Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: September, 2017

༸གོང་ས་མཆོག་གིས་སེམས་པ་བཟང་པོ་བྱེད་ན་ང་ཚོ་མི་ལུས་ཐོབ་པའི་གོ་ཆོད་པ་རེད་གསུངས་སོང་།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་ ༩ ཚེས་ ༡ ཉིན་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེངས་འདིའི་ཆོས་འབྲེལ་སྐུལ་བ་པོ་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་པ་ཁག་ཅིག་གཙོ་བོར་གྱུར་པའི་ཕྱི་ནང་གི་མང་ཚོགས་སྟོང་ཕྲག་ཁ་ཤས་ལ་སེམས་བསྐྱེད་ཀྱི་སྡོམ་པ་བཀྲིན་བསྩལ་སོང་བ་དང་ཆབས་ཅིག ཆོས་ཞུ་བ་ཀུན་ལ་ཆོས་ཞེས་པ་དེ་ནི་མཐར་ཐུག་བདེ་སྐྱིད་སྒྲུབ་ཐབས་ཤིག་ཡིན་པ་དང་། སེམས་པ་བཟང་པོ་བྱེད་ན་ང་ཚོ་མི་ལུས་ཐོབ་གོ་ཆོད་ཡོད་པར་ལམ་སྟོན་རྒྱ་ཆེ་བསྩལ་སོང་། ལྷག་པར་དུ་མགོན་པོ་མཆོག་གིས་སྐབས་དེར་ཆོས་ཞུ་བ་རྣམས་ལ་རང་གི་མདུན་དུ་བླ་མ་རྒྱལ་བ་སྲས་དང་བཅས་པ་སྒོམ་ནས་སྤྱོད་འཇུག་གི་ཡན་ལག་བདུན་སོགས་ཀྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྒོམ་སྟངས་སྐོར་ལ་བཀའ་གནང་སོང་བ་མ་ཟད། ༸གོང་ས་མཆོག་ནས་སྟོང་ཉིད་དང་བྱང་ཆུབ་ཀྱི་སེམས་ནི་༸སྐུའི་དགོངས་བཞེས་དང་ཉམས་བཞེས་གཙོ་བོ་གནང་གི་ཡོད་པ་བཀའ་སྩལ་བ་དང་འབྲེལ་ཏེ། ང་ཚོས་ཉི་མ་དང་བདུན་ཕྲག དེ་ནས་ཟླ་བ་དང་ལོ་བསྟུད་ནས་གཞན་དོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡིན་ན་ཏན་ཏན་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་སྟབས། ཆོས་ཞུ་བར་བཅར་མཁན་ཚང་མས་ད་རེས་ཆོས་ཞུ་ནས་སེམས་ལ་འགྱུར་བ་ཞིག་ཡོང་དགོས་ཀྱི་ཡོད་པ་ཡང་བཀའ་ནན་སྩལ་སོང་། རྩ་བའི་ཐེངས་འདིའི་བུ་དྡྷ་པཱ་ལི་ཏའི་ཆོས་འབྲེལ་འདི་ནི་གཙོ་བོ་ཀོ་རི་ཡ། ཐའེ་ལན་ཌི། ཝི་ཏི་ནམ། ཨིན་དྷུ་ནེ་ཤི་ཡ། སིངྒ་པུར་སོགས་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་པ་ཁག་ནས་གསོལ་འདེབས་ཞུས་པ་ཞིག་ཆགས་ཡོད་པ་དང། འདས་པའི་ཉིན་གྲངས་བཞི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པས་བུ་དྡྷ་པཱ་ལི་ཏའི་རབ་བྱེད་དྲུག་པའི་བར་ཁྲིད་ལུང་བསྩལ་སོང་བ་དང་། དུས་སང་རབ་བྱེད་བདུན་པ་ནས་མུ་མཐུད་གཞུང་འཕྲོ་སྐྱོང་མཛད་རྒྱུའི་ཞལ་བཞེས་ཀྱང་མཛད་ཡོད་པ་རེད། འདི་ལོ་ལྷོ་ཤར་ཨེ་ཤ་ཡའི་ཆོས་ཞུ་བ་ ༡༥༠༠ ཡས་མས་ཡོད་པ་འདི་ནི་སྔར་ལས་ལྡབས་ཀྱི་མང་བ་ཆགས་ཀྱི་འདུག འདི་ག་རླུང་འཕྲིན་ཁང་གིས་ཐེངས་འདིའི་བཀའ་ཆོས་ཐོག་བཅར་བའི་ཆོས་ཞུ་བ་ཁག་ཅིག་ལ་ མྱོང་ཚོར་ཇི་བྱུང་སྐོར་ལ་བཅར་འདྲི་ཞུས་ཡོད་པ་ལས། རྒྱ་གར་བ་ Sapna Nayar ལགས་ཀྱིས་ང་རང་རྡ་རམ་ས་ལར་སླེབས་པ་དང་པོ་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཞལ་མཇལ་བྱུང་བ་ཐོག་མ་ཡིན། སྤྱིར་སྟངས་ང་དོན་དག་གཞན་ཞིག་གི་ཐོག་ནས་ཡོང་པ་ཡིན། འོན་ཀྱང་དེ་རིང་བཀའ་ཆོས་ཉིན་མཐའ་མར་བཅར་ཡག་བྱུང་བ་འདིའི་ཐོག་ནས་ང་རང་ལ་བྱིན་རླབས་ཆེན་པོ་ཞིག་ཐོབ་སོང་བསམ་གྱི་འདུག ལྷག་དོན་རང་ཉིད་ལ་ལོ་འདིའི་ནང་གི་བྱིན་རླབས་རྩ་ཆེ་ཤོས་དེ་ཐོབ་སོང་སྙམ་པ་ཞིག་བྱུང་ཞེས་གསུངས་སོང་། དེ་བཞིན་ཨ་རིའི་ California ནས་ཡིན་པའི་ Gary ལགས་ཀྱིས་ང་རང་རྡ་རམ་ས་ལར་ཡོང་བ་ཐོག་མ་ཡིན། ལུང་པ་འདིའི་རི་དང་ཁོར་ཡུག་སོགས་ཧང་སང་དགོས་པ་དང་སྐྱིད་པོ་ཞེ་དྲག་འདུག དམིགས་བསལ་༸གོང་ས་ཏཱ་ལའི་བླ་མ་ཁོང་འདིར་བཞུགས་ཀྱི་ཡོད་པ་འདི་དམིགས་བསལ་ཞེ་དྲག་ཆགས་ཀྱི་འདུག འདས་པའི་ཉིན་ཤས་རིང་གི་ཆོས་འབྲེལ་དེ་ཧ་ཅང་ཡག་པོ་བྱུང། ༸གོང་ས་མཆོག་གིས་བཀའ་ཆོས་གང་གནང་པ་དེ་ཁ་གསལ་པོ་དང་ཆ་ཚང་བ། ལྷག་པར་ཆོས་ཉན་པ་པོ་ཀུན་གྱི་སེམས་ཁམས་ལ་འཚམ་པོ་དང་ཞལ་ཤོབ་ཀྱི་ཐོག་ནས་བཀའ་ཁྲིད་གནང་གི་འདུག་པས་བློ་ལ་འཇུག་བདེ་དང་ངོ་མཚར་སྐྱེས་ཀྱི་འདུག་ཅེས་སོགས་གསུངས་སོང་།

རེས་གཟའ་པ་སངས། ༢༠༡༧།༠༩།༠༡

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་སེམས་བཟང་པོ་བྱེད་ན་ང་ཚོ་མི་ལུས་ཐོབ་པ་གོ་ཆོད་པ་རེད་གསུངས་སོང་། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༡༩ ཟླ་ ༡༠ ཚེས་ ༡༨ ཉིན་འཚོག་རྒྱུ་རེད་འདུག བོད་ཀྱི་མཐུན་ཚོགས་གསར་འཛུགས་བརྒྱུད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གོ་རྟོགས་སྤེལ་བཞིན་པ། བོད་ཀྱི་རྐང་སྤོལ་རུ་ཁག་ CONIFA འཛམ་གླིང་རྐང་སྤོལ་འགྲན་བསྡུར་ནང་མཉམ་ཞུགས་གནང་རྒྱུ། Friday 01/09/2017 Dalai Lama concludes teaching to South East Asian devotees, Dharamsala CPC to convene 19th National Congress on October 18 New Tibet Unity Club in Ithaca raises awareness of human rights issues in Tibet Tibetan National Team to play at World Football Cup 2018 in London

བོད་ཀྱི་རྐང་སྤོལ་རུ་ཁག་ ༢༠༡༨ ལོའི་ CONIFA འཛམ་གླིང་རྐང་སྤོལ་འགྲན་བསྡུར་ནང་མཉམ་ཞུགས་གནང་རྒྱུ་རེད་འདུག

བོད་ཀྱི་རྐང་རྩེད་སྤོ་ལོའི་ཁག་རིང་མིན་ ༢༠༡༨ ལོའི་ CONIFA འཛམ་གླིང་རྐང་རྩེད་སྤོ་ལོའི་གཟེངས་རྟགས་ཀྱི་འགྲན་བསྡུར་ནང་མཉམ་ཞུགས་གནང་རྒྱུ་རེད་འདུག དེ་ནི་བཙན་བྱོལ་ནང་གི་སྐྱེས་པའི་རྐང་སྤོལ་རུ་ཁག་ལ་ལོ་ངོ་བཅུ་ལྷག་ཙམ་རྗེས་སུ་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནང་མཉམ་ཞུགས་གནང་པ་ཐོག་མ་ཆགས་ཀྱི་ཡོད་པ་རེད། Confederation of Independent Football Associations (CONIFA) ཞེས་པའི་འཛམ་གླིང་རྐང་རྩེད་སྤོ་ལོའི་རྩེད་འགྲན་ནི། དུས་རྒྱུན་ FIFA འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་མ་ཚུད་པའི་འཛམ་གླིང་ཁྲོད་ཀྱི་གྲངས་ཉུང་མི་རིགས་དང་སྐྱབས་བཅོལ་བ་། དེ་བཞིན་རང་མི་རིགས་ཀྱི་རིག་གཞུང་དང་རྒྱལ་ཁབ་མཚོན་ཐུབ་པའི་མི་རིགས་ཁག་ལ་ཆེད་དམིགས་གནང་པའི་རྩེད་འགྲན་ཞིག་ཆགས་ཀྱི་ཡོད་པ་དང། ཚོགས་པ་དེའི་འོག་བྱང་ཨ་རི་དང་ཡོ་རོབ། ཨེ་ཤ་ཡ། ཨ་ཕི་རི་ཀ མཚོ་ངོས་རྒྱལ་ཁབ་བཅས་ཀྱི་ཚོགས་མི་རྒྱལ་ཁབ་ ༤༧ ཡོད་པ་རེད། CONIFA རྩེད་འགྲན་དེ་རིང་མིན་ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༥ ཚེས་ ༣༡ ནས་ཟླ་ ༦ ཚེས་ ༩ བར་ དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ནང་ཚོགས་ཀྱི་ཡོད་པ་དང། འགྲན་བསྡུར་ནང་ཐོག་མའི་འཆར་འཛམ་གླིང་ནང་གི་གླིང་ཆེན་ཆེ་ཁག་བཞིའི་ནང་ཡོད་པའི་ཚོགས་མི་རྒྱལ་ཁབ་ཕན་ཚུན་དབར་ཚུད་རྒྱུགས་གནང་པའི་ཐོག་ནས་རྩེ་ཕུད་སོན་པའི་རྒྱལ་ཁབ་ ༡༦ གི་སྐུ་ཚབ་རུ་ཁག་ ༢༠༡༨ ལོའི་རྐང་སྤོལ་འགྲན་བསྡུར་ནང་དངོས་སུ་མཉམ་ཞུགས་གནང་གི་ཡོད་པ་རེད། འོན་ཀྱང་བོད་ཀྱི་རྐང་སྤོལ་རུ་ཁག་རྩེད་འགྲན་དུ་ཚུད་ཕྱིར་འགྲན་བསྡུར་གང་ཡང་གནང་མི་དགོས་པར་ Wild Card ཞེས་པའི་མཉམ་ཞུགས་བྱ་རྒྱུའི་དམིགས་བསལ་གོ་སྐབས་གནང་འདུག འདི་ག་རླུང་འཕྲིན་ཁང་གིས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲུང་ཆེ་པ་སངས་རྡོ་རྗེ་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ད་རེས་རྩེད་འགྲན་དེའི་བརྒྱུད་རྒྱལ་སྤྱིའི་ཁྲོད་བོད་ཀྱི་རིག་གཞུང་དང་བོད་པ་ཚོ་རྒྱལ་ཁབ་ཡོད་པའི་མི་རིགས་ཤིག་མཚོན་ཐུབ་པའི་གོ་སྐབས་རག་པ་འདི་རྒྱལ་ཁ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་གསུངས་སོང། རྩ་བའི་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དེ་དེ་སྔ་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་བཀར་ཟུར་རྗེ་བཙུན་པདྨ་མཆོག་གིས་དབུ་ཁྲིད་གནང་པ་དང་། བོད་ཁྱིམ་ནས་མཐུན་འགྱུར་གནང་སྟེ་ཕྱི་ལོ་ ༡༩༩༩ ལོར་ཆེད་བཙུགས་གནང་པའི་བཙན་བྱོལ་ནང་གི་གཞུང་འབྲེལ་མིན་པའི་རྩེད་རིགས་ཚོགས་པ་ཐོག་མ་དེ་ཡིིན་པ་རེད། ད་བར་རྩེད་རིགས་ཚོགས་པ་དེས་གཙོ་འགན་བཞེས་ཐོག་ཕྱི་ལོ་ ༢༠༠༣ ནས་གཙོ་བོ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་གོ་སྒྲིག་གནང་གི་ཡོད་པ་དང་། བཙན་བྱོལ་ནང་གི་བུ་དང་བོུའི་རྐང་རྩེད་སྤོ་ལོའི་རུ་ཁག་གཉིས་གསར་བཙུགས་གནང་པ་མ་ཟད། སློབ་གྲྭ་ཁག་གི་ནང་དུ་བསིལ་སྤོལ་འགྲན་སྡུར་སོགས་གོ་སྒྲིག་གནང་དང་གནང་མུས་ཡིན་པ་རེད། ལྷག་དོན་གནས་ཡུལ་རྒྱ་གར་དང་ཕྱིའི་རྒྱལ་ཁབ་ཁག་གི་རྩེད་འགྲན་ཁག་ཏུ་མཉམ་ཞུགས་གནང་རྒྱུའི་གོ་སྐབས་ཡང་བྱུང་ཡོད་པ་རེད། བོད་ཀྱི་སྐྱེས་པའི་རྐང་སྤོལ་རུ་ཁག་ནས་རྒྱལ་སྤྱིའི་རྩེད་འགྲན་ཁྲོད་མཉམ་ཞུགས་ཐོག་མ་དེ་ཕྱི་ལོ་ ༢༠༠༦ ལོར་ཇར་མ་ནིའི་གྲོང་ཁྱེར་ Hamburg ནང་ 2006 FIFI Wild Cup ཞེས་པའི་རྩེད་འགྲན་ནང་མཉམ་ཞུགས་གནང་ཡོད་པ་རེད། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་དང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང། བོད་ཀྱི་གཞོན་ནུ་ལྷན་ཚོགས་བཅས་ཟུང་འབྲེལ་གྱིས་འདི་ལོའི་ཟླ་ ༩ ཚེས་ ༢༥ ནས་ཟླ་ ༡༠ ཚེས་ ༢ བར་བཞུགས་སྒར་དུ་བོད་མིའི་གཞིས་ཁག་ནང་ཁུལ་གྱི་བསིལ་སྤོར་རྩེད་འགྲན་ཞིག་ཀྱང་འཚོགས་རྒྱུ་རེད་འདུག

Latest news