Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: June, 2016

རེས་གཟའ་མིག་དམར། ༢༠༡༦།༠༦།༢༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་ཀེ་ལི་ཕོར་ནིའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམས་དང་མཇལ་འཕྲད། ཁེ་ན་ཌེའི་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པའི་ཞུ་གཏུགས། པོ་ལེནྜ་བོད་མི་ཚོས་ཞི་ཅིང་ཕིང་ལ་ངོ་རྒོལ། སྦར་སེ་ལོ་ནའི་གྲོང་ཁྱེར་སྤྱི་ཁྱབ་པས་བོད་མིར་གདུང་སེམས་མཉམ་བསྐྱེད་ཡོད་པ་གསུངས་འདུག འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ནས་མང་ཚོགས་ཀྱི་དགོངས་ཚུལ་བསྡུ་གནང་རྒྱུ། གླུ་གཞས་ལེ་ཚན། གཞས་པ་བསྟན་འཛིན་སྲོང་ཡིད་ལགས་ཀྱིས་བླངས་པའི་ཨ་ཙ་ར། Tuesday 21/06/2016 Dalai Lama addresses a Joint Session of California State Legislature Petition to Govt. of Canada for the release of Panchen Lama Tibetans protest against Xi Jinping’s visit to Poland Barcelona Mayor extends solidarity to Tibet’s plight Draft Committee starts reviewing on Electoral reforms MUSIC FEATURE: ‘Atsara’ by Tenzin Seungyi

རེས་གཟའ་ཟླ་བ། ༢༠༡༦།༠༦།༢༠

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་བོད་མི་རིགས་ཀྱི་འདུ་ཤེས་མ་བརླག་པ་བྱ་དགོས་པའི་ལམ་སྟོན་བསྩལ་འདུག ༸གོང་ས་མཆོག་གིས་Vietnam ནང་པའི་ལྷ་ཁང་ཞིག་དབུ་འབྱེད་མཛད་པ། པོ་ལེནཊ་སྲིད་འཛིན་མཆོག་ནས་ཞི་ཅིང་ཕིང་དང་མཇལ་འཕྲད་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་དགོས་པ་གསུངས་འདུག རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སྐབས་༡༤པ་ཚོགས་འདུག བྱང་ཨ་རིའི་ས་གནས་གཞོན་ནུས་ཆོལ་གསུམ་ཆིག་སྒྲིལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུ། ཨ་རིའི་ཕྱི་མི་གཞིས་ཆགས་ཀྱི་རིག་གཞུང་དུས་སྟོན་སྐབས་བོད་མིས་མཉམ་ཞུགས་གནང་འདུག Monday 20/06/2016 Dalai Lama urges Tibetans not to forget their identity Dalai Lama inaugurates Vietnamese Buddhist temple Polish leaders urged to raise rights issue with visiting Chinese PM 14th IATS seminar begins in Bergen, Norway North America Regional TYC working Committee Meeting concludes Exile Tibetans showcase their culture at Annual Immigrant’s Parade

རེས་གཟའ་ཉི་མ། ༢༠༡༦།༠༦།༡༩

ཉན་པ།: Listen ཕབ་ལེན། Download གཟའ་འཁོར་གཅིག་གི་གསར་འགྱུར་བསྐྱར་ཞིབ། ན་གཞོན་གཞས་པ་བསོད་ནམས་སྟོབས་ལྡན་ལགས་དང་གླེང་མོལ། Sunday 19/06/2016 Week Review Budding singer Sonam Topden

རེས་གཟའ་སྤེན་པ། ༢༠༡༦།༠༦།༡༨

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་བེུད་རྣམས་ལ་འགྲོ་བ་མའི་བཟང་སྤྱོད་ཀྱི་རིན་ཐང་གོང་འཕེལ་གཏང་རྒྱུའི་འགན་འཕར་མ་ཡོད་པ་བཀའ་སྩལ་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྲིད་འཛིན་ཨོ་བྷ་མ་མཆོག་ལ་ཐུགས་རྗེ་ཆེ་ཞུ་གསུངས་འདུག ཨ་རིའི་གྲོས་ཚོགས་ནང་རྒྱ་གཞུང་གིས་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་ཐེར་བཏོན་བྱས་འདུག རྒྱལ་ཚོགས་ཀྱི་ལྷན་ཚོགས་སྟེང་བོད་ནང་གི་འདུ་འཛོམས་རང་དབང་སྐོར་གླེང་སློང་གནང་འདུག སི་པེན་ནང་བོད་སྐོར་འགྲེམས་སྟོན་ཚོགས་བཞིན་པ། ལྷོ་ཕྱོགས་སུ་ཆོས་ལུགས་འདྲ་མིན་དབར་བགྲོ་གླེང་ཞིག་ཚོགས་པ། Saturday 18/06/2016 Women have more responsibility in imparting knowledge on human values TPiE expresses gratitude to President Obama for welcoming Dalai Lama at the White House China’s severe religious freedom violations continued in 2015 says former USCIRF Chair ‪‎UN‬ Special Rapporteur strongly speaks for association and assembly rights of Tibetans 90 days exhibition on Tibet kicks off in Barcelona, Spain FUR holds Interfaith Dialogue and Pilgrimage in South India

༸གོང་ས་མཆོག་གིས་རྒྱ་གཞུང་ནས་༸གང་ཉིད་ལ་སྐྱོན་བརྗོད་བྱེད་བཞིན་པ་དེར་རྒྱ་ནག་མི་མང་ནས་ངོས་ལན་བྱེད་མིན་ཐེ་ཚོམ་རེད་ཅེས་བཀའ་སྩལ་འདུག

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་ནས་མགོན་པོ་༸གང་ཉིད་མཆོག་རྒྱལ་སྤྱིའི་དབུ་འཁྲིད་རྣམས་དང་མཇལ་འཕྲད་གནང་སྐབས་སྐྱོན་བརྗོད་བྱེད་བཞིན་པར་རྒྱ་ནག་མི་མང་ཐེར་འབུམ་གཅིག་དང་ཕྱེད་ཀ་ཙམ་ཡོད་པ་དེ་དག་ལ་བཀའ་འདྲི་ཞུས་ན་ངོས་ལན་བྱེད་མིན་ཐེ་ཚོམ་རེད་ཅེས་བཀའ་སྩལ་འདུག དེ་ཡང་ཁ་ཉིན་ཕྱི་ཚེས་ ༡༥ ཉིན་མགོན་པོ་མཆོག་དང་ཨ་མི་རིའི་སྲིད་འཛིན་བྷ་རག་ཨོ་བྷ་མ་མཆོག་རྣམ་པ་གཉིས་ཕོ་བྲང་དཀར་པོའི་ནང་གྱི་མཇལ་འཕྲད་གྲུབ་པའི་དགོང་མཚམས་དེར། ཁུལ་དེར་རྟེན་གཞི་བྱས་པའི་ Fox གསར་ཁང་གི་ཆབ་སྲིད་གསར་འགོད་པའི་གཙོ་འཛིན་སྐུ་ཞབས་ Bret Bair ལགས་ནས་༸གོང་ས་མཆོག་ལ་ད་ལྟའི་བོད་དང་རྒྱ་ནག་གི་གནས་སྟངས། དེ་བཞིན་སྲིད་འཛིན་ཨོ་བྷ་མ་མཆོག་དང་མཇལ་འཕྲད་གནང་པའི་སྐོར་དང་འབྲེལ་བའི་བཀའ་འདྲི་ཁག་ཅིག་ཞུས་འདུག སྐབས་དེར་སྐུ་ཞབས་ Bret Bair ལགས་ནས་མགོན་པོ་མཆོག་ལ་ད་རེས་ཀྱི་མཇལ་འཕྲད་དེ་གང་འདྲ་བྱུང་ཞེས་བཀའ་དྲི་ཞུ་སྐབས། ༸གོང་ས་མཆོག་ནས་ད་རེས་ཀྱི་མཇལ་འཕྲད་དེ་རང་ཉིད་ཀྱི་གྲོགས་པོ་ལྷན་དུ་བསྐྱར་འཛོམས་བྱུང་བའི་ཚོར་བ་ཞིག་བྱུང་ཞེས་བཀའ་བསྩལ་གནང་པ་དང་། སྲིད་འཛིན་ཨོ་བྷ་མ་ལྷན་དུ་ད་ལྟའི་བོད་དང་རྒྱ་ནག་ནང་གི་གནས་སྟངས། དེ་བཞིན་མགོན་པོ་༸གང་ཉིད་མཆོག་གི་ཐུགས་འཁུར་གསུམ་ལས་ཤེས་ཡོན་སློབ་གསོ་བརྒྱུད་འགྲོ་བ་མིའི་རིང་ཐང་གོང་མཐོར་གཏོང་ཐབས་སྐོར་ལ་གྲོས་མོལ་གནང་ཡོད་སྐོར་བཀའ་ལན་མཛད་འདུག དེ་བཞིན་ཁོང་གིས་༸གང་ཉིད་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་མ་གནང་གོང་དུ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ Lu Kang ནས་༸གོང་ས་མཆོག་ལ་སྐྱོན་བརྗོད་དང་འབྲེལ་རྒྱལ་སྤྱིའི་གཞུང་ནས་༸གང་ཉིད་མཆོག་དང་མཇལ་འཕྲད་གནང་ན་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཐེབས་སྲིད་པ་མ་ཟད། རྒྱ་ནག་མི་མང་ཐེར་འབུམ་གཅིག་དང་ཕྱེ་ཀ་ཙམ་གྱི་སེམས་ཚོར་ལ་གནོད་ཀྱི་རེད་ཅེས་གནོན་ཤུགས་སྤྲད་པ་ལུང་འགྲེན་དང་སྦྲགས། ༸གོང་ས་མཆོག་གི་དགོངས་ཚུལ་བཀའ་འདྲི་ཞུ་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གཞུང་གིས་༸གང་ཉིད་མཆོག་ལ་སྐྱོན་བརྗོད་དང་རྒྱལ་སྤྱིའི་ཐོག་གནོན་ཤུགས་སྤྲད་བཞིན་པ་དེ་ནི་རྒྱ་ནག་སྲིད་གཞུང་གི་འཆར་ཅན་བྱེད་སྒོ་ཞིག་རེད་ཅེས་བཀའ་གནང་པ་དང་ཆབས་ཅིག མགོན་པོ་གང་མཆོག་གིས་དབུས་པའི་བོད་མི་ཚོས་རང་བཙན་མི་རྩོད་པར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་ཡོད་སྐོར་བཀའ་ནན་མཛད་འདུག མགོན་པོ་༸གང་ཉིད་མཆོག་ནས་དེ་སྔ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ནས་ནང་ཆོས་དེ་རྒྱ་ནག་གི་རིག་གཞུང་ལ་གལ་ཆེ་ཞིག་ཡིན་ཅེས་བརྗོད་པ་ལུང་འདྲེན་དང་འབྲེལ། རྒྱ་ནག་དེ་འཛམ་བུ་གླིང་འདིའི་ཐོག་མུ་མཐུད་དམ་དྲག་དང་གནོན་ཤུགས་འོག་གནས་ཐབས་མེད་པ་དང་། དུས་ཚོད་རིང་ཐུང་ཙམ་གྱི་ཁྱད་པར་ལས་རིམ་པས་རྒྱ་ནག་ནང་འགྱུར་བ་ཞིག་འགྲོ་ངེས་ཡིན་པ་གསུངས་འདུག གཞན་ཡང་སྐུ་ཞབས་ Bret Bair ལགས་ནས་མགོན་པོ་མཆོག་ལ་ཨ་རའི་འོས་བསྡུའི་ལས་རིམ་དང་ཨ་རི་ནང་ལ་ཞི་སྤོས་གནང་མཁན་མང་དུ་འགྲོ་བཞིན་པའི་སྐོར་ལ་བཀའ་འདྲི་ཞུས་པར་༸གོང་ས་མཆོག་ནས་རྩ་བའི་འོས་བསྡུའི་ཁྲོད་འོས་མི་ཕན་ཚུན་དབར་སྐྱོན་བརྗོད་ཁོ་ན་བྱེད་བཞིན་པ་དེ་ཅུང་ཡ་མཚན་ཆེ་ཡང་། ཨ་རི་མི་མང་རྣམས་ནས་རང་ཉིད་ཀྱི་རིག་རྩལ་བརྒྱུད་ མ་འོངས་པར་སྲིད་འཛིན་ཡག་པོ་ཞིག་འདེམས་ངེས་ཡིན་སྐོར་བཀའ་ལན་མཛད་པ་དང་སྦྲགས། མགོན་པོ་མཆོག་ནས་ཨ་རི་ནང་ཡོད་པའི་མི་རིགས་དཀར་པོ་ཚང་མ་ཞི་སྤོ་བ་རེད་ཅེས་ཞལ་ཤོབ་དང་འབྲེལ། ཨ་རི་ནང་ལོ་ལྟར་མི་ས་ཡ་ལྷག་གནས་སྤོ་བྱེད་བཞིན་ཡོད་ན་སེམས་འཚབ་བྱ་ཡུལ་གྱི་གནས་ཤིག་ཡིན་པ་ལས། གཞན་ད་ལྟའི་གནས་སྟངས་དེས་བཀའ་ངལ་དེ་ཙམ་འཕྲད་ཀྱི་མ་རེད་ཅེས་བཀའ་སྩལ་འདུག དེ་བཞིན་༸གོང་ས་མཆོག་གིས་ཉེ་འཆར་ཕྱི་ཚེས་ ༡༣ ཉིན་ཨ་རིའི་ Florida མངའ་སྡེའི་གྲོང་ཁྱེར་ Orlando མཚན་ཚོགས་ཤིག་ཏུ་མི་གྲངས་ལྔ་བཅུ་ལྷག་ཙམ་གྱི་སྲོག་ཤོར་བ་དང་འབྲེལ། ཆོས་དང་འཇིགས་བསྐུལ་རིང་ལུགས་ཐད་བཀའ་འདྲི་ཞུས་པར་ ༸གང་ཉིན་མཆོག་ནས་རྩ་བའི་Muslim Terrorist འམ་ཁ་ཆེའི་འཇིགས་བསྐུལ་རིང་ལུགས་ཞེས་པའི་ཐ་སྙད་དེ་ཉིད་ནོར་བ་ཞིག་ཡིན་པར་འགྲེལ་བརྗོད་དང་། ཁ་ཆེའི་ཆོས་ལུགས་གཙོས་པའི་ཆོས་ཐམས་ཅད་ཀྱི་སླབ་བྱ་གཙོ་བོ་བྱམས་སྙིང་རྗེ་དང་སེམས་པ་བཟང་པོ་བྱ་རྒྱུ་དེ་རེད་བཅས་བཀའ་བསྩལ་མཛད་འདུག གཞི་རྩའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་བཅུ་གསུམ་ནས་ཨ་མི་རི་ཀའི་རྒྱལ་ས་Washington DC ནང་མང་ཚོགས་ལ་བཀའ་སློབ་དང་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་མཇལ་འཕྲད་སོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་བསྟུན། ཁ་སང་ཨ་རིའི་ནུབ་ཕྱོགས་མངའ་སྡེ་ཀེ་ལི་ཕོར་ནིའི་གྲོང་ཁྱེར་ Orange Country ཕྱོགས་སུ་ཆིབས་ཞལ་སྒྱུར་གནང་གིས་ཁུལ་དེར་ཞབས་སོར་བདེ་བར་འཁོད་མཚམས། ས་གནས་བོད་རིགས་དང་དད་ལྡན་མང་ཚོགས་རྣམས་ནས་དགའ་སྤྲོའི་གླུ་གཞས་དང་སྦྲགས་ཕེབས་བསུ་གཟབ་རྒྱས་ཞུས་འདུག  

བཙན་བྱོལ་བོད་མིའི་གཞོན་སྐྱེས་ཁྲོད་སྨྱོ་རྫས་རིགས་སྤྱོད་མཁན་མང་དུ་འགྲོ་བཞིན་ཡོད་པ་གསུངས་པ།

ད་ཆ་རང་ལོ་༤༣སོན་པའི་ཀུན་དགའ་ལགས་ནི་བཙན་བྱོལ་སྤྱི་ཚོགས་རང་ནང་འཚར་ལོངས་བྱུང་ཞིང་ཤེས་ཡོན་དང་སློབ་གསོ་སོགས་ཐོབ་མྱོང་ཡོད་པ་ཞིག་དང་།  ཁོང་གིས་གཞི་རིམ་གོང་འོག་གི་སློབ་མཐར་སོན་རྗེས་སྨྱོ་རྫས་རིགས་ལོངས་སུ་སྤྱོད་འགོ་བཙུགས་ཏེ་ཐོག་མར་སོ་མ་ར་རྫ་དང།  ཉ་མག་ (brown Sugar) དེ་བཞིན་ཨ་རག་བཅས་ད་བར་ལོ་ ༢༠ རིང་སྨྱོ་རྫས་རིགས་འདྲ་མིན་སྤྱོད་པའི་ངན་གོམས་ཀྱི་འཚོ་བའི་ནང་ལྷུང་འདུག བཙན་བྱོལ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་སོགས་ནས་གང་ཐུབ་ཀྱིས་བོད་མིའི་གཞི་ཆགས་ཁག་དང་། དེ་བཞིན་སློབ་གྲྭ་སོགས་ཀྱི་ནང་སྨྱོ་རྫས་ཉམ་གོམ་འགོག་ཐབས་ཀྱི་གོ་རྟཔགས་སྤེལ་ཕྱིར་སྦྱོང་བརྡར་སོགས་ཀྱི་ལས་གཞི་འདྲ་མིན་སྤེལ་བཞིན་ཡོད་པ་ཡོད་ཀྱང་། བོད་པའི་ན་གཞོན་ཁྲོད་ནས་ སྨྱོ་རྫས་རིགས་སྤྱོད་མཁན་གྲངས་འབོར་དེ་མང་དུ་འགྲོ་བཞིན་ཡོད་པ་རེད་འདུག བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀུན་ཕན་ཚོགས་པས་ཟླ་འདིའི་ཕྱི་ཚེས་༡༣ནས་འགོ་བཚུགས་ཀྱིས་དེ་རིང་ཚེས་ ༡༧ བར་བཅས་ཉིན་གྲངས་བཞིའི་རིང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སྨྱོ་རྫས་རིགས་ལ་ལངས་ཤོར་བའི་བོད་པའི་གཞོན་སྐྱེས་ཁག་ཅིག་འདུ་སྐོང་གནང་སྟེ། ནང་པའི་ལྟ་གྲུབ་ཀྱི་སློབ་གསོ་ལས་སྨྱོས་རྫས་རིགས་ལ་སྤྱོད་རྒྱུའི་གོམས་གཤིས་ངན་པ་དོར་ཐབས་ཀྱི་སྦྱོང་བརྡར་ཞིག་གནང་བཞིན་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་གིས་ཀུན་ཕན་ཚོགས་པའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་སུ་ ཀུན་སྤྱིའི་ལས་གཞི་དང། དེ་བཞིན་འདས་པའི་མྱོང་བ་བཅས་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་པར་ཁོང་གིས་བཞུགས་སྒར་རྡ་རམ་ས་ལའི་འཁོར་ཡུག་རང་ནང་ཀུན་ཕན་ཚོགས་པའི་ཤེས་རྟོགས་བྱུང་བར་གཞིགས་ན་བོད་པའི་ན་གཞོན་སྨྱོ་རྫས་ཉན་གོམས་ལངས་ལ་ཤོར་བ་ཁྱོན་ ༢༥ ལྷག་ཙམ་ཡོད་པ་མ་ཟད། ད་ལྟའི་འཆར་བོད་པའི་གཞོན་སྐྱེས་ཁྲོད་ནས་སྨྱོ་རྫས་རིགས་ལ་སྤྱོད་མཁན་མང་དུ་འགྲོ་གྱི་ཡོད་པ་མངོན་གསལ་རེད་འདུག་ཅེས་གསུངས་སོང་། དེ་བཞིན་ཀུན་ཕན་ཚོགས་པའི་སྦྱོང་བརྡར་དེའི་ནང་མཉམ་ཞུགས་གནང་མཁན་ཁག་ཅིག་དང་གླེང་མོལ་ཞུས་པ་ཡིན། ཁོང་ཚོ་མང་ཆེ་བ་ཞིག་ལ་ཐོག་མ་བདེ་བ་ཆུང་ངུ་ཞིག་ལ་ཆགས་ཏེ་སྨྱོ་རྫས་རིག་འདྲ་མིན་སྤྱོད་པས་ལངས་ལ་ཤོར་སྟབས། ད་ཆ་དེ་དག་གིས་སྤང་དཀའ་བ་ཤེས་ནས་བློ་འགྱོད་ཆེན་པོ་གནང་གི་འདུག ཀུན་ཕན་ཚོགས་པའི་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་སྦྱོང་བརྡར་དེའི་ནང་མཉམ་ཞུགས་གནང་མཁན་བོད་པའི་གཞོན་སྐྱེས་ཚོར་དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་མིན་ཐད་བཅར་འདྲི་ཞུས་པར་ཁོང་རྣམས་ཀྱིས་དེ་ནི་གཙོ་བོ་ཆུང་བྱིས་པའི་དུས་ནས་ཕ་མ་དང་དགེ་རྒན་གྱི་སློབ་གསོ་མ་འདང་པ།  ལམ་སྟོན་ཡག་པོ་མེད་པ། དེ་བཞིན་ཕ་མའི་གཤིས་ཀ་དང་སྤྱོད་ལམ་ངན་པ་བཅས་ལ་བརྟེན་ནས་ཡོང་བ་ཞིག་ཡིན་སྐོར་གསུངས་ཡོད། གཞན་ཡང་ གནད་དོན་དེའི་ཐོག གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་སྨྱོ་རྫས་ངན་གོམས་སྡེ་ཚན་གྱི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་བསོད་ནམས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ད་བར་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་བོད་མིའི་གཞི་ཆགས་ཁག་དང་སློབ་གྲྭ་སོགས་སུ་སྨྱོ་རྫས་ངན་གོམས་སྔོན་འགོག་དང་འབྲེལ་བའི་གོ་རྟོགས་ཀྱི་ལས་འདྲ་མིན་སྤེལ་གྱི་ཡོད་སྐོར་གསུངས་པ་མ་ཟད། ལོ་ལྟར་སྨྱོ་རྫས་ངན་གོམས་ཡོད་རིགས་སུ་མི་གྲངས་ ༢༠ ལྷག་ལ་བཅོས་ཐབས་ཁང་དུ་གཏང་རྒྱུའི་དཔལ་འབྱོར་གྱི་མཐུན་རྐྱེན་སོགས་གནང་ནས་དྲག་བསྐྱེད་བྱུང་ཡང་། ཕྱིས་སུ་དེ་དག་གི་འབྲེལ་ཡོད་ནང་མི་དང་སྤྱི་ཚོགས་ནས་རྒྱབ་སྐྱོར་མེད་སྟབས། དྲག་བསྐྱེད་བྱུང་བའི་གཞོན་སྐྱེས་དེ་དག་སླར་སྔར་གྱི་ངན་གོམས་དབང་གིས་སྨྱོ་རྫས་རིགས་སྤྱོད་མཁན་རང་འཇགས་ཆགས་ཀྱི་ཡོད་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་སྐོར་གསུངས་ཡོད་པ་རེད།

རེས་གཟའ་པ་སངས། ༢༠༡༦།༠༦།༡༧

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་རྒྱ་གཞུང་ནས་༸གང་ཉིད་ལ་སྐྱོན་བརྗོད་བྱེད་བཞིན་པ་དེ་ལ་རྒྱ་ནག་མང་ཚོགས་ནས་ངོས་ལེན་བྱེད་མིན་ཐེ་ཚོམ་ཡིན་པ་བཀའ་བསྩལ་འདུག རྒྱ་གཞུང་ནས་ཧོང་ཀོང་གི་དཔེ་དེབ་ཚོང་མཁན་ལ་བཙན་དབང་འོག་ནོར་འཁྲུལ་ཁས་ལེན་བྱས་བཅུག་ཡོད་པ་ར་སྤྲོད་བྱུང་འདུག རྡ་སའི་ས་གནས་འགོ་འཛིན་གསར་པ་ལ་མང་ཚོགས་ནས་འཚམས་འདྲི་ཞུས་པ། བཙན་བྱོལ་བོད་མིའི་གཞོན་སྐྱེས་ཁྲོད་སྨྱོ་རྫས་རིགས་སྤྱོད་མཁན་མང་དུ་འགྲོ་བཞིན་པ། Friday 17/06/2016 Dalai Lama brushes off China’s criticism over Obama meet Hong Kong bookseller says China TV confession 'forced' Welcome gala held for newly elected Dharamsala Welfare Officer Kunphen Centre holds retreat workshop for Tibetan drug addicts

སྲིད་འཛིན་ཨོ་བྷ་མ་མཆོག་གིས་༸གོང་ས་མཆོག་ལ་རྒྱ་ནག་དང་དོན་དམ་གྱི་གྲོས་མོལ་གནང་དགོས་གལ་ཡིན་པ་གསུངས་འདུག

ཁ་སང་ཟླ་ ༦ ཚེས་ ༡༥ ཉིན་ཨ་རིའི་སྔ་དྲོའི་ཆུ་ཚོད་ ༡༠།༡༥ ཙམ་ལ་ཨ་རིའི་ཕོ་བྲང་དཀར་པོའི་ས་ཁྲའི་ལས་ཁུངས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་རྣམ་གཉིས་མཇལ་འཕྲད་མཛད་པ་དང་བསྟུན། སྲིད་འཛིན་མཆོག་གིས་༸གོང་ས་མཆོག་ལ་བོད་རྒྱ་དཀའ་རྙོག་སེལ་ཆེད་རྒྱ་ནག་ལྷན་དུ་དོན་དམ་གྱི་གྲོས་མོལ་གནང་དགོས་གལ་ཡིན་པ་གསུངས་འདུག དེ་ཡང་དབུ་ཁྲིད་རྣམ་གཉིས་མཆོག་གི་མཇལ་འཕྲད་གྲུབ་བསྟུན། ཨ་རིའི་ཕོ་བྲང་དཀར་པོའི་དྲ་གནས་ཐོག་ཐེངས་འདིའི་མཇལ་འཕྲད་ཁྲོད། སྲིད་འཛིན་ཨོ་བྷ་མ་མཆོག་དང་༸གོང་ས་མཆོག་རྣམ་གཉིས་དབར་བཀའ་མོལ་ཇི་བྱུང་སྐོར་ལ་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་། ༸གང་ཉིད་མཆོག་གིས་ཉེ་ཆར་ཨ་རིའི་གྲོང་ཁྱེར་ Orlando ནང་མཚན་ཚོགས་ཤིག་ཏུ་མི་བསད་ཁྲག་སྦྱོར་གྱི་དོན་རྐྱེན་འོག་ཚེ་འདས་དང་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་བར་ཐུགས་ཕམ་དང་བཅས་སྲིད་འཛིན་མཆོག་ལ་ཐུགས་གསོ་མཛད་ཡོད་པ་དང་། སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཀྱང་༸གོང་ས་མཆོག་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ༸གང་ཉིད་མཆོག་གིས་གཞན་ལ་བྱམས་བརྩེ་དང་གུས་བརྩི་སོགས་གོང་སྤེལ་གཏོང་ཐབས་མཛད་བཞིན་པར་ཡི་རང་བསྔགས་བརྗོད་ཞུས་འདུག བོད་ནང་གི་གནས་སྟངས་དང་འབྲེལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་ཨ་རིའི་གཞུང་གིས་རྒྱབ་སྐྱོར་ཡོད་སྐོར་གསུངས་པ་མ་ཟད། ལྷག་དོན་སྲིད་འཛིན་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གྱི་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་ཞུས་པ་དང་སྦྲགས་རྒྱབ་སྐྱོར་ཤུགས་ཆེ་ཡོད་པ་ནན་བརྗོད་གནང་འདུག སྲིད་འཛིན་ཨོ་བྷ་མ་མཆོག་གིས་བོད་ཀྱི་དཀའ་རྙོག་སེལ་ཆེད་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཉིས་དབར་དོན་དམ་གྱི་གྲོས་མོལ་གནང་དགོས་གལ་ཡིན་སྐོར་ཡང་གསུངས་ཡོད་པ་དང་། སྲིད་འཛིན་མཆོག་གིས་ད་དུང་ཨ་རིའི་གཞུང་གི་ངོས་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དང་། ཨ་རིའི་ངོས་ནས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་པ་དེ་ཨ་རིའི་གཞུང་གིས་ཡུན་རིང་ནས་འཛིན་པའི་སྲིད་བྱུས་རང་འཇག་ཡིན་སྐོར་གསུངས་པ་ལྟར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་༸གང་ཉིད་ཀྱིས་ནམ་ཡང་རང་བཙན་རྩོད་ཀྱི་མེད་སྟབས། རྒྱ་ནག་གཞུང་ཕྱོགས་ནས་༸གང་ཉིད་ཀྱི་སྐུ་ཚབ་ལྷན་དུ་གྲོས་མོལ་མགྱོགས་མྱུར་བསྐྱར་གསོ་གནང་བའི་ཐུགས་རེ་གནང་བཞིན་ཡོད་པ་བཀའ་བསྩལ་འདུག སྲིད་འཛིན་མཆོག་དང་༸གོང་ས་མཆོག་དབུ་ཁྲིད་རྣམ་པ་གཉིས་མཆོག་གིས་རྒྱ་ནག་དང་ཨ་མི་རི་ཀའི་དབར་འབྲེལ་ལམ་བཟང་པོ་དགོས་གལ་ཡིན་པའི་ངོས་འཛིན་གནང་བ་མ་ཟད། སྲིད་འཛིན་མཆོག་ནས་༸གོང་ས་མཆོག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གནད་དོན་ལ་ཐུགས་འཁུར་ཆེ་བཞེས་གནང་བཞིན་པར་དགའ་སུ་དང་སྦྲགས། ༸གོང་ས་མཆོག་གིས་ཧི་མཱ་ལ་ཡའི་རི་རྒྱུད་དང་། ཁྱད་པར་དུ་བོད་མཐོ་སྒང་གི་འཁྱག་རོམ་མྱུར་ཚད་མཐོ་བོའི་ཐོག་ཞུར་བཞིན་པ་སོགས་གོ་ལའི་ཚ་དྲོད་དང་འབྲེལ་བའི་གནད་དོན་ཐོག་ཐུགས་འཁུར་ཆེན་པོ་བཞེས་བཞིན་པར་རྒྱབ་སྐྱོར་ཤུགས་ཆེ་ཞུས་ཡོད་པ་རེད།

༸གོང་ས་མཆོག་དབུ་བཞུགས་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་དང་བོད་མིའི་སྒྲིག་འཛུགས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་འདུག

མང་གཙོ་གོང་སྤེལ་བསྟི་གནས་ཁང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་དང་བོད་མིའི་སྒྲིག་འཛུགས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་འདུག དེ་ཡང་ཁ་སང་ཟླ་ ༦ ཚེས་ ༡༥ ཉིན་གྱི་སྔ་དྲོར་ཨ་རིའི་ཕོ་བྲང་དཀར་པོའི་ས་ཁྲའི་ལས་ཁུངས་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་རྣམ་གཉིས་མཇལ་འཕྲད་མཛད་ཟིན་པའི་ཉིན་རྒྱབ་ཏུ་མགོན་པོ་༸གང་ཉིད་མཆོག་ནས་ཁུལ་དེར་རྟེན་གཞི་བྱས་པའི་ National Endowment for Democracy ཞེས་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་ལས་ཁུངས་སུ་ཆིབས་སྒྱུར་དང་སྦྲགས མང་གཙོ་དང་རེ་བ་ཞེས་པའི་བགྲོ་གླེང་གི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད་པ་དང་། སྐབས་དེར་ མང་གཙོ་གོང་སྤེལ་བསྟི་གནས་ཁང་དེས་བསྐལ་བཟང་གི་དུས་ཚོད་དམ་འཛིན་ཆེན་པོས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་དེ་ཉིད་དང་བོད་མིའི་སྒྲིག་འཛུགས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཕུལ་འདུག མཛད་རིམ་གྱི་ཐོག་མར་ཚོགས་པ་དེའི་ཚོགས་གཙོ་ Carl Gershman ལགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག རྒྱ་གཞུང་གི་བཙོན་ཁང་ནང་གློ་བུར་དུ་༸སྐུ་འདས་གྲོངས་སུ་གྱུར་བའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆེ་དམ་པ་ཁོང་གིས་བོད་མིའི་འཐབ་རྩོད་ཁྲོད་མི་རིགས་ཀྱི་ལ་རྒྱ་དང་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐད་ལ་རླབས་ཆེན་གྱི་མཛད་རྗེས་བསྐྱངས་པར་ཆེ་བསྟོད་དང་སྦྲགས། Democracy Service Medal འམ་མང་གཙོ་ཞབས་ཞུའི་གཟེངས་རྟགས་འབུལ་བཞེས་གནང་འདུག གཟེངས་རྟགས་དེ་བཞུགས་སྒར་གནས་སྡོད་རིན་པོ་ཆེ་མཆོག་གི་ཚ་བོ་དགེ་བཤེས་འཇམ་དབྱངས་ཉི་མ་ལགས་ནས་བཞེས་ཡོད་པ་དང་། སྐབས་དེར་དགེ་བཤེས་ཉི་མ་ལགས་ཀྱིས་ཚོགས་པ་དེའི་ངོས་ནས་རིན་པོ་ཆེའི་མཛད་རྗེས་ཁག་ལ་ངོས་འཛིན་གྱིས་གཟེངས་རྟགས་གནང་བར་རིན་པོ་ཆེའི་འབྲེལ་ཡོད་ནང་མི་དང་ཁོང་གི་རྗེས་འཇུག་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། གཟེངས་རྟགས་འདི་རིན་པོ་ཆེ་གཅིག་པུ་ཙམ་མ་ཡིན་པར་རིན་པོ་ཆེ་དང་འདྲ་བའི་རྒྱ་གཞུང་གིས་བཙོན་འོག་ཏུ་ཡོད་པའི་བོད་མི་ཡོངས་ལ་ཐོབ་པ་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད་པ་གསུངས་འདུག གཞན་ཡང་མང་གཙོ་གོང་སྤེལ་བསྟི་གནས་ཁང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བཞིན་མང་གཙོའི་ལམ་ལུགས་ཚད་ལྡན་ཐོག་སྐྱོད་བཞིན་པར་ངོས་འཛིན་གྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཀྱང་འབུལ་བཞེས་གནང་ཡོད་པ་རེད། སྐབས་དེར་སྲིད་སྐྱོང་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་འབྲེལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་མང་གཙོ་ཚད་ལྡན་ཐོག་སྐྱོད་བཞིན་ཡོད་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་ལྟར་བོད་ཀྱི་ཆོས་དང་རིག་གཞུང་སོགས་ཀྱི་ཐད་ལ་སྲུང་སྐྱོབ་བྱ་རྒྱུར་འབད་བརྩོ་ཤུགས་ཆེ་གནང་བཞིན་ཡོད་པ་ངོ་སྤྲོད་གནང་པ་དང་འབྲེལ། ད་རེས་ཀྱི་གཟེངས་རྟགས་འདི་༸གང་ཉིད་མཆོག་གི་༸སྐུ་མདུན་དུ་བཞེས་རྒྱུའི་གོ་སྐབས་བྱུང་བར་དམིགས་བསལ་གྱི་དགའ་སྤྲོ་ཆེན་པོ་བྱུང་ཞེས་གསུངས་འདུག གཟེངས་རྟགས་འབུལ་བཞེས་ཀྱི་མཛད་རིམ་དེ་ལེགས་པར་གྲུབ་བསྟུན། ཚོགས་པ་དེའི་འགན་འཛིན་ Brian Joseph ལགས་ཀྱིས་གཙོ་སྐྱོང་འོག་༸གོང་ས་མཆོག་དང་ཆབ་སྲིད་ཀྱི་ཟིང་འཁྲུག་ཆེ་བའི་རྒྱལ་ཁབ་ཁག་ནས་བཅར་བའི་གཞོན་རྣམས་ཀྱི་དབར་ལ་མང་གཙོ་དང་རེ་བ་ཞེས་པའི་བརྗོད་གཞིར་གྲོས་མོལ་གནང་ཡོད་པ་དང་། ལས་རིམ་དེའི་ཐོག་ Cuba ནས་ Rosa Maria ལགས་དང་། Sudan ནས་ Azar Elshami ལགས། དེ་བཞིན་ Azerbaijan ནས་ Arzu Geybullayeva ལགས་དང་ Jordan ནས་ Rami Soud ལགས་སོགས་མཉམ་ཞུགས་གནང་འདུག སྐབས་དེར་མགོན་པོ་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་འདི་མི་བསད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཏུ་མི་འགྱུར་བའི་སླད་ཤེས་ཡོན་སློབ་གསོའི་ཁྲོད་ན་གཞོན་རྣམས་ལ་ཕྱི་དངོས་པོའི་གནས་ལུགས་ཙམ་མ་ཡིན་པར་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་གསོ་གང་མང་གནང་གལ་ཡིན་པ་དང་། ལྷག་པར་དུ་ཉེ་དུས་གང་ཟག་རེ་བཟུང་གིས་སྤེལ་བའི་བྱ་སྤྱོད་ལ་གཞིགས་ཏེ་ཆོས་ལུགས་དེ་ཡག་པོ་མ་རེད་སོགས་བརྗོད་པ་ནི་ནོར་འཕྲུལ་རེད་ཅེས་བཀའ་བསྩལ་འདུག གཞི་རྩའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་ནི་རྒྱལ་སྤྱིའི་ཐོག་མང་གཙོ་རྒྱ་སྐྱེད་གཏོང་ཐབས་སུ་དམིགས་ཏེ། ཐོག་མར་སྤྱི་ལོ་ ༡༩༨༣ ལོར་ཨ་རི་ནང་ཆེད་འཛུགས་གནང་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་པ་དང་། ད་ལྟའི་འཆར་ཚོགས་པ་དེས་རྒྱལ་སྤྱིའི་ཡུལ་གྲུ་དུ་མའི་ནང་མང་གཙོ་དང་འབྲེལ་བའི་ཚོགས་པ་དང་ཤེས་ཡོན་བསྟི་གནས་སོགས་ལ་དཔལ་འབྱོར་གྱི་རོགས་རམ་མི་ཉུང་བ་ཞིག་གནང་བཞིན་ཡོད་པ་རེད།

Latest news