Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: April, 2018

ཉན་པ།: Listen ཕབ་ལེན། Download དམིགས་བསལ་ལས་རིམ། བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྱི་གནས་བབ་དང་གདོང་ལེན། ། Saturday 07/04/2018 Health Status of exile Tibetan community and future challenges

རེས་གཟའ་སྤེན་པ། ༢༠༡༨།༠༤།༠༧

ཉན་པ།: Listen ཕབ་ལེན། Download དམིགས་བསལ་ལས་རིམ། བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྱི་གནས་བབ་དང་གདོང་ལེན། Saturday 07/04/2018 Health Status of exile Tibetan community and future challenges

རེས་གཟའ་པ་སངས། ༢༠༡༨།༠༤།༠༦

ཉན་པ།: Listen ཕབ་ལེན། Download སུད་སི་དོན་ཁང་གིས་རྒྱལ་ཚོགས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་སྙན་ཐོ་ཞིག་ཕུལ་འདུག ཊེཀ་སིས་གཙུག་ལག་སློབ་གཉེར་ཁང་ནས་རྒྱ་གཞུང་གི་ཁུང་རྩི་སློབ་གླིང་དང་འབྲེལ་ཐག་བཅད་འདུག ཁོར་ཡུག་ལྷན་ཚོགས་ཐེངས་ ༩ ཐོག་གད་སྙིགས་དོ་དམ་སོགས་ཀྱི་ལས་གཞི་གསར་པ་ཁག་ཅིག་སྤེལ་གཏན་ཁེལ་འདུག བཙན་བྱོལ་བོད་མིའི་གནས་སྟངས། བཞུགས་སྒར་དུ་བོད་མིའི་ནུས་གསོ་ལྟེ་གནས་ཁང་གི་སྐོར། Friday 06/04/2018 New report on human rights in Tibet submitted to UN ahead China UPR Texas A&M System cuts ties with China’s Confucius Institute Ninth annual environmental conference concludes at Rumtek DIASPORA FEATURE: Tibetan Ability Center

སུད་སི་དོན་ཁང་གིས་རྒྱལ་ཚོགས་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་ཕུལ་འདུག

ལོ་འདིའི་ཕྱི་ཟླ་ ༡༡ ཚེས་ ༥ ནས་ ༡༦ བར་སུད་སི་ཇི་ནི་ཝའི་གྲོང་ཁྱེར་དུ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཐེངས་ ༣༡ སྟེང་རྒྱ་ནག་གཙོས་པའི་རྒྱལ་ཁབ་ ༡༣ གྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ཐོག་བསྐྱར་ཞིབ་གནང་གི་ཡོད་སྟབས། སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ UNPO ཞེས་རྒྱལ་ཚོགས་སུ་སྐུ་ཚབ་མེད་པའི་རྒྱལ་ཁབ་དང་མི་མང་གི་ཚོགས་པ་དེ་བཞིན་སུད་སི་བོད་རིགས་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོ་ཁག་དྲུག་དང་ཟུང་འབྲེལ་ཐོག་བོད་ནང་གི་ཆེས་ཛ་དྲག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དང་འབྲེལ་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག དེའང་ཟླ་བ་སྔོན་མའི་ཚེས་ ༢༨ ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ལ་ཕུལ་བའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་དེ་སྔ་ཕྱི་ལོ་ ༢༠༡༣ ལོའི་དུས་བཀག་བསྐྱར་ཞིབ་སྐབས་རྒྱལ་ཚོགས་ལ་ཁས་ལེན་ཞུས་པའི་གནད་དོན་ཁག་ཅིག་ད་ལྟའང་ལག་བསྟར་ཞུས་མེད་པའི་ཁར། འཛུགས་སྐྲུན་གྱི་མིང་བྱང་འོག་བོད་ནང་གི་བོད་མི་ཚོའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་བཅས་ཀྱི་ཐོབ་ཐང་ཁག་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མ་ཟད། བོད་མི་ཞིང་འབྲོག་མང་ཚོགས་ལ་བཙན་དབང་གིས་གཞིས་སྤོ་དང་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་འཚེ་ཅན་གྱི་བྱ་སྤྱོད་སྤེལ་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་ཚོགས་ཀྱི་རང་དབང་རྩོད་མཁན་ཚོར་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་གནད་དོན་ཁག་ཅིག་མངོན་གསལ་གནང་འདུག བོད་ཀྱི་དོན་གཅོད་ཁང་ནས་ད་དུང་ད་རེས་ཀྱི་སྙན་ཐོ་དེའི་བརྒྱུད་རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་ལེགས་བྱང་སྲུང་སྐྱོབ་ཀྱི་རང་དབང་དང་དཔལ་འབྱོར། སྤྱི་ཚོགས་བདེ་འཇགས་ཀྱི་རང་དབང་བཅས་གཅེས་འཛིན་བྱེད་དགོས་པ་དང་། དེ་མིན་བོད་ཀྱི་འབྲོག་པ་གཞིས་སྤོའི་ལས་གཞི་དང་མང་ཚོགས་ལ་དམ་དྲག་གི་སྲིད་བྱུས་དེ་དག་ཡོངས་རྫོགས་འཕྲལ་མར་མཚམས་འཇོག་དགོས་པ་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་བྱས་པ་རྣམས་ལ་སླར་ཡང་ཁྲིམས་དང་མཐུན་པའི་སྒོ་ནས་དྲང་བདེན་གྱི་ཁྲིམས་གཏུགས་གནང་དགོས་པ་སོགས་ཀྱི་འབོད་སྐུལ་ཞུས་འདུག དེ་བཞིན་བོད་ནང་རྒྱ་ནག་གི་ཧན་མི་རིགས་ཕོན་ཆེ་སྤོ་ཤུགས་བྱེད་རྐྱེན་བོད་ཀྱི་སྐད་ཡིག་ཉམས་རྒུད་འགྲོ་བཞིན་ཡོད་པ་དང་བོད་མིའི་ལས་སྣེའི་གོ་སྐབས་ཀྱང་རྒྱ་རིགས་དེ་དག་ལ་ཤོར་རྒྱུའི་གནས་སྟངས་ཞན་པོ་ཆགས་ཡོད་པ་མ་ཟད། གོ་ལའི་ཁོར་ཡུག་སྲུང་སྐྱོབ་ཐད་ལ་རྒྱལ་སྤྱིའི་ཁྱོན་ནས་ཕྱི་སྣོད་བཅུད་ཀྱི་འཇིག་རྟེན་གྱི་ཆགས་ཚུལ་ལ་དགོངས་ནས་དུག་རླངས་ CO2 མེད་པ་བཟོ་ཐབས་ལ་གཙིགས་ཆེན་པོས་འབད་པ་ལྟར་འགྲོ་བ་མིའི་ཐོབ་ཐང་དེའང་ཆེས་གལ་འགངས་ཆེན་པོ་ཡིན་སྐོར་གསུངས་འདུག ཆོས་དད་རང་དབང་དང་འབྲེལ་བའི་ཐོག་ནས་བོད་ནང་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་མ་བཟོད་པར་གྲྭ་བཙུན་གཙོས་བོད་མི་ཁྱོན་ ༡༥༢ ནས་རང་མེར་བསྲེགས་གནང་ཡོད་པ་དང། བོད་ནང་གི་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་འཐབ་རྩོད་པ། སྤྱི་ཚོགས་སྣེ་ཁྲིད་པ། དེ་བཞིན་གསར་འགོད་པ་བཅས་ལ་བཙན་ཤེད་ཀྱིས་བཙོན་འཇུག་དང་ཁ་ཤས་བཟང་བཙོན་འོག་བཀག་སྐྱིལ་བྱས་ཡོད་པ་སོགས་ཀྱི་གནད་དོན་ཁག་ཅིག་ཀྱང་གསལ་བཏོན་གནང་ཡོད་པ་རེད། གཞི་རྩའི་ཨ་རི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ད་ལྟའི་བོད་ནང་གི་ཛ་དྲག་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་བརྒྱུད་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་རྒྱལ་ཚོགས་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་དུས་དཀག་བསྐྱར་ཞིབ་ཐེངས་གཉིས་ཚོགས་རྗེས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་འགྲོ་རྒྱུ་ལས་ལྡོག་ཏེ་ཆེས་ཞན་པོ་ཆགས་ཡོད་པ་མངོན་གསལ་གནང་ཡོད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དུས་བཀག་བསྐྱར་ཞིབ་ཀྱི་ཚོགས་འདུ་ཆེས་ཐོག་མ་དེ་ཕྱི་ལོ་ ༢༠༠༩ ལོར་ཚོགས་ཡོད་པ་དང་ཐེངས་གཉིས་པ་དེ་ཕྱི་ལོ་ ༢༠༡༣ ལོར་ཚོགས་ཡོད་པ་རེད།

སྐྱེ་ལྡན་སོ་ནམ་དང་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་གསར་པ་སྤེལ་རྒྱུའི་ཐག་གཅོད།

ཉེ་ཆར་ཟླ་ ༤ ཚེས་ ༢ ནས་དབུ་འཛུགས་ཀྱིས་ཁ་སང་ཚེས་ ༥ བར་འཚོགས་པའི་ཧི་མཱ་ལ་ཡའི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་གི་ཆེད་དུ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་འདུ་ཐེངས་ ༩ ཐོག་སྐྱེ་ལྡན་སོ་ནམ་དང་གད་སྙིགས་དོ་དམ། དེ་བཞིན་ཤིང་སྣ་འདེབས་འཛུགས་ཀྱི་ལས་གཞི་གསར་པ་ཁག་ཅིག་སྤེལ་རྒྱུར་ཐག་གཅོད་བྱུང་འདུག ཁོར་ཡུག་ལྷན་ཚོགས་གོ་སྒྲིག་གནང་མཁན་ཀུན་སྐྱོང་དགེ་རྩ་ཚོགས་པའི་ལས་གཞི་འགན་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་ལྷན་ཚོགས་དེ་དང་འབྲེལ་ཡོད་རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་ ༥༥ ཙམ་ཡོད་པ་དེ་དག་ལས་ཐེངས་འདིའི་ལྷན་ཚོགས་ཐོག་དགོན་ཁག་ ༣༤ འི་དགེ་བཙུན་ཁྱོན་ ༩༠ ཙམ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག དེ་བཞིན་ས་གནས་ཀྱི་སློབ་གྲྭ་ཁག་ཅིག་བཅས་ནས་མཉམ་ཞུགས་གནང་ཡོད་པ་གསུངས་སོང་། དེ་བཞིན་ཐེངས་འདིའི་ལྷན་ཚོགས་དེ་ཁ་སང་མཇུག་སྒྲིལ་གནང་བ་དང་སྦྲགས་ཏེ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་དེ་དག་ནང་དུ་དེ་སྔར་ཡོད་བཞིན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ཐོག་གད་སྙིགས་དོ་དམ་དང་ཤིང་སྣ་འདེབས་འཛུགས་སོགས་ཀྱི་ལས་གཞི་གསར་པ་ཁག་ཅིག་དབུ་འཛུགས་གནང་རྒྱུར་ཐག་གཅོད་བྱུང་ཡོད་སྐོར་གསུངས་ཡོད། རྩ་བའི་༸དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ནས་ཁོར་ཡུག་གི་གནད་དོན་ཛ་དྲག་ཐོག་ཐུགས་འཚབ་ཆེན་པོ་གནང་བ་དང་འབྲེལ། ཕྱི་ལོ་ ༢༠༠༥ ལོར་ཁོར་ཡུག་ལྷན་ཚོགས་དེ་ཐོག་མར་དབུ་འཛུགས་གནང་བ་ལྟར། ལོ་ལྟར་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་ཚོགས་འདུ་ཚོགས་གནང་གི་ཡོད་ཀྱང་། འདི་ལོ་༸ཀརྨ་པ་རིན་པོ་ཆེ་མཆོག་ལྷན་ཚོགས་ཐོག་ཆིབས་བསྒྱུར་གནང་ཐུབ་མེད་ནའང་རིན་པོ་ཆེ་མཆོག་ནས་ལྷན་ཚོགས་དེའི་ཐོག་མཉམ་ཞུགས་གནང་མཁན་ཀུན་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཡོད་པ་རེད། གསུང་འཕྲིན་དེའི་ནང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་དང་དམ་པའི་ཆོས་ཀྱི་ཉམས་ལེན་གཉིས་ཟུང་དུ་འབྲེལ་ཐོག་ཕྱག་ལས་གནང་ཐུབ་ཚེ་ཕན་རླབས་གཞན་དང་མི་འདྲ་བ་ཞིག་ཡོང་ངེས་ཡིན་པར་ལམ་སྟོན་མཛད་ཡོད་པ་རེད།

རེས་གཟའ་ཕུར་བུ། ༢༠༡༨།༠༤།༠༥

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ། རྒྱལ་ས་ལྡི་ལིར་བོད་ཀྱི་རིག་གཞུང་དུས་སྟོན་མཇུག་སྒྲིལ་གནང་བ། ལྕམ་སྐུ་ Ros Lehtinen མཆོག་གིས་བོད་དོན་ཆེད་འཐབ་རྩོད་ནམ་ཡང་མཚམས་འཇོག་གནང་རྒྱུ་མིན་ཞེས་གསུངས་སོང་། ཨིན་ཡུལ་གྱི་རིག་གཞུང་ལྷན་ཁང་གི་ལམ་སྟོན་འོག་བོད་ཀྱི་འཁྲབ་སྟོན་ཞིག་ཕྱིར་འགྱངས། འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། སྨན་པ་ཚེ་རིང་ལྷ་མོ་ལགས་ནས་བེུད་ཀྱི་འཕྲོད་བསྟེན་སྐོར་ངོ་སྤྲོད་གནང་བ། Thursday 05/04/2018 Dalai Lama returns after medical checkup, absolutely fine says doctor Cultural Festival of Tibet concludes in Delhi Tibet is very near to my heart: Ros Lehtinen at reception for US Congressional delegation Royal Court dropped Tibet play fearing effect on work in China, previously unseen correspondence shows HEALTH FEATURE: Women’s Health by Nurse Tsering Lhamo

༸གོང་ས་མཆོག་༸སྐུའི་འཕྲོད་བཞེས་བརྟག་དཔྱད་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མགུལ་ཆམ་ཕྲན་བུ་བཞེས་རྐྱེན་ཉེ་ཆར་ཟླ་བ་འདིའི་ཕྱི་ཚེས་ ༢ ཉིན་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་ཕྱིར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་ཡོད་པ་ལྟར། དེ་རིང་ཟླ་ ༤ ཚེས་ ༥ ཉིན་མགོན་པོ་༸གང་ཉིད་མཆོག་༸སྐུ་ཁམས་གསལ་ཐང་ངང་བཞུགས་སྒར་དུ་ཕྱིར་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་། དེའང་ལྡི་ལིར་༸གོང་ས་མཆོག་དང་ལྷན་བཅར་ཞུས་པའི་༸སྐུའི་ཕྱི་ལུགས་བླ་སྨན་པ་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་སུ་༸གོང་ས་མཆོག་གི་ཐེངས་འདིའི་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་འབྲས་ཇི་བྱུང་སྐོར་བཀའ་འདྲི་ཞུས་པར་ཉེ་ཆར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མགུལ་ཆམ་ཕྲན་བུ་བཞེས་རྐྱེན་རྒྱལ་ས་ལྡི་ལིར་༸སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་ཕྱིར་ཆིབས་བསྒྱུར་མཛད་དེ་མགུལ་གྱི་སྨན་པ་རང་བསྟེན་གཏུགས་གནང་རྗེས་གསོལ་སྨན་འབུལ་བཞེས་ལེགས་གྲུབ་བྱུང་ཡོད་པ་དང་། ད་ལྟའི་ཆར་༸གང་ཉིད་མཆོག་༸སྐུ་གཟུགས་གསལ་ཐང་ཐོག་བཞུགས་སྒར་དུ་ཕྱིར་ཕེབས་ཐུབ་པ་བྱུང་ཡོད་སྐོར་གསུངས་སོང་། དེ་བཞིན་༸སྐུའི་བླ་སྨན་པ་ཚེ་བརྟན་རྡོ་རྗེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོའི་བབ་ཀྱི་ཆ་ནས་སྔར་དང་མི་འདྲ་བའི་༸སྐུ་ཐང་ཆད་པའི་གནད་དོན་མ་གཏོགས་དེ་མིན་༸སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་ལེགས་པོ་ཡོད་པ་གསུངས་ཡོད།

Latest news