Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: July, 2016

༸གོང་ས་མཆོག་གིས་༸སྐུའི་འཁྲུངས་སྐར་ལ་ཤིས་སྨོན་དང་འཚམས་འདྲི་ཞུས་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་གསུངས་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གང་ཉིད་ཀྱི་༸སྐུའི་འཁྲུངས་སྐར་ལ་ཤིས་སྨོན་དང་འཚམས་འདྲི་ཞུས་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་པ་མཟད། གཞན་ལ་ཕན་ཐོགས་གང་ནུས་བྱ་རྒྱུ་དང་། ཅི་སྟེ་ཕན་ཐོགས་མ་ནུས་ཀྱང་འཚེ་བ་སྤང་ཐུབ་པ་བྱུང་ན་ངོས་རང་ཡིད་སྤྲོ་དེ་ལས་ཆེ་བ་ཡོང་ངེས་ཞེས་བཀའ་སྩལ་མཛད་འདུག དེའང་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་གནས་ཐོག་གསུང་འཕྲིན་སྤེལ་བར་གཞིགས་ན། ༸གོང་ས་མཆོག་གིས་ ( བརྩེ་ལྡན་སྤུན་ཟླ་ཕོ་མོ་ཡོངས་ལ། ས་ཕྱོགས་གང་ས་ནས་ངོས་རང་ན་ཚོད་ལོ་ ༨༡ ལོན་པའི་སྐྱེས་ཚེས་ལ་འཚམས་འདྲི་དང་། ཤིས་སྨོན་མང་པོ་འབྱོར་བྱུང་བས་དགའ་སྤྲོ་ངང་ཚང་མར་ཐུགས་རྗེ་ཆེ་ཞུ། ངོས་ནས་ཚང་མར་རེ་རེ་ནས་ལན་བྲིས་ཁོམ་མ་བྱུང་བར་དགོངས་སེལ་དང་འདིར་ཆབས་ཅིག་ཏུ་ཚང་མར་ལན་མདོར་བསྡུས་ཤིག་བྲིས་འདུན་བྱུང་། གལ་ཏེ་ཁྱོད་རྣམས་ཀྱི་ཤིས་སྨོན་དེ་དག་རང་རང་གི་སེམས་རྒྱུད་ཀྱི་བྱམས་བརྩེའི་ངོ་བོར་བསྒྱུར་ཏེ། ལྷག་བསམ་བཟང་པོས་ཕན་ཚུན་བརྩེ་གདུང་གིས་གཞན་གྱི་བདེ་དོན་ལ་ཐུགས་སྣང་ཆེར་བསྐྱེད་ཀྱིས་མདོ་དོན་གཞན་ལ་ཕན་ཐོགས་གང་ནུས་བྱ་རྒྱུ་དང་། ཅི་སྟེ་ཕན་ཐོགས་མ་ནུས་ཀྱང་འཚེ་བ་སྤང་ཐུབ་པ་བྱུང་ན་ངོས་རང་ཡིད་སྤྲོ་དེ་ལས་ཆེ་བ་ཡོང་ངེས། ཉེ་ཆར་བདུན་ཕྲག་གསུམ་རིང་ཨ་རིའི་ཁུལ་དུ་བསྐྱོད་རྗེས་ཚུར་ལམ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་སུ་བདུན་གཅིག་བསྡད་དེ་འདི་ཟླ་ ༧ ཚེས་ ༨ ཉིན་རྡ་སར་ཕྱིར་འཁོར་ཟིན། རྒྱུན་དུ་རིགས་རུས་སྐད་ཡིག་དང་འཚོ་འདུན་འདྲ་མིན་སྣ་ཚོགས་པའི་སྐྱེ་བོ་ཚང་མས་ངོས་ལ་བརྩེ་གདུང་དང་མཆེད་གྲོགས་ཀྱི་འདུ་ཤེས་སྟོན་པ་འདིར་ཡིད་འགུལ་ཤུགས་ཆེ་ཐེབས་ཀྱི་འདུག སྐྱབས་སྨོན་བཟང་པོ་བཅས་ཏཱ་ལའི་བླ་མས། ཕྱི་ལོ ༢༠༡༦ ཟླ་ ༧ ཚེས་ ༢༦ ལ། ། ) ཞེས་བཀའ་བསྩལ་འདུག

༸གོང་ས་མཆོག་ལ་དྭགས་སུ་༸ཞབས་སོར་བདེ་བར་འཁོད་པ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་སྔ་དྲོ་ཚོུད་ ༤།༣༠ ཐོག་རྡ་རམ་ས་ལའི་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་གྱིས་ཇ་མུ་བརྒྱུད་ལ་དྭགས་སུ་ཆིབས་སྒྱུར་བཀྲིན་བསྐྱངས་ཡོད་པ་དང་། དེ་ཉིན་སྔ་དྲོ་ཚོུད་ ༡༠།༣༠ ཙམ་ལ་ལ་དྭགས་སུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་འདུག མགོན་པོ་༸གང་ཉིད་མཆོག་ལ་དྭགས་བ་ཀུ་ལ་རིན་པོ་ཆེའི་གནམ་ཐང་དུ་ཞབས་སོར་འཁོད་སྐབས་ཇ་མུ་ཀཤ་མིར་མངའ་སྡེ་བློན་ཆེན་ཚེ་རིང་རྡོ་རྗེ་ལགས་ཀྱིས་གཙོས་པའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཐུབ་བསྟན་ཚེ་དབང་ལགས་དང་ལ་དྭགས་ཡུལ་ལྗོངས་ཡར་རྒྱས་ཚོགས་ཆེན་སྡེ་དཔོན་འབུམ་རམས་པ་ཟླ་བ་ལགས་སོགས་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་ཅིག་དང་། དགའ་ལྡན་ཁྲི་རིན་པོ་མཆོག་གིས་དབུས་པའི་འབྲི་གུང་ཆེ་ཚང་རིན་པོ་མཆོག་སོགས་ལ་དྭགས་ནང་པའི་ཚོགས་པ་དང་ཆོས་ལུགས་ཁག་གི་སྐུ་ཚབ་སོགས་ཆེད་ཕེབས་དང། ས་གནས་མང་ཚོགས་རྣམས་ནས་དགའ་དད་སྤྲོ་གསུམ་གྱི་ཐོག་བ་ཀུ་ལ་གནམ་ཐང་ནས་ཞི་བའི་ཚལ་ཕོ་བྲང་བར་བཀྲིས་པའི་མཆོད་རྫསདང་བདུག་སྤོས། ཞུགས་ཏོག་གཞན་ཡང་དགའ་གུས་ཀྱི་གླུ་སྒར་བཅས་ཀྱིས་གདན་འདྲེན་གཟབ་རྒྱས་ཞུས་འདུག རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཆར་སྔོན་སྒྲིག་ལྟར་ན། ཕྱི་ཟླ་བརྒྱད་པའི་ནང་ལ་དྭགས་སུ་ཆིབས་སྒྱར་གནང་རྒྱུ་ཡིན་ཀྱང་། དེ་རིང་ཉིན་ཤས་སྔ་ནུར་གྱིས་ལ་དྭགས་སུ་ཆིབས་སྒྱུར་མཛད་ཡོད་པ་རེད། ཐེངས་འདིའི་༸གོང་ས་མཆོག་གི་ལ་དྭགས་ཁུལ་གྱི་མཛད་འཆར་དང་བཞུགས་ཞག་གི་དུས་ཡུན་དེའང་ཟླ་ ༧ ཚེས་ ༢༥ ནས་ཟླ་ ༨ ཚེས་ ༢༢ བར་ཐུགས་གཏན་འཁེལ་གནང་འདུག་པ་དང། ཕྱི་ཟླ་ ༨ ཚེས་ ༡༠ བར་མགོན་པོ་༸གང་ཉིད་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་༸སྐུ་མཚམས་སུ་བཞུགས་གནང་རྒྱུ་དང་། དེ་རྗེས་ཕྱི་ཚེས་ ༡༡ ནས་ ༡༣ བར་ཁུལ་དེའི་ཁྲིག་རྩེ་ཚུལ་ཁྲིམས་རྣམ་དག་གླིང་དགོན་ནས་༸གང་ཉིད་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཕར་ཕྱིན་དབྱར་ཆོས་ཆེན་མོ་ཐེངས་ ༤ པའི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ། རྟེན་འབྲེལ་བསྟོད་པའི་ཆོས་འབྲེལ་མཛད་རྒྱུ་ཡིན་འདུག དེ་ཉིན་སྔ་དྲོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚེ་དབང་བཀའ་དྲིན་ལེགས་པར་བསྩལ་གྲུབ་རྗེས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཁྲིག་རྩེ་སེར་སྐྱ་མང་ཚོགས་རྣམས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག གཞན་ཡང་ཕྱི་ཚེས་ ༡༩ ནས་ ༢༠ བར་༸གང་ཉིད་མཆོག་གིས་ལ་དྭགས་ཀྱི་སླེ་རུ་ཡོད་པའི་ཞི་བའི་ཚལ་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་བཀའ་ཆོས་མཛད་རྒྱུ་དང་། ཕྱི་ཚེས་ ༢༡ ཉིན་ཐུགས་རྗེ་ཆེན་པོ་བཀའ་དབང་བཅས་བསྩལ་ཡིན་འདུག གཞི་རྩའི་ལོ་ཤས་གོང་ནས་ལ་དྭགས་ནང་པའི་དགོན་ཚོགས་ཀྱིས་ལོ་ལྟར་ཕྱི་ཟླ་བདུན་པ་དང་བརྒྱད་པའི་གཡས་གཡོན་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་༸སྐུ་ངལ་གསོལ་བཞུགས་མཛད་རྒྱུ་དང་། མང་ཚོགས་ལ་ཆོས་འབྲེལ་བཅས་ཀྱི་སླད་གདན་ཞུ་ཕུལ་གྱི་ཡོད་པ་རེད། ལྷག་དོན་སྔ་ལོར་ལ་དྭགས་ནང་དུ་ཆིབས་སྒྱུར་མཛད་སྐབས་མགོན་པོ་མཆོག་གིས་འདི་ལོའི་ནང་ལ་དྭགས་སུ་རྒྱུན་རིང་བཞུགས་བཞག་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་བསྩལ་ཐོབ་ཡོད་པ་རེད།

རེས་གཟའ་ཟླ་བ། ༢༠༡༦།༠༧།༢༥

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་ལ་དྭགས་སུ་ཞབས་སོར་བདེ་བར་འཁོད་པ། བོད་མི་ཆབ་སྲིད་བཙོན་པ་གཉིས་གློད་བཀྲོལ་བཏང་འདུག རྒྱ་གར་གཞུང་ནས་རྒྱ་རིགས་གསར་འགོད་པ་གསུམ་ཕྱིར་འབུད་བཏང་བ། རྒྱ་གར་ཧུབ་ལི་གྲོང་ཁྱེར་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཚོགས་འདུག དཔལ་འབྱོར་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག དམིགས་བསལ་ལེ་ཚན། བོད་ནང་བཀའ་ཤག་དང་སྲིད་སྐྱོང་གི་འཕེལ་རིམ་སྐོར། Monday 25/07/2016 Dalai Lama arrives at Leh, to take rest for the next 2 weeks 2 Tibetans arrested in connection with Self immolation released from prison TSG South zone conference held in Hubli, South India India expels 3 Chinese journalists, China media warns of serious consequences Ngodup Dorje appointed new representative at Office of Tibet, South Africa HISTORY FEATURE: Kashag and Sikyong in Tibet before 1959

རེས་གཟའ་ཉི་མ། ༢༠༡༦།༠༧།༢༤

ཉན་པ།: Listen ཕབ་ལེན། Download གཟའ་འཁོར་གཅིག་གི་གསར་འགྱུར་བསྐྱར་ཞིབ། Sunday 24/07/2016 Week Review

རེས་གཟའ་སྤེན་པ། ༢༠༡༦།༠༧།༢༣

ཉན་པ།: Listen ཕབ་ལེན། Download ༸སྐུའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་ལྷན་དུ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་གལ་གནད་སྐོར་བཅར་འདྲི། Saturday 23/07/2016 Geshe Thubten Jinpa on Secular Ethics: Exclusive interview

རྒྱ་གཞུང་གིས་ཧོང་ཀོང་མང་གཙོའི་ལས་འགུལ་བར་ཉག་ཅན་དུ་ངོས་འཛིན་བྱས་པ་དེ་སྨྲ་བརྗོད་ཀྱི་རང་དབང་ལ་རྡོག་རོག་བཏང་བ་རེད་ཅེས་བརྗོད་འདུག

རྒྱལ་སྤྱི་ཉེས་ཡངས་ཚོགས་པས་ཧོང་ཀོང་སྲིད་གཞུང་ནས་ཧོང་ཀོང་མང་གཙོའི་ལས་འགུལ་བའི་འགོ་ཁྲིད་ན་གཞོན་ Joshua Wong ལགས་དང་། ཁོང་གི་ཕྱག་རོགས་ Alex Chow ལགས། Nathan Law ལགས་བཅས་ལ་ནག་ཅན་པར་ངོས་འཛིན་བྱས་པ་དེ་སྨྲ་བརྗོད་ཀྱི་རང་དབང་ལ་རྡོག་རོག་བཏང་བ་རེད་ཅེས་བརྗོད་འདུག དེ་ཡང་ཁ་སང་ཧོང་ཀོང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་ལོ་༢༠༡༤ ལོར་ཧོང་ཀོང་ནང་བྱུང་བའི་ Umbrella Movement འམ་ཆར་གདུགས་ཀྱི་ལས་འགུལ་ཞེས་པ་དེ་སྣེ་ཁྲིད་གནང་མཁན་ཧོང་ཀོང་གི་ན་གཞོན་ Joshua Wong ལགས་དང་ཁོང་གི་ཕྱག་རོགས་གཉིས་ནས་མང་ཚོགས་བསྡུ་སྐོང་གིས་ཞི་བའི་ལས་འགུལ་སྤེལ་ཡོད་སྟབས། སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་དོ་ཕོག་དང་རྒྱལ་ཁབ་ཀྱི་ཁྲིམས་ལས་འགལ་བར་ངོས་འཛིན་གྱིས་ཟླ་བ་རྗེས་མའི་ཕྱི་ཚེས་ ༡༥ ཉིན་ ཁྲིམས་ཐག་གཅོད་རྒྱུའི་གཏན་འཁེལ་བྱས་པ་དང་བསྟུན། ཁ་སང་ཧོང་ཀོང་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱི་ཉེས་ཡངས་ཚོགས་པའི་འགན་འཛིན་ལྕམ་ Mabel Au ལགས་ནས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཏེ། ཧོང་ཀོང་སྲིད་གཞུང་ནས་མང་གཙོའི་ལས་འགུལ་བ་རྣམས་ལ་ནག་ཅན་པར་ངོས་འཛིན་བྱས་པ་དེ་སྨྲ་བརྗོད་ཀྱི་རང་དབང་ལ་རྡོག་རོག་བཏང་བ་རེད་ཅེས་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག ལྷག་པར་དུ་ཁོང་གིས་ད་རེས་ཀྱི་ཐག་གཅོད་དེའི་ནང་ན་གཞོན་འགོ་འཁྲིད་རྣམས་ནས་ཁྲིམས་འགལ་གྱི་ནག་ཉེས་གང་བསགས་ཡོད་མེད་གསལ་ཁ་མེད་སྟབས། ཐག་གཅོད་དེའི་རྒྱབ་ལ་ཆབ་སྲིད་ཀྱི་གནོན་ཤུགས་དང་རྩེད་མོ་མང་དག་ཞིག་རྩེད་ཡོད་པ་རེད་ཅེས་མངོན་བཏོན་གནང་པ་འཁོད་འདུག འོན་ཀྱང་ཁ་སང་ཐག་གཅོད་གང་བྱུང་ཡོངས་བསྒྲགས་མ་གནང་པའི་གོང་ལ་ཧོང་ཀོང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ June cheung ལགས་ཀྱིས་ན་གཞོན་གསུམ་གྱི་གནས་ཚུལ་དེ་ཚོར་བ་རྣོ་བའི་ཆབ་སྲིད་དང་ཆེས་འབྲེལ་བ་ཡོད་ཀྱང་། ང་ཚོས་ཐག་གཅོད་གང་བྱེད་ཀྱང་དེར་ཆབ་སྲིད་ཀྱི་གནོན་ཤུགས་གང་ཡང་མེད་ཅེས་གསལ་བཤད་བྱས་འདུག དེ་བཞིན་ཁ་སང་ཧོང་ཀོང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་མང་གཙོའི་ལས་འགུལ་བ་རྣམས་ལ་ནག་ཅན་པར་ངོས་འཛིན་བྱས་རྗེས། ན་གཞོན་ལས་འགུལ་བ་Joshua Wong ལགས་ནས་ཧོང་ཀོང་ཁྲིམས་ལུགས་ཀྱི་རང་དབང་ལ་ཡིད་ཆེས་དང་གུས་བརྩི་ཞུ་གི་ཡོད་ཀྱང་། ང་ཚོ་ཚང་མ་ལ་གཞི་རྩའི་འགྲོ་བ་མིའི་སྨྲ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་ཡོད་པས་ཁ་སང་གི་ཐག་གཅོད་དེར་ངོས་ལེན་ནམ་ཡང་མེད་ཅེས་བརྗོད་པ་མ་ཟད། མ་འོངས་པར་ཧོང་ཀོང་སྲིད་གཞུང་གིས་ཐག་གཅོད་གང་བྱེད་མིན་ལ་མ་ལྟོས་པར། དྲག་གནོན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་མང་གཙོའི་རང་དབང་ཐོབ་ཐང་ཆེད་མུ་མཐུད་ལས་ཀ་བྱེད་ངེས་ཡིན་ཅེས་གསུངས་འདུག གཞི་རྩའི་ Joshua Wong ལགས་དང་ཁོང་གི་ཕྱག་རོགས་ Alex Chow ལགས། Nathan Law ལགས་བཅས་རྣམ་པ་གསུམ་ནི་དེ་སྔ་སྤྱི་ལོ་ ༢༠༠༤ ལོའི་ཕྱི་ཟླ་ ༨  ནང་རྒྱ་ནག་གཞུང་ནས་སྤྱི་ལོ་ ༢༠༡༧ ལོའི་ཧོང་ཀོང་སྤྱི་ཁྱབ་འོས་བསྡུ་ཆེན་མོའི་འོས་མི་རྣམས་རྒྱ་ནག་དབུས་གཞུང་གིས་ཆེད་འཛུགས་བྱས་པའི་ཚོགས་ཆུང་ནས་གདམ་རྒྱུའི་ཐག་གཅོད་བྱས་པར་བརྟེན། རྒྱ་ནག་གཞུང་ནས་ཧོང་ཀོང་ནང་མང་གཙོའི་ཐོབ་ཐང་ཡོད་ལུགས་བརྗོད་བཞིན་པ་དེ་དང་། ལྷག་པར་དུ་རྒྱ་ནག་རང་ཉིད་ཀྱི་གཏན་འབེབས་བྱས་པའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་བྱུས་དང་ཡོངས་སུ་འགལ་གྱི་ཡོད་སྐོར་བརྗོད་སྟེ་ཧོང་ཀོང་ནང་ཞི་རྒྱ་ཆེ་བའི་མང་གཙོའི་ལས་འགུལ་ཆར་གདུགས་ཀྱི་ལས་འགུལ་ཞེས་པ་དེ་འགོ་ཁྲིད་གནང་མཁན་གཙོ་གྲས་ཞིག་ཆགས་ཀྱི་ཡོད་པ་རེད།

རེས་གཟའ་པ་སངས། ༢༠༡༦།༠༧།༢༢

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་བོད་ཕྲུག་སྐོར་ཞིག་ལ་རང་ཉིད་བོད་པ་ཡིན་པའི་སྤོབས་པ་ཡོད་པའི་ཐོག་མི་བཟང་པོ་ཞིག་བྱ་དགོས་པ་ལམ་སྟོན་བསྩལ་འདུག རྒྱལ་ས་ལྡི་ལིར་གྲོས་ཚོགས་འཐུས་མི་ཞུ་གཏུགས་ལས་འགུལ་མཇུག་སྒྲིལ། ༸གོང་ས་མཆོག་གིས་ལོ་རྗེས་མ་ནས་༸སྐུའི་ཡང་སྲིད་སྐོར་བཀའ་བསྡུར་གནང་འགོ་འཛུགས་རྒྱུ་ཡིན་པ་གསུངས་འདུག ཧོང་ཀོང་མང་གཙོའི་ལས་འགུལ་བ་ཁག་ཅིག་ལ་ནག་ཅན་པར་བརྗོད་པ་དེ་ནི་སྨྲ་བརྗོད་རང་དབང་བརྡལ་བཤིག་ཏུ་གསུངས་འདུག མིགས་བསལ་ལེ་ཚན། ཚེ་རིང་རྣམ་རྒྱལ་ལགས་ཀྱི་ཟ་ཁང་ Yes Cafe སྐོར། Friday 22/07/2016 Dalai Lama urges young Tibetans to be proud of their identity India Tibet Advocacy Week concludes, MPs pledge to save Tibet’s river I might start discussing about my reincarnation issue next year : Dalai Lama Human rights groups slam Occupy activists’ guilty verdicts Diaspora feature: Tsering Namgyal and his “ YES CAFE”

བོད་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་ཁག་ཅིག་གཏོར་བཞིན་འདུག

ཟླ་བ་སྔོན་མའི་ཟླ་ཤར་ཙམ་ལ་རྒྱ་ནག་ཀྲུང་དབྱང་སྐབས་ ༦ པའི་བོད་ཁུལ་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་འབྲེལ། ༢༠༡༧ ལོའི་ཕྱི་ཟླ་ ༩ ཚེས་ ༣༠ སྔོན་ཚུད་དུ་བླ་རུང་སྒར་སྤྱིའི་མི་འབོར་ ༥༠༠༠ བར་ཚོད་འཛིན་ཐུབ་པ་དགོས་རྒྱུ་དང། འདི་ལོའི་ཟླ་ ༡༠ ཚེས་ ༣༠ སྔོན་དུ་གཏོར་བཤིག་གི་ལས་དོན་ཟིན་དགོས་སྐོར་སོགས་ཀྱི་གསལ་བསྒྲགས་སྤེལ་བ་ལྟར། ཁ་སང་ཚེས་ ༢༠ ཉིན་བླ་རུང་སྒར་གྱི་དགོན་པར་རྒྱ་གཞུང་གི་ལས་བཟོ་རུ་ཁུག་དང་དམག་མི་བཅས་འབྱོར་ཏེ་གྲྭ་་ཤག་ཁག་ཅིག་གཏོར་ཟིན་ཡོད་པ་རེད། དེའང་དེ་རིང་པེ་ཅིང་དུ་གནས་བཞུགས་བ་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་གཙོས་བོད་ནང་གི་གནས་ཚུལ་མཁོ་གཏོང་བ་མང་དག་ཞིག་ནས་རང་ཉིད་སོ་སོའི་ངོ་དེབ་དང་བརྒྱུད་ལམ་ཁག་གི་ཐོག་ཏུ་རྒྱ་གཞུང་ལས་མི་རྣམས་ནས་གྲྭ་ཤག་གཏོར་བཞིན་པའི་འདྲ་པར་ཁག་མངོན་བཏོན་གནང་པ་མ་ཟད། སུད་སིར་བཞུགས་པའི་སྐུ་ཞབས་བསོད་ནསམ་ལགས་ཀྱིས་ཁུངས་ལྡན་གནས་ཚུལ་འགྲེལ་བརྗོད་གནང་པར་གཞིགས་ན། གཏོར་བཤིག་བཏང་ཡུལ་དུ་འབྲེལ་ཡོད་མི་སྣ་ཁག་ཅིག་མ་གཏོག་དེ་མིན་མི་སུ་གང་ཞིག་ནས་གཏོར་བཤིག་གཏོང་གི་མེད་སྐོར་གསུངས་ཀྱི་འདུག བླ་རུང་སྒར་གྱི་དགོན་བདག་གྲས་སུ་ཡོད་པའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་དང་མཁན་པོ་རིག་མཐར་ལགས་སོགས་ཀྱིས་མང་ཚོགས་ལ་གནད་དོན་དེའི་སྐོར་བརྒྱུད་ལམ་ཁག་གི་ཐོག་ཏུ་བཀོད་ནས་མངོན་བསྒྲགས་མི་གནང་བའི་འབོད་སྐུལ་ནན་པོ་གནང་ཡོད་པ་མ་ཟད། ཉེ་ཆར་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱི་མང་ཚོགས་ལ་བཀའ་སློབ་ཞིག་གནང་པའི་ནང་དུ། གནད་དོན་དེའི་སྐོར་ད་ལྟ་ལམ་སང་གང་ཡང་བཤད་ཚོད་ཐིག་གི་མེད་སྟབས། ཡོང་རྒྱུ་འདས་པའི་ལོ་གཅིག་དང་གཉིས་ཀྱི་ནང་དུ་གནས་སྟངས་གང་འདྲ་ཆགས་མིན་ལ་བལྟ་ནས་ལས་ཀ་བྱེད་དགོས་ངེས་ཡིན་པ་དང། ད་ལྟའི་ཆར་གྲྭ་ཤག་ཁ་ཤས་ཤིག་གཏོར་བཤིག་བཏང་བར་བལྟས་ནས། བླ་རུང་སྒར་དགོན་པའི་ཕུགས་ཀྱི་གནས་བབས་ལ་དོ་ཕོག་བཏང་ན་འགྲིག་གི་མེད། དེས་ན་ས་གནས་མང་ཚོགས་ནས་གནད་དོན་འདིའི་སྐོར་ད་ལྟའི་ཆར་གང་ཡང་གླེང་སློང་བྱེད་རྒྱུ་མེད་པའི་ལམ་སྟོན་གནང་འདུག ཁོང་གི་ད་དུང་གསུངས་པར་གལ་སྟེ་གནད་དོན་དེ་ཛ་དྲག་ཏུ་འགྱུར་ཚེ། དགོན་པའི་འཛིན་སྐྱོང་ངོས་ནས་ཚོགས་ཆེན་བསྐོང་ཚོགས་གནང་སྟེ་ག་རེ་བྱེད་དགོས་མིན་ཐད་ལ་གྲོས་བསྡུར་གནང་གི་ཡིན་ཅེས་སོགས་གསུངས་འདུག གཞི་རྩའི་རྒྱ་གཞུང་གིས་དབྱེ་བའི་བོད་མཚོ་སྔོན་ཞིང་ཆེན་ནང་གི་གསེར་རྟ་བོད་རིགས་རང་སྐྱོང་ཁུལ་གྱི་གསེར་རྟ་རྫོང་ནང་དུ་རྟེན་གཞི་བྱས་པའི་བླ་རུང་སྒར་དགོན་ཆེན་དེ་ནི། ཐོག་མ་རྙིང་མའི་བླ་ཆེན་འདུ་འཇོམས་རིན་པོ་མཆོག་གིས་ཕྱག་བཏབ་པ་ཞིག་དང། བོད་ལ་དུས་འགྱུར་བྱུང་རྗེས་མཚན་སྙན་གྲགས་པའི་རྙིང་མའི་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས་བསྐྱར་གསོ་གནང་པ་ཞིག་རེད་འདུག དགོན་པ་དེ་རིམ་པས་བོད་བརྒྱུད་ནང་བསྟན་རིག་པའི་སློབ་གཉེར་ཁང་གཙོ་གྲས་ཤིག་ཏུ་འགྱུར་སྟེ། བོད་ཀྱི་མདོ་དབུས་ཁམས་གསུམ་དང་རྒྱ་ནག་བཅས་ནས་སེར་སྐྱ་སྟོང་ཕྲག་མང་པོ་དགོན་པ་དེར་སློབ་གཉེར་གནང་ཆེད་ཕེབས་པའི་མཁར་དགོན་པ་དེ་ནས་བོད་བརྒྱུད་ནང་བསྟན་ལ་མཁས་པའི་མཁན་པོ་མང་པོ་ཞིག་སློབ་མཐར་སོན་མྱོང་ཡོད་པ་རེད། སྐབས་ཤིག་ལ་དགོན་པ་དེའི་ནང་གྲྭ་བཙུན་ཞལ་གྲངས་ཁྲི་ཚོགས་བརྒལ་བ་བྱུང་ཡོད་པ་མངོན་རྒྱུ་འདུག་པ་དང། ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་རྒྱ་ནག་གཞུང་གིས་དགོན་པའི་གྲྭ་བཙུན་གྱི་གྲངས་འབོར་ལ་ཚད་འཛིན་གྱི་ལས་གཞི་སྤེལ་བ་གཙོས། དགོན་པའི་གྲྭ་ཤག་སྟོང་ཕྲག་ལྷག་གཏོར་བཤིག་བཏང་པ་དང་། དེ་བཞིན་ཡང་ཕྱིས་སུ་དགོན་པའི་ནང་མེ་སྐྱོན་གྱི་དོན་རྐྱེན་འོག་དགོན་པའི་གྲྭ་ཤག་ ༡༠༠ ཙམ་རྩ་མེད་ཕྱིན་པས་དགོན་པ་དེར་མི་སྐྱ་སློབ་གཉེར་བ་གཙོས་པའི་གྲྭ་བཙུན་ཞལ་གྲངས་ ༡༥༠༠༠ ཡས་མས་ཤིག་ཡོད་པར་ངོས་འཛིན་གནང་བཞིན་འདུག རྩ་བའི་རྒྱ་ནག་གཞུང་གིས་བླ་རུང་སྒར་གྱི་གྲྭ་བཙུན་རྣམས་ཀྱི་བདེ་འཇགས་དང་མེ་སྐྱོན་གྱི་ཉེན་ཁང་སོགས་ལ་གཞིགས་ཏེ་དགོན་པའི་ནང་ལ་ལམ་ཁ་སོགས་ཀྱི་ཆ་རྐྱེན་གང་ལེགས་བསྐྲུན་ཆེད་དུ་ད་རེས་གྲྭ་ཤག་གཏོར་བཤིག་གི་ལས་དོན་དེ་སྤེལ་བཞིན་ཡོད་སྐོར་བཤད་ཡོད་འདུག

Latest news