་མིའི་ས་ཞིང་མང་པོ་ཞིག་རྒྱ་ནག་གཞུང་གིས་འཆར་འགོད་བྱས་པའི་འཛུགས་བསྐྲུན་ལས་གཞིའི་ཆེད་བཙན་ཕྲོག་བྱས་པ་མ་ཟད། དེ་དག་ལ་གུན་གསབ་ཀྱང་ཕྲན་བུ་ལས་མ་སྤྲད་པས་ས་གནས་ཞིང་པའི་འཚོ་རྟེན་མེད་པར་གྱུར་བའི་དཀའ་ངལ་འོག་ཞིང་པ་རྣམས་འུ་ཐུག་ཐབས་ཟད་ཀྱིས་ཟླ་འདིའི་ཚེས་ ༡༣ དང་ ༡༤ བཅས་ཉིན་གཉིས་རིང་བེུད་བརྒྱ་ལ་ཉེ་བ་ཞིག་གིས་ལག་ཏུ་རྒྱ་གཞུང་གི་རྒྱལ་དར་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིང་དང་མའོ་ཙེ་ཏུང་། ཏིང་ཞའོ་ཕིང་། ཅང་ཙེ་མིན། ཧུའུ་ཅིན་ཐའོ་སོགས་འགོ་འཁྲིད་ལྔའི་འདྲ་པར་ཡོད་པའི་པར་སྒྲོམ་ཆེན་པོ་ཞིག་འཁྱེར་ཏེ་འཕན་པོ་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་བརྡལ་གྱི་ཁྲོམ་ལམ་དུ་ཞི་བའི་རྔམ་སྟོན་གྱི་ཁྲོམ་སྐོར་གནང་འདུག རྒྱ་གར་ནང་གནས་སྡོད་འཕན་པོ་བ་བཟང་པོ་ལགས་ཀྱིས་ཤེས་རྟོགས་བྱུང་བའི་གནས་ཚུལ་འགྲེལ་བརྗོད་གནང་དོན་ལ། ཞི་རྒོལ་ནང་མཉམ་ཞུགས་གནང་མཁན་ཚང་མ་བུད་མེད་ཤ་སྟག་ཡིན་པ་དང་། བུས་ཞི་རྒོལ་བྱས་པ་ཡིན་ན་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མིས་མ་ཉེས་ཁ་གཡོག་བྱས་ཏེ་ཉེས་རྡུང་གཏོང་རྒྱུར་དོགས་ཏེ་བུད་མེད་ཚོས་ཞི་རྒོལ་བྱས་པ་རེད་འདུག ཞི་རྒོལ་གནང་དོན་གཙོ་བོ་ནི། ས་གནས་མི་མང་གི་ཞིང་ཁ་མང་པོ་ཞིག་བཙན་ཕྲོག་བྱས་པ་མ་ཟད། དེ་དག་གི་གུན་གསབ་ཀྱང་ཕྲན་བུ་ལས་མ་སྤྲད་པར་བརྟེན་མང་ཚོགས་རྣམས་འུ་ཐུག་ཏེ་ཁྲིམས་མཐུན་ཞི་བའི་ངོ་རྒོལ་གནང་པ་ཞིག་ཡིན་པར་འགྲེལ་རྗོད་གནང་སོང་། ད་ལྟའི་འཆར་རྒྱ་ནག་གཞུང་གི་ངོས་ནས་ཞི་རྒོལ་གནང་མཁན་མང་ཚོགས་འཛིན་བཟུང་བྱས་པ་དང་ཉེས་རྡུང་བཏང་བ་སོགས་བྱུང་ཡོད་མེད་དང་ཁོ་ཚོའི་དགོས་འདུན་ལ་ཐག་གཅོད་གང་ཞིག་བྱུང་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད། ཡང་དེ་སྔོན་ཁུལ་དེའི་མང་ཚོགས་ཀྱི་ས་ཞིང་མང་པོ་ཞིག་རྒྱ་གཞུང་གིས་བཙན་ཕྲོག་བྱས་ཡོད་པའི་སྐོར་བཙན་བྱོལ་ནང་ཡོད་པའི་འཕན་པོ་བ་སྤེན་པ་ལགས་ཀྱིས་འགྲེལ་བརྗོད་གནང་པར་དེ་སྔོན་ཕྱི་ལོ་ ༢༠༠༧ དང་ ༢༠༠༨ ཡས་མས་ནང་དུ་ཡང་རྒྱ་གཞུང་གིས་འཕན་པོ་དགའ་ལྡན་ཆོས་འཁོར་གྱི་ཡུལ་མིའི་ས་ཞིང་མང་པོ་ཞིག་བཙན་དབང་གིས་གཞུང་བཞེས་བཏང་ཡོོད་པ་སོགས་ཀྱི་གནས་ཚུལ་འགྲེལ་བརྗོད་གནང་སོང་། སྔ་ལོ་ ༢༠༡ ༥ལོའི་ལོ་གསར་གོང་དུ་རྒྱ་གཞུང་གིས་འཕན་པོ་དགའ་ལྡན་ཆོས་འཁོར་ཉེ་འཁྲིས་ཀྱི་རྒྱུད་རོང་དང་རྒྱལ་རོང་གཉིས་ཀྱི་ཡུལ་མིའི་ས་ཞིང་མང་པོ་ཞིག་ཀྱང་བཙན་དབང་གིས་གཞུང་བཞེས་བཏང་ཡོད་སྐོར་དང་། གཞུང་བཞེས་བཏང་ཟིན་པའི་ཞིང་ཁའི་གུན་གསབ་ཀྱང་ཕྲན་བུ་ལས་སྤྲད་མེད་ཀྱང་མང་ཚོགས་ནས་གོང་རིམ་ལ་ཞུ་གཏུག་བྱ་ཡུལ་མེད་པར་གྱུར་བའི་གནས་སྟངས་སོགས་ངོ་སྤྲོད་གནང་ཡོད། ད་ལྟའི་འཆར་ས་ཆ་དེ་དག་ཐོག་ཁང་པ་བརྒྱབ་ཏེ་འབྲོག་ས་བཙན་ཕྲོག་བྱས་པའི་བྱང་ཁུལ་འབྲོག་པ་ཁག་ཅིག་བཙན་དབང་གིས་གནས་སྤོ་བྱེད་བཅུག་ཡོད་ཅིང་། འབྲོག་པ་དེ་དག་ཀྱང་ཞིང་པའི་འཚོ་བར་ཉམས་མྱོང་དང་གོམས་འདྲིས་མེད་པ་འདི་བཞིན་འཚོ་བའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་འགྲེལ་བརྗོད་གནང་ཡོད།

༸གོང་ས་མཆོག་གིས་བཙན་བྱོལ་བོད་མི་རྣམས་ནས་རང་མགོ་གང་ཐོན་ཙམ་མ་ཡིན་པར་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ཚབ་བྱས་ནས་ཧུར་ཐག་གནང་གལ་ཡིན་པ་བཀའ་བསྩལ་འདུག

 བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་ལྟའི་དུས་སྐབས་བཙན་བྱོལ་བོད་མི་རྣམས་ནས་རང་མགོ་གང་ཐོན་བྱ་རྒྱུ་ཙམ་མ་ཡིན་པར་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ཚབ་བྱེད་ནས་ཧུར་ཐག་གནང་རྒྱུ་གལ་ཆེ་ཡིན་པའི་བཀའ་སྩལ་འདུག དེ་ཡང་ཁ་སང་ཚེས་ ༡༣ ཉིན་མགོན་པོ་༸གང་ཉིད་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིའི་བོད་རིགས་སྤྱི་མཐུན་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཁུལ་དེའི་རྟེན་གཞི་བྱས་པའི་ཨ་རིའི་གཙུག་ལག་སློབ་གྲྭ་ Bender Arena ཆེན་མོའི་རྩེད་རར་བོད་རིགས་དང་མང་ཚོགས་ ༣༠༠༠ ལྷག་ལ་དེང་དུས་ཀྱི་འཛམ་གླིང་ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་བཀའ་དྲིན་སྩལ་བ་དང་འབྲེལ། སྐབས་དེར་ཕེབས་པའི་ས་གནས་བོད་མི་རྣམས་ལ་༸གང་ཉིད་མཆོག་གིས་བོད་རང་དབང་རང་བཙན་ཤོར་ནས་མི་ལོ་མང་པོ་སོང་ཡང་། ད་བར་བོད་མིའི་མི་རབས་རྒན་པ་རྣམས་ཀྱིས་བཀའ་དྲིན་ལ་བརྟེན་ནས་བོད་མི་རྣམས་རང་ཉིད་བོད་མི་ཞིག་ཡིན་བསམ་པའི་འདུ་ཤེས་མ་བརླག་པར་གནས་ཐུབ་པ་བྱུང་ཡོད་སྐོར་བཀའ་སྩལ་ཏེ། ད་ལྟའི་ཆར་བཙན་བྱོལ་བོད་མི་རྣམས་ནས་རང་མགོ་གང་ཐོན་ཙམ་མིན་པར་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ཚབ་བྱས་ནས་ཧུར་ཐག་གནང་རྒྱུ་གལ་ཆེ་ཡིན་པའི་ལམ་སྟོན་བསྩལ་འདུག དེ་བཞིན་མགོན་པོ་མཆོག་གིས་བོད་ཀྱི་སྐད་ཡིག་འདི་ནི་རང་ཉིད་ནང་པ་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་གནང་བྱ་རྒྱུར་གཞི་མ་ལྟ་བུ་ཡིན་པ་མ་ཟད། སྐད་ཡིག་འདིའི་བརྒྱུད་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཞབས་འདེགས་རླབས་པོ་ཆེ་ཞུ་ཐུབ་ངེས་ཡིན་སྟབས། བོད་རིགས་གཞོན་སྐྱེས་རྣམས་ནས་བོད་ཡིག་ལ་དོ་སྣང་དང་སློབ་སྦྱོང་གནང་གལ་ཆེ་བའི་བཀའ་བསྩལ་འདུག ལྷག་དོན་༸གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་གནས་བབ་དང་འབྲེལ་བོད་མིའི་སྒྲིག་འཛུགས་དེ་བཞིན་དུས་ཚོད་དང་མཐུན་པའི་མང་གཙོའི་ལམ་ལུགས་ཐོག་འགྲོ་བཞིན་པ་ཡོད་པ་དང་། མ་འོངས་པར་དུས་ཀྱི་འགྱུར་ལྡོག་ལ་གཞིགས་ཏེ་གོམ་པ་མདུན་བསྐྱོད་གནང་སྟེ་བོད་ཀྱི་རིག་གཞུང་དང་སྲོལ་རྒྱུན་གང་འདྲ་ཞིག་ཡིན་ཡང་འཛམ་བུ་གླིང་འདིའི་ཐོག་ཕན་ཐོག་ཡོད་ན་མུ་མཐུད་བདག་གཅེས་གནང་དགོས་པའི་བཀའ་སྩལ་ཡོད་པ་རེད། སྐབས་དེའི་མཛད་རིམ་ཐོག་བོད་དོན་ལ་རྒྱབ་བསྐྱོར་གནང་མཁན་དང་མགོན་པོ་༸གང་མཆོག་དང་ཐུགས་ཉེ་བའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ Nancy Pelosi མཆོག་གིས་དབུས་པའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་ས་གནས་རྫོང་དཔོན། དེ་བཞིན་མགོན་པོ་མཆོག་གི་མཛའ་གྲོགས་སྐུ་ཞབས་ Richard Gere ལགས་སོགས་གནད་ཡོད་མི་སྣ་མང་དག་ཞིག་ཀྱང་ལྷན་ཞུགས་གནང་འདུག གཞི་རྩའི་༸གོང་ས་མཆོག་གིས་ཁ་སང་བོད་མི་ཚོར་བཀའ་སློབ་མ་སྩལ་སྔ་རོལ་དུ་ཝ་ཤིང་ཊོན་ཌི་སིར་རྟེན་གཞི་བྱས་པའི་ཨ་རིའི་ཞི་བདེ་བསྟི་གནས་ཁང་གི་གོ་སྒྲིག་འོག་ཨ་མི་རི་ཀའི་ན་གཞོན་ཁག་ཅིག་དང་ལྷན་དུ་དྲག་པོའི་ལས་གཞི་མཚམས་འཇོག་བྱེད་རྒྱུར་ན་གཞོན་གྱི་ཆ་ཤས་ལེན་ཐབས་ཀྱི་བགྲོ་གླེང་གི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད་པ་དང་། སྐབས་དེར་༸གང་ཉིད་མཆོག་གིས་ཉེ་ཆར་ཨ་རིའི་གྲོང་ཁྱེར་ Orlando མཚན་ཚོགས་ཤིག་ཏུ་མི་བསད་ཁྲག་སྦྱོར་གྱི་དོན་རྐྱེན་འོག་ཚེ་འདས་དང་རྨས་སྐྱོན་ཕོག་པའི་མི་སེར་རྣམས་ལ་མྱ་ངན་མཚོན་ཆེད་སྐར་མ་གཅིག་རིང་ངག་བཅད་གྲུབ་བསྟུན། བགྲོ་གླེང་ཐོག་ཕེབས་པའི་ཚོགས་བཅར་བའི་དྲི་བར་བཀའ་ལན་མཛད་འདུག མགོན་པོ་མཆོག་ནས་ཨ་རིས་ལག་བསྟར་བྱས་པའི་དམག་དོན་སྲིད་བྱུས་ཀྱི་ཐོག་ནས་འཁོན་འཛིན་མི་ཉུང་བ་ཞིག་བཟོས་སྟབས། ཕན་ཚུན་དབར་ངལ་བ་དེ་དག་བྱུང་ཡོད་པ་གསུངས་པ་དང་འབྲེལ། དཀའ་རྙོག་དང་འཁོན་འཛིན་གང་འདྲ་ཞིག་ཡིན་ཡང་གྲོས་མོལ་དང་མཐུན་སྒྲིལ། དེ་བཞིན་བརྩེ་སེམས་དང་དྲང་བདེན་གྱི་ལམ་ནས་སེལ་ཐབས་གནང་དགོས་པ་ལས། དྲག་པོའི་དམག་ཤུགས་ཀྱིས་འགྲོ་བ་མིའི་དཀའ་ངལ་དང་སེམས་ཚོར་ལ་འགྱུར་བ་ནམ་ཡང་གཏང་ཐུབ་ཀྱི་མ་རེད་ཅེས་བཀའ་བསྩལ་འདུག མཛད་འཆར་ལྟར་ན། དེ་རིང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Paul Ryan མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་ Nancy Pelosi མཆོག་གི་སྣེ་འཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེའི་གྲོས་ཚོགས་སུ་ཕེབས་བསུ་དང་སྦྲགས་ཉིན་དགུང་གསོལ་ཚིགས་ཤིག་འདེགས་འབུལ་ཞུ་རྒྱུ་རེད་འདུག སྐབས་དེར་ཨ་རིའི་ཆབ་སྲིད་ཚོགས་པ་ཁག་གི་སྐུ་ཚབ་མཚོན་པའི་གྲོས་ཚོགས་ཀྱི་འཐུས་ ༣༠ ཙམ་དང་། དེ་བཞིན་སྐུ་ཞབས་ Richard Gere ལགས་བཅས་ནས་མཉམ་ཞུགས་གནང་གི་འདུག ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Paul Ryan མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེའི་གྲོས་ཚོགས་ནང་གདན་ཞུའི་གོ་སྐབས་བྱུང་བ་དེ་ནི་སྐལ་བཟང་ཞིག་ལ་ངོས་འཛིན་དང་སྦྲགས། ༸གོང་ས་མཆོག་ནི་མི་མང་པོར་བཟང་ཕྱོགས་ཀྱི་སེམས་སྐུལ་གནང་ཐུབ་མཁན་གྱི་གང་ཟག་ཁྱད་དུ་འཕགས་བ་ཞིག་རེད་ཅེས་གསུངས་འདུག གཞན་ཡང་ལྕམ་Nancy Pelosi མཆོག་གིས་ད་རེས་སླར་༸གོང་ས་མཆོག་ཁུལ་དེའི་གྲོས་ཚོགས་ནང་གནད་ཞུ་ཐུབ་པ་དེ་ནི་ཨ་རིའི་ཆབ་སྲིད་ཚོགས་པ་ཡོངས་ཀྱིས་མགོན་པོ་མཆོག་གིས་ད་བར་འཛམ་གླིང་ཞི་བདེ་དང་བྱམས་སྙིང་རྗེ་སོགས་ཀྱི་ཐོག་སྐུ་ངལ་ཚད་མེད་བསྐྱོན་པར་ཆེ་བསྟོད་ཀྱི་གུས་འདུག་ཞུ་རྒྱུ་དང་། ༸གོང་ས་མཆོག་ཁུལ་དེའི་གྲོས་ཚོགས་དུ་ནམ་ཕེབས་ཀྱང་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་སེམས་འགུལ་འཕར་མ་ཞིག་ཐེབས་ཀྱི་འདུག་ཅེས་གསུངས་པ་དང་འབྲེལ།  ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཀྱང་བོད་ཀྱི་རྩ་དོན་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐད་ལ་རོགས་རམ་གང་ཐུབ་གནང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་སང་ཚེས་ ༡༣ ནས་དབུ་འཛུས་ཀྱིས་ཚེས་ ༢༥ བར་ཁྱོན་བདུན་ཕྲག་གཉིས་ལྷག་ཙམ་རིང་ཨ་རིའི་རྒྱལ་ས་གཙོས་པའི་ California དང་།  Uttah དེ་བཞིན་ Colorado དང་། Indiana བཅས་ཨ་རིའི་མངའ་སྡེ་ཆེ་ཁག་ལྔའི་ནང་རིམ་པས་མཛད་འཕྲིན་བསྐྱང་གནང་གི་ཡོད་པ་མ་ཟད། སང་ཉིན་ཕྱི་ཚེས་ ༡༥ ཉིན་ཁུལ་དེར་རྟེན་གཞི་བྱས་པའི་ National Endowment for Democracy  ཞེས་མང་གཙོ་གོང་སྤེལ་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་བཞེས་མཛད་སྒོ་དང་། འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་ཀྱི་བགྲོ་གླེང་ཐོག་དབུ་བཞུགས་མཛད་རྒྱུ་རེད་འདུག

རེས་གཟའ་མིག་དམར། ༢༠༡༦།༠༦།༡༤

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་བཙན་བྱོལ་བོད་མི་རྣམས་ནས་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་ཚབ་བྱེད་ནས་ཧུར་ཐག་གནང་གལ་ཡིན་པ་བཀའ་བསྩལ་འདུག ཨ་རིའི་གྲོས་ཚོགས་འཐུས་མི་ Jim McGovern ལགས་ནས་༸གོང་ས་མཆོག་བོད་ལ་ཆིབས་སྒྱུར་བསྐྱང་འཇུག་རྒྱུ་དུས་ལ་སླེབས་ཡོད་པ་གསུངས་པ། རྒྱ་གཞུང་ནས་སྤྱི་དམངས་ཐོབ་ཐང་རྩོད་ལེན་པའི་ཐོག་དམ་བསྒྲགས་མཚམས་འཇོག་དགོས་པའི་ནན་བརྗོད། ཆབ་སྲིད་བཙོན་ཟུར་བློ་བཟང་དར་རྒྱས་ལགས་རང་ཁྱིམ་དུ་བསྐྱེལ་འདུག ཚེ་ལོ་རྒྱལ་ལགས་ཀྱི་སྦག་སྦག་སྐོར་བསྐྱོད་ལས་འགུལ་མཇུག་སྒྲིལ། གླུ་གཞས་ལས་རིམ། གཞས་མ་ཟླ་སྒྲོན་ལགས་ཀྱིས་བླངས་པའི་མཉམ་འཛོམས་བྱུང་ན་དགའ། Tuesday 14/06/2016 Dalai Lama speaks to Tibetans in DC, leads prayer for Orlando mass shooting victims US House Speaker Ryan and Pelosi to hold Bipartisan lunch for Dalai Lama It’s time to let the Dalai Lama return to Tibet: House Representatives discuss Tibet UN rights Chief urges China to release jailed activists Tibetan political prisoner Lobsang Dargay released Sole biker for Panchen Lama arrives in Delhi MUSIC FEATURE: ‘Nyamzom Jung Na Ga’ by Dhadon

ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Mcgovern ལགས་ཀྱིས་༸གོང་ས་མཆོག་བོད་ལ་ཕྱིར་ཆིབས་སྒྱུར་བསྐྱང་འཇུག་རྒྱུ་དུས་ལ་སླེབས་ཡོད་པ་གསུངས་འདུག

ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་Jim Mcgovern ལགས་ཀྱིས་ཨ་རིའི་གཞུང་ནས་བོད་ཀྱི་གནད་དོན་སེལ་ཆེད་བསམ་བློ་གསར་པ་དང་ཐབས་ལམ་མི་འདྲ་བ་དགོངས་བཞེས་གནང་དགོས་གལ་ཡིན་པ་དང་། ལྷག་དོན་རྒྱ་ནག་གཞུང་ནས་༸གོང་ས་མཆོག་བོད་ལ་ཆིབས་སྒྱུར་བསྐྱང་འཇུག་རྒྱུ་དུས་ལ་སླེབས་ཡོད་པ་གསུངས་འདུག དེ་ཡང་ད་སྐབས་ཨ་རིའི་གྲོས་ཚོགས་འོག་མ་ཚོགས་དུས་ ༡༡༤ འགྲོ་བཞིན་པའི་ཁྲོད་ཁ་སང་ཕྱི་དྲོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim Mcgovern ལགས་དང་ལྕམ་ Nancy Pelosi ལགས་ནས་གྲོས་ཚོགས་སུ་བོད་ཀྱི་གནད་དོན་སྐོར་ལ་དམིགས་བསལ་གླེང་སློང་དང་འབྲེལ། ད་རེས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་སྒྱུར་བཀྲིན་ཆེ་བར་འཚམས་འདྲི་ཞུས་པ་མ་ཟད། ཁོང་རྣམ་པ་གཉིས་ནས་མགོན་པོ་མཆོག་དུས་ཡུན་རིང་པོ་ཞིག་ནས་ངོ་མཁྱེན་གྱི་ཡོད་པས་༸གང་ཉིད་མཆོག་ནི་ཞི་བདེའི་དེད་དཔོན་དང་བྱམས་བརྩེའི་བདག་ཉིད་ཡིན་པ་སོགས་༸སྐུའི་མཁྱེན་ཡོན་དང་མཛད་འཕྲིན་སྐོར་ལ་ཆེ་བསྟོད་རྒྱ་ཆེ་ཞུས་འདུག གཞི་རྐང་སྐུ་ཞབས་ Jim Mcgovern ལགས་དང་ལྕམ་ Nancy Pelosi ལགས་གཉིས་ནས་ཁ་སང་གྲོས་ཚོགས་ཀྱི་ལས་རིམ་དེའི་ཐོག་ནས། རྒྱ་གཞུང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་ཡར་རྒྱས་དེ་ཙམ་གཏང་མེད་པ་དང་། བོད་ཀྱི་གནད་དོན་སེལ་དགོས་གལ་སྐོར་དང་འབྲེལ། ཁོང་རྣམ་པ་གཉིས་ཀྱིས་གཙོས་པའི་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་པ་སྔ་ལོ་བོད་ནང་དུ་བསྐྱོད་རྗེས་ད་བར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་དེ་ཙམ་སོང་མེད་པར་ཐུགས་འཚབ་དང་། ལྷག་པར་དུ་རྒྱ་ནག་གཞུང་ནས་ ༢༠༠༢་ལོར་ཨ་རིའི་གྲོས་ཚོགས་ནས་བོད་ཐོག་གཏན་འབེབས་ཟིན་པའི་གྲོས་ཆོད་དགོངས་དོན་དང་། ཡང་སྒོས་སྔ་ལོ་༸གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༨༠ ཕེབས་སྐབས་སླར་ཡང་གྲོས་ཚོགས་ནས་གཏན་འབེབས་ཞུས་པའི་གྲོས་ཆོད་ལྟར་ད་བར་རྒྱ་བོད་ཞི་མོལ་ཡོང་ཐུབ་མེད་པ་དང་། ལྷ་སར་ཨ་རིའི་གཞུང་ཚབ་འཛུགས་ཐུབ་མེད་པ། ༸པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་པའི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཐོངས་དགོས་པ་སོགས་ཞུས་ཡོད་ནའང། ད་བར་འདས་པའི་དུས་ཡུན་དེའི་ནང་དོན་ཕན་ལྡན་པའི་གྲུབ་འབྲས་གང་ཡང་ཐོན་མེད་སྟབས། ད་ཆ་རྒྱ་ནག་གཞུང་ནས་༸གོང་ས་མཆོག་བོད་ལ་ཕྱིར་ཆིབས་སྒྱུར་བསྐྱང་འཇུག་ཆེད་ཨ་རིའི་གཞུང་ནས་བོད་ཀྱི་གནད་དོན་ཐོག་བསམ་བློ་གསར་པ་དང་ཐབས་ལམ་མི་འདྲ་བ་དགོངས་བཞེས་གནང་དགོས་གལ་ཡིན་པ་གསུངས་འདུག དེའང་རྒྱལ་སྤྱིའི་འགྲོ་བ་མིའི་ཐབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དགོངས་དོན་ནང་། སུ་ཞིག་རྒྱལ་ཁབ་ཕྱི་ནང་དུ་ཕར་འགྲོ་ཚུར་འོང་དང་གནས་སྡོད་བྱ་ཆོག་པའི་རང་དབང་ཡོད་པ་བཞིན་༸གོང་ས་མཆོག་ལའང་༸གང་ཉིད་ཀྱི་རྒྱལ་ཁབ་ཏུ་ཕྱིར་ཕེབས་ཆོག་པའི་རང་དབང་དགོས་པ་དང་། ད་དུང་ཁོང་གིས་དེ་སྔ་ཨ་རིའི་གྲོས་ཚོགས་སུ་བཏོན་པའི་ Reciprocal access to Tibet act ཞེས་པའི་གྲོས་ཆོད་གྲོས་འཆར་ཞིག་ལུང་འདྲེན་དང་སྦྲགས། གལ་ཏེ་རྒྱ་ནག་གཞུང་ནས་ཨ་རིའི་གཞུང་འབྲེལ་མི་སྣ་དང་མི་སེར་རྣམས་རྒྱ་ནག་ནང་བསྐྱོད་རྒྱུར་བཀག་འགོག་བྱེད་ན། ཨ་གཞུང་ནས་ཀྱང་དེ་མཚུངས་བྱ་དགོས་ཀྱི་འདུག་ཅེས་དང་། ལྷག་པར་དུ་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་མོལ་ཐོག་ཛ་དྲག་རང་བཞིན་དུ་གྱུར་བཞིན་པའི་བོད་མཐོ་སྒང་གི་ཁོར་ཡུག་གནད་དོན་དེ་གལ་ཆེ་ཁོངས་སུ་རྩིས་དགོས་གལ་ཡིན་པ་སོགས་གསུངས་ཡོད།     ད་དུང་སྐུ་ཞབས་Jim Mcgovern ལགས་ནས་ཨ་རིའི་གཞུང་གི་ཨེ་ཤེ་ཡའི་ཐོག་གི་ལས་འཆར་ཁྲོད་བོད་ནང་གི་བོད་ནང་གི་བོད་མི་ཚོའི་ཐོུང་མ་ཡིན་པའི་རིག་གནས་དང་ཤེས་བྱ། རིག་གཞུང་མི་ཉམས་རྒྱུན་འཁྱོངས་ཐད་ལ་དགོངས་བཞེས་གནང་གལ་ཡིན་པ་ལས་དེ་དག་གི་ཁེ་དབང་གཞན་ལ་མི་ཤོར་བ་གནང་དགོས་པ་རེད་བཅས་སོགས་གསུངས་འདུག དེ་མཚུངས་ལྕམ་ Nancy Pelosi མཆོག་ནས་ཀྱང་སྐབས་དེར་གྲོས་ཚོགས་ནང་དུ་༸གོང་ས་མཆོག་གི་ཁྱད་པར་དུ་འཕགས་པའི་འཚེ་མེད་ཞི་བའི་ཐབས་ལམ་དང་ཀུན་ཁྱབ་འགན་འཁུར་སོགས་རླབས་ཆེན་གྱི་དགོངས་བཞེས་སྐོར་གསུངས་པ་དང་སྦྲགས། ང་ཚོས་༸གོང་ས་མཆོག་ལ་ལེགས་སྐྱེས་དང་ཆེ་མཐོང་འབུལ་སྟངས་ཡག་ཤོས་དེ་ནི། ༸གང་ཉིད་མཆོག་དང་བོད་མི་རྣམས་ལ་རྒྱབ་སྐྱོར་ཞུས་ནས་བོད་མིའི་འཐབ་རྩོད་དེ་གསོན་པོར་ཉར་ཐུབ་རྒྱུ་དེ་ཡིན་པ་གསུངས་འདུག ཁྱད་པར་དུ་ལྕམ་སྐུ་ Nancy Pelosi མཆོག་ནས་ཁ་སང་གྲོས་ཚོགས་ཀྱི་སྡེངས་ཆ་དེའི་ཐོག་ནས་བོད་ཀྱི་རིག་གཞུང་དེ་ནི་དོན་དམ་གྱི་སྙིང་རྗེ་མོ་དང་ཐུན་མོང་མ་ཡིན་པ་ཞིག་ཡོད་སྟབས། རྒྱ་ནང་གཞུང་ནས་བོད་ཀྱི་ཆོས་དང་རིག་གཞུང་གི་གཞི་རྟེན་དུ་གྱུར་བའི་བོད་སྐད་ཡིག་གཏོར་བཤིག་གཏང་རྒྱུ་ནི་ཧ་ཅང་གི་ནོར་འཁྲུལ་ཞིག་ཡིན་པ་རེད་ཅེས་སོགས་གསུངས་འདུག ད་དུང་ལྕམ་ Nancy Pelosi མཆོག་ནས་ཁ་སང་གི་གྲོས་ཚོགས་དེའི་ཐོག་ནས་ད་དབར་ཨ་རིའི་གཞུང་མང་དང་། ལྷག་པར་དུ་ད་དབར་གྱི་སྲིད་འཛིན་སྔ་རྗེས་ནས་༸གོང་ས་མཆོག་ལ་གུས་བཀུར། ཆེ་མཐོང་། བོད་དང་བོད་མི་རྣམས་ལ་རྒྱབ་སྐྱོར་རྒྱ་ཆེ་གནང་ཡོད་པ་དེ་ནི་ང་ཚོས་སྤོབས་པ་བྱེད་ཆོག་པ་ཞིག་ཡིན་པ་གསུངས་པ་མ་ཟད། ཁྱད་པར་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཨ་རིའི་ཆབ་སྲིད་ཚོགས་པ་ཚང་མས་ཐོུང་གི་གུས་བཀུར་ཆེ་མཐོང་འབུལ་ཡུལ་གྱི་སྐྱེས་བུ་ཞིག་ཆགས་ཡོད་པ་གསུངས་འདུག

Latest news