Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: November, 2018

རེས་གཟའ་ཕུར་བུ། ༢༠༡༨།༡༡།༠༨

ཉན་པ།: Listen ཕབ་ལེན། Download ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེགས་བམ་གསུམ་པ་དང་བཞི་པ་གཏན་འབེབས་ཀྱི་བགྲོ་གླེང་གནང་བ། རྒྱ་གཞུང་གིས་ཕྱི་རྒྱལ་ཆབ་སྲིད་མི་སྣ་དང་གཞུང་ཚབ་རྣམས་བོད་ཀྱི་ས་ཁུལ་དུ་གདན་ཞུ་གནང་རྒྱུ་ཡིན་ཚུལ་བརྗོད་པ། ཨ་རིའི་ Berkely ནང་བོད་ཀྱི་དེང་རབས་སྒྱུ་རྩལ་འགྲེམས་སྟོན་ཞིག་གནང་བཞིན་པ། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཞིག་ scandinavia རྒྱལ་ཁབ་ཁག་ཅིག་ནང་བོད་དོན་སྐོར་བསྐྱོད། འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། གསེར་ཁབ་སྐོར། Thursday 08/11/2018 Dalai Lama leads discussion on Science and Philosophy in the Indian Buddhist Classics China urges visit to ethnic areas post UPR Exhibition on contemporary Tibet art held in Berkley TPiE Delegation visits Scandinavian countries HEALTH FEATURE: Golden Needle Therapy in Tibetan Medicine

ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེགས་བམ་གསུམ་པ་དང་བཞི་པ་གཏན་འབེབས་ཀྱིས་བགྲོ་གླེང་མཛད་འདུག

ཟླ་བ་འདིའི་ཕྱི་ཚེས་ ༦ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེགས་བམ་གསུམ་པ་དང་བཞི་པའི་མཐའ་མའི་གཏན་འབེབས་ཀྱིས་བགྲོ་གླེང་མཛད་འདུགབགྲོ་གླེང་དེའི་ཐོག་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གཙོས་ཚོགས་མི་རྣམས་དང་། ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལག་བསྟར་རྩོམ་སྒྲིག་པ་རྣམ་པ། གཞན་ཡང་༸གོང་ས་མཆོག་གི་རྒྱ་སྐད་གསུང་བསྒྱུར་འཇམ་དབྱངས་རིན་ཆེན་ལགས་དང་། ཨིན་བསྒྱུར་ལོ་ཙཱ་བ་བདེ་ཆེན་ལགས། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་དཔེ་ཁྲིད་དགེ་བཤེས་རྣམ་པ་བཞི་དང་ཟུར་ཉན་ཁག་ཅིག་བཅས་ལྷན་བཞུགས་གནང་འདུགབགྲོ་གླེང་གི་ཐོག་མ་དེར་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལག་བསྟར་གྱི་རྩོམ་སྒྲིག་པ་དགའ་ལྡན་ཤར་རྩེའི་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག་དང་། དགའ་ལྡན་བྱང་རྩེའི་དཔྱི་ས་རིན་པོ་ཆེ། དེ་བཞིན་སྒོ་མང་དགེ་བཤེས་བློ་བཟང་མཁས་མཆོག་ལགས་དང་། བློ་གླིང་དགེ་བཤེས་ངག་དབང་སངས་རྒྱས་ལགས་བཅས་ནས་ས་བཅད་ཆ་བགོས་ཐོག་ལྟ་གྲུབ་ཀུན་བཏུས་ཀྱི་བརྗོད་དོན་ཁག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་འདུག་པ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔ་པར་བསྐྲུན་ཟིན་པའི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེགས་བམ་དང་པོ་དང་གཉིས་པ་དེ་དག་བོད་ཡིག་ཙམ་མ་ཟད། དབྱིན་སྐད་དང་རྒྱ་སྐད་སོགས་ཀྱི་ཐོག་ཕབ་བསྒྱུར་གནང་ཐུབ་པ་དེས་འགྲོ་བ་སྤྱིའི་བདེ་དོན་ཐོག་ལ་ཕན་ཐོགས་་ཆེན་པོ་བསྒྲུབས་ཡོད་པ་དང་། ལྷག་པར་དུ་དཔེ་དེབ་དེ་དག་ཐོག་ལ་རྒྱ་ནག་གཙོ་བོར་གྱུར་བའི་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་སློབ་དཔོན་དང་ཤེས་ལྡན་མི་སྣ། དེ་བཞིན་ཚན་རིག་མཁས་པ་དང་མཐོ་རིམ་སློབ་མ་སོགས་ནས་དོ་སྣང་ཆེན་པོ་བྱེད་བཞིན་པ་སོགས་བཀའ་འགྲེལ་དང་སྦྲགས། ནང་པའི་གཞུང་ནས་གསུངས་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་དེ་དག་ད་ལྟའི་དུས་ལ་ཁ་ཡོད་ལག་ཡོད་ཀྱི་དགོས་མཁོ་ཅན་ཞིག་ཡིན་པ་བཀའ་བསྩལ་འདུགགཞི་རྩའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་དཔེ་དེབ་དེ་དག་༸གོང་ས་མཆོག་ནས་རྒྱུན་དུ་རྒྱ་གར་འཕགས་པའི་ཡུལ་ནས་དར་བའི་ནང་པ་སངས་རྒྱས་པའི་ཆོས་དེ་བཞིན་ནང་པའི་ཚན་རིག་དང་། ནང་པའི་ལྟ་གྲུབ། ནང་པའི་ཆོས་ཀྱི་ལག་ལེན་ཞེས་རིམ་པ་གསུམ་དུ་དབྱེ་རུང་བ་དང་། དེ་དག་ཁྲོད་ནས་ནང་པའི་ཚན་རིག་དང་ལྟ་གྲུབ་གཉིས་ནང་པ་ཙམ་མ་ཟད། འཛམ་གླིང་ཀུན་ལ་ཕན་ཐོགས་བསྒྲུབ་ཐུབ་པའི་ནུས་པ་ལྡན་ཡོད་པ་སོགས་ཀྱི་བཀའ་སློབ་བསྩལ་དོན་ལྟར། གདན་ས་ཁག་གི་དགེ་བཤེས་ཁག་ཅིག་ནས་ལོ་མང་སྐུ་ངལ་བསྐྱོན་གནང་བ་ཞིག་ཆགས་ཀྱི་ཡོད་པ་རེད། ད་ལྟའི་ཆ་ལ་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་གླེགས་བམ་དང་པོ་དང་གཉིས་པ་པར་བསྐྲུན་ཟིན་ཏེ་དབྱིན་ཡིག་དང་རྒྱ་སྐད་སོགས་སྐད་ཡིག་མི་ཉུང་བ་ཞིག་གི་ཐོག་ཕབ་བསྒྱུར་གནང་དང་གནང་བཞིན་པ་ཞིག་ཆགས་ཀྱི་ཡོད་པ་དང་། ད་རེས་༸གོང་ས་མཆོག་དང་ལྷན་དུ་གྲོས་བསྡུར་མཛད་པའི་གླེགས་བམ་གསུམ་པ་དང་བཞི་པ་དེ་ནི་ནང་པའི་གཞུང་ནས་གསུངས་པའི་གྲུབ་མཐའ་དང་ལྟ་གྲུབ་སྐོར་ཆགས་ཀྱི་འདུག    

རྒྱ་གཞུང་གིས་ཕྱི་རྒྱལ་གྱི་ཆབ་སྲིད་མི་སྣ་དང་གཞུང་ཚབ་པ་རྣམས་བོད་དང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་གདན་ཞུ་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག

རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་གྲུབ་པ་དང་བསྟུན། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་འཆར་གཞི་གསར་པ་ཞེས་པའི་སྙན་ཐོ་ཞིག་འདོན་སྤེལ་བརྒྱུད། ཕྱི་རྒྱལ་གྱི་ཆབ་སྲིད་གནད་ཡོད་མི་སྣ་དང་གཞུང་ཚབ་པ་རྣམས་བོད་དང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་གདན་ཞུ་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག དེ་ཡང་ཁ་ཉིན་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་དེ་གནང་སྐབས་བོད་དང་ཤིན་ཅང་གི་གནད་དོན་ཐོག་རྒྱ་ནག་ལ་འདྲི་རྩད་བྱེད་མཁན་མང་དག་ཅིག་བྱུང་ཡོད་པ་མ་ཟད། ལྷག་པར་ཨ་རི་དང་ Australia, Denmark, New Zealand བཅས་རྒྱལ་ཁབ་ ༡༢ ནས་བོད་ཀྱི་གནད་དོན་ཐོག་འབུར་བཏོན་གནང་ཡོད་པ་རེད། ཁ་ས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་འཆར་གཞི་གསར་པ་ཞེས་དོན་ཚན་ ༣༠ ཅན་གྱི་ཁས་ལེན་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག་པའི་ནང་། རྒྱ་གཞུང་ངོས་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གླེང་མོལ་མུ་མཐུད་བྱ་རྒྱུ་དང་དེ་བཞིན་རྒྱལ་སྤྱིའི་ཚོགས་འདུ་དང་རིག་གནས་སྤེལ་རེས་ཆེད་ཕྱི་རྒྱལ་གྱི་ཆབ་སྲིད་གནད་ཡོད་མི་སྣ་དང་གཞུང་ཚབ་པ་བཅས་བོད་དང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་ཏུ་གདན་ཞུ་བྱ་རྒྱུ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་རྒྱ་ནག་ལ་གདན་ཞུ་བྱ་རྒྱུ་ཡིན་ཚུལ་བཅས་ཡོངས་བསྒྲགས་བྱས་འདུག ད་དུང་རྒྱ་གཞུང་གི་སྙན་ཐོ་དེ་འབྲེལ་ཐོག་ཁ་ས་རེས་གཟའ་ལྷག་པ་ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་སུ་ཚོགས་པའི་ལྷན་ཚོགས་ཤིག་གི་ཐོག་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ Hua Chuying ཡིས་ཁ་ཉིན་རྒྱལ་ཚོགས་སུ་ཚོགས་པའི་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐོག་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ཆབ་སྲིད་དང་འབྲེལ་བ་བཏགས་ནས་རྒྱ་ནག་གི་མི་རིགས་དང་ཆོས་ལུགས། དེ་བཞིན་ཁྲིམས་ལུགས་ཀྱི་གནད་དོན་ཐོག་གཞི་རྩ་མེད་པའི་སྐྱོན་འཛུགས་བྱས་ཡོད་ཚུལ་བརྗོད་འདུག གནད་དོན་དེའི་ཐད་སུད་སི་སྐུ་ཚབ་དོན་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་སྐལ་ལྡན་མཚོ་མོ་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས་རྒྱ་གཞུང་ངོས་ནས་མུ་མཐུད་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁོངས་སུ་བཞུགས་འདོད་ཡོད་ན་ཡུལ་དེའི་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་གཏོང་རྒྱུའི་ཁས་ལེན་བྱས་པ་ཁག་ངེས་པར་དུ་ལག་ལེན་དུ་འཁེལ་དགོས་ཀྱི་ཡོད་པ་དང་གལ་ཏེ་དེ་ལྟར་མ་བྱས་ཚེ་རྒྱ་ནག་ངོས་ནས་ལོ་བཞི་རེའི་མཚམས་སུ་ཡོང་རྒྱུའི་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་དེ་ནས་གཡོལ་ཐབས་མེད་པ་ཞིག་རེད་ཅེས་ནན་བརྗོད་གནང་བ་མ་ཟད། ད་ཆ་རྒྱ་གཞུང་གིས་རྒྱལ་ཚོགས་ཀྱི་སྡིངས་ཆ་བེད་སྤྱོད་བརྒྱུད་རྒྱ་ནག་རང་ཉིད་ཀྱི་ཁེ་ཕན་ཁོ་ན་སྒྲུབ་ཐབས་བྱེད་བཞིན་པ་དེ་ནི་སེམས་འཚབ་བྱ་དགོས་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་སྟབས་བོད་མིའི་སྒྲིག་འཛུགས་གཙོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཚོགས་སྒེར་ཡོངས་ནས་དེར་གདོང་ལེན་ཇི་ལྟར་གནང་ཐུབ་པའི་ཐོག་དགོངས་པ་བཞེས་དགོས་གལ་ཡིན་པ་གསུངས་སོང་།  

ཨ་རིའི་ས་གནས་ Berkeley རུ་བོད་ཀྱི་དེང་རབས་སྒྱུ་རྩལ་འགྲེམས་སྟོན།

ཟླ་བ་ ༡༠ ནས་འགོ་བཙུགས་ཀྱིས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་མཚོན་པར་བྱེད་པའི་འགྲེམས་སྟོན་ཞིག་ཨ་རིའི་ས་གནས་ Berkeley ནས་སྒོ་འབྱེད་བྱས་ཏེ་ལོ་རྗེས་མའི་ཟླ་བ་ལྔ་པའི་བར་དུ་འགྲེམས་སྟོན་བྱེད་རྒྱུ་རེད། East Bay Express གསར་ཤོག་ཐོག་གནས་ཚུལ་ཐོན་པ་ལྟར་ན།  མཐའ་ཡས་པ་ཞེས་པའི་ཐེངས་འདིའི་འགྲེམས་སྟོན་ཐོག  བོད་ཀྱི་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་ལགས་ཀྱིས་གཙོ་བྱས་པའི་ཐོག་ནས་བོད་རིགས་སྒྱུ་རྩལ་བ་མང་པོ་ཞིག་གིས་སོ་སོས་བརྩམས་ཆོས་ཁག་བཤམ་སྟོན་བྱས་ཡོད་པ་དང་། ཐེངས་འདིའི་འགྲེམས་སྟོན་དེ་ནི་བོད་ཀྱི་དེང་རབས་སྒྱུ་རྩལ་བ་དག་གི་གོམས་སྟབས་ཆེན་པོ་ཞིག་རེད་ཅེས་བརྗོད་འདུག ཐེངས་འདིའི་འགྲེམ་སྟོན་གྱི་ནང་དུ་ལོ་རབས་༨༠ ནས་བཟུང་ཕྱོགས་བསྡུས་བྱས་པའི་བརྩམས་ཆོས་ཁག་མང་པོ་ཞིག་ཡོད་པ་དང་། དེ་དག་ནི་རི་མོའི་སྒྱུ་རྩལ། བརྙན་དང་སྒྲ་རིགས། པར་རིས་སོགས་མང་པོ་ཞིག་བརྒྱུད་ནས་མི་རིགས་ཀྱི་ངོ་བོ་དང་ཆོས་ལུགས་མཚོན་པར་བྱས་ཡོད་པ་མ་ཟད། བརྩམས་ཆོས་ཁག་ཅིག་གིས་ཆབ་སྲིད་ཀྱི་གནད་དོན་མཚོན་པར་བྱེད་པའི་གཞིས་བཞུགས་བོད་མའི་རང་ལུས་མེར་སྲེག་གི་སྐོར་དང་། དེ་བཞིན་ཡུལ་གྱར་སོགས་ཀྱང་མངོན་པར་བྱས་འདུག རྩ་བའི་ས་གནས་ Berkeley ཡི་འགྲེམས་སྟོན་ཁང་དེར་དུས་རབས་༡༢ དང་༡༩ བར་གྱི་བོད་ཀྱི་ཅ་དངོས་རིགས་ཕྱོགས་བསྡུས་བྱས་ཡོད་པ་བཞིན།  འགྲེམ་སྟོན་དེ་བརྒྱུད་ནས་བོད་དོན་ལ་དོ་སྣང་བྱེད་མཁན་མང་པོ་བྱུང་བཞིན་ཡོད་པར་འགྲེལ་བརྗོད་བྱས་པ་དང་སྦྲགས། བོད་རིགས་སྒྱུ་རྩལ་བ་ཆུང་པོ་ཚེ་རིང་ཟེར་བ་ཞིག་གིས་ཀྱང་།  ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་གི་ཨོ་རྩལ་འགྲན་བསྡུར་བྱས་པར་བརྟེན།  རྒྱལ་སྤྱི་རང་བཞིན་གྱི་གར་སྟེགས་ཤིག་ཁྲོད། སྒྱུ་རྩལ་བ་མང་དག་ཅིག་གིས་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་པའི་གནས་ཚུལ་དེ་གླེང་སློང་ཤུགས་ཆེར་བྱེད་བཞིན་ཡོད་པར་བརྗོད་འདུག སྐབས་དེར་ཚེ་རིང་གིས་སོལ་བ་ཡིས་བྲིས་པའི་སྒྱུ་རྩལ་རི་མོ་ཞིག་བཤམ་སྟོན་བྱས་ཡོད་པ་དང་། ཁོང་གི་བརྩམས་ཆོས་དེའི་མིང་ལ་འཚེ་མེད་ཞི་བ་བཏགས་ཏེ་བོད་ནང་གི་རང་ལུས་མེང་བསྲེགས་ཀྱི་འཐབ་རྩོད་མཚོན་པར་བྱས་འདུག  གཞན་ཡང་ཕྷ་རན་སིར་གནས་བཞུགས་བུད་མེད་སྒྱུ་རྩལ་བ་སྒྲོལ་མ་ཆོས་འཕེལ་ལགས་དང་གཞིས་བཞུགས་སྒྱུ་རྩལ་བ་བདེ་སྒྲོན་ལགས་རྣམ་གཉིས་ཀྱང་འགྲེམས་སྟོན་དེར་མཉམ་ཞུགས་ཀྱིས་རང་རང་བརྩམས་ཆོས་འགྲེམས་སྟོན་བྱས་འདུག དེ་བཞིན་སྒྱུ་རྩལ་བ་བསྟན་འཛིན་རིག་གྲོལ་གྱིས་ཀྱང་རང་ལུས་མེར་བསྲེགས་ཀྱི་མཚོན་པར་བྱེད་པའི་རི་མོ་ཞིག་འགྲེམས་སྟོན་བྱས་པ་དང་འབྲེལ་ནས།  ཁོང་གིས་སྣང་བ་སྐྱིད་པོ་བྱེད་པ་ནི་དྲི་བ་ཡོད་ཚད་བརྗེད་དུ་འཇུག་སྤྱད་དེ་ཡིན་པ་དང་། སྒྱུ་རྩལ་གྱིས་ནི་དྲི་བ་ཡོད་ཚད་དྲན་དུ་འཇུག་ངེས་བ་ཞིག་ཡིན་པར་བརྗོད་དེ། རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་ནི་ནམ་ཡང་ཁོང་གིས་བརྗེད་དུ་མེད་པའི་དོན་རྐྱེན་ཞིག་ཡིན་པར་འགྲེལ་བརྗོད་བྱས་འདུག  

རེས་གཟའ་ལྷག་པ། ༢༠༡༨།༡༡།༠༧

ཉན་པ།: Listen ཕབ་ལེན། Download རྒྱགཞུང་ནས་རྒྱལ་ཚོགས་ནང་གི་ལན་འདེབས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྩོད་ལེན་བྱེད་དགོས་པ་གསུངས། བོད་ནང་གི་རི་ཉིལ་དོན་རྐྱེན་ཁྲོད་ཡུལ་མི ༡༠༠༠༠ གནས་སྤོར། གསར་དུ་འདེམས་སྒྲུག་བྱུང་བའི་སྲི་ཞུ་བ་ཁག་ཅིག་ལ་བཅར་འདྲི་ཞུས་པའི་ལེ་ཚན། དམིགས་བསལ་ལེ་ཚན། ༸གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་བྱམས་བརྩེའི་སྐོར་ལ་བསྩལ་བའི་བཀའ་སློབ། Wednesday 07/11/2018 China’s false denials at UN human rights council must be challenged: Tibetan rights group Thousands forced to relocate as another landslide in Tibet blocks Dri Chu river Interview with new CTA recruits as their induction training convenes FEATURE: Dalai Lama on ‘Compassion’

རྒྱ་གཞུང་གིས་རྒྱལ་ཚོགས་ནང་དུ་ད་གའི་འགྲོ་བ་མིའི་ཐོབ་ཐང་ཞན་པོ་ཡོད་པ་ངོས་ལེན་མ་བྱས་པ་དེར་རྩོད་ལེན་ངེས་པར་དུ་བྱེད་དགོས་པ་གསུངས་འདུག

ཁ་ས་ Swiss གྲོང་ཁྱེར་ Geneva ནང་དུ་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་དེ་གནང་བ་དང་བསྟུན། སྐབས་དེར་རྒྱལ་སྤྱིའི་ཁྲོད་དམངས་གཙོ་དང་རང་དབང་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཉི་ཤུ་རྩ་གྲངས་ཤིག་ནས་རྒྱ་གཞུང་ལ་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ཐོག་འདྲི་རྩད་དང་དེའི་ཁོངས་ནས་རྒྱལ་ཁབ་ ༡༢ ནས་བོད་དང་ཤིན་ཅང་གཉིས་ནང་གི་ཆེས་ཞན་པའི་གནས་སྟངས་ཐེར་འདོན་གྱིས་འདྲི་རྩད་བྱས་ཡོད་ཀྱང་། རྒྱ་གཞུང་གིས་དེ་དག་ལ་ངོས་ལེན་རྩ་བ་ནས་བྱས་མེད་པར། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་ Kai Mueller ལགས་ཀྱིས་རྒྱ་གཞུང་གིས་དེ་གའི་དངོས་ཡོད་གནས་སྟངས་ངོས་ལེན་མ་བྱས་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྩོད་ལེན་ངེས་པར་དུ་བྱེད་དགོས་པ་གསུངས་འདུག དེ་ཡང་ཁ་ས་ཕྱི་དྲོ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས་ཐོག་རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་སྐབས་ཀྱི་གནས་ཚུལ་སྤེལ་བའི་ནང་དུ། རྒྱ་གཞུང་གིས་ངོས་ནས་རྒྱ་ནག་ནང་དུ་གནས་སྟངས་ཡར་རྒྱས་བཏང་ཡོད་ལུགས་སོགས་ཀྱི་འཁྱོགས་བཤད་ཇི་ཙམ་བྱས་མིན་ལ་མ་ལྟོས་པར་རྒྱལ་ཁབ་མང་དག་ཞིག་ནས་རྒྱ་ནག་ནང་གི་གནས་སྟངས་ཐད་སེམས་འཚབ་ཅན་གྱི་གནད་དོན་ཁག་ཅིག་འབུར་བཏོན་ཁྲོད་བོད་དང་ཤིན་ཅང་ནང་དུ་འཆར་གཞི་ལྡན་པའི་ཐོག་ནས་མང་ཚོགས་ཀྱི་གཞི་རྩའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པ་ཐེར་འདོན་དང་། བོད་དང་ཤིན་ཅང་གི་མང་ཚོགས་རྣམས་ལ་ཆོས་དད་རང་དབང་དགོས་པ་དང་། ཕྱི་ཕྱོགས་ཀྱི་མི་སེར་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པ་སོགས་བོད་དང་ཤིན་ཅང་ནང་དུ་བསྐྱོད་འཇུག་དགོས་པ། དེ་བཞིན་བོད་མི་བཀྲིས་དབང་ཕྱུག་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏང་དགོས་པ་སོགས་ཀྱི་གླེང་སློང་དང་འདྲི་རྩད་གནང་ཡོད་པ་དེ་ལྟར་ཡང་། རྒྱ་ནག་གཞུང་ཕྱོགས་ནས་དེ་དག་ལ་ངོས་ལེན་རྩ་བ་ན་མ་བྱས་པ་མ་ཟད། གནད་དོན་དེ་དག་ལ་གཞི་རྩ་མེད་པ་དང་། ཆབ་སྲིད་ཀྱི་དམིགས་ཡུལ་བཟུང་ནས་བཏང་བའི་དྲི་བ་དེ་དག་ལ་ངོས་ལེན་རྩ་བ་ནས་བྱེད་རྒྱུ་མིན་པ་དང་། རྒྱ་ནག་དེ་བཞིན་ཡར་རྒྱས་ཀྱི་ལམ་གཞན་ཞིག་གི་ཐོག་ལ་བསྐྱོད་བཞིན་ཡོད་པ་སོགས་ལན་འདེབས་བྱས་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱལ་ཚོགས་འབྲེལ་མཐུད་པ་དང་ Germany སྡེ་ཚན་གྱི་འཛིན་སྐྱོང་ངེས་སྟོན་པ་སྐུ་ཞབས་ Kai Mueller ལགས་ཀྱིས་ཁ་ས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་ལན་འདེབས་བྱེད་སྟངས་ལ་རྩོད་ལེན་མ་བྱས་པ་མ་ཟད་རྒྱལ་ཁབ་ཁག་ཅིག་གིས་རྒྱ་གཞུང་གི་བྱེད་སྟངས་ལ་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ་ནི་སེམས་འཚབ་ཆེན་པོ་སྐྱེས་གཞི་ཞིག་ཡིན་སྐོར་གསུངས་པ་དང་འབྲེལ། ད་རེས་རྒྱལ་ཚོགས་ནང་རྒྱ་ནག་ལ་བཏང་བའི་འདྲི་རྩད་དེ་དག་བོད་དང་ཤིན་ཅང་། དེ་བཞིན་རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་གནད་དོན་ཁོ་ན་མ་ཡིན་པར། འགྲོ་བ་མིའི་ཐོབ་ཐང་ལ་གུས་རྩི་རྩ་བ་ནས་མེད་པའི་རྒྱ་ནག་གི་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་སྒྲོམ་གཞི་དེ་རྒྱལ་སྤྱིའི་ཁྲོད་ཁྱབ་སྤེལ་འགྲོ་བཞིན་པའི་གནད་དོན་ཞིག་ཀྱང་ཆགས་ཀྱི་ཡོད་པ་ཐེར་འདོན་གནང་འདུགརྩ་བའི་ཐེངས་འདིའི་དུས་བཀག་བསྐྱར་ཞིབ་ཐོག་སྐུ་ཞབས་ Kai Mueller ལགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་ཁྲོད་བོད་དོན་རྒྱབ་སྐྱོར་ཚོགས་པ་འདྲ་མིན་གྱི་ཚོགས་མི་ལས་གྲུབ་པའི་བོད་དོན་ཞུ་གཏུགས་ཚོགས་པའི་ཚོགས་མི་ཁག་ཆེད་མངགས་ Geneva ནང་དུ་བསྐྱོད་དེ་རྒྱལ་ཚོགས་ཀྱི་གལ་ཆེའི་ལས་རིམ་དེའི་ཐོག་ལྷན་བཞུགས་གནང་ཡོད་པ་མ་ཟད། བོད་མིའི་སྒྲིགས་འཛུགས་ཕྱི་དྲིལ་དྲུང་ཆེ་གཉིས་ཀྱི་སྣེ་ཁྲིད་པའི་རུ་ཁག་ཞིག་ཀྱང་ལས་རིམ་དེའི་ཆེད་དུ་ Geneva ནང་དུ་ཆེད་ཕེབས་གནང་ཡོད་པ་དང་།   ཁ་ས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་བརྙན་འཕྲིན་དྲ་ལམ་བརྒྱུད་ཕྱི་འབྲེལ་དྲུང་ཆེ་དག་པོ་བསོད་གནམ་ནོར་བུ་ལགས་ཀྱིས་ཐེངས་འདིའི་དུས་བཀག་བསྐྱར་ཞིབ་སྐོར་དགོངས་ཚུལ་ཞིག་གསུངས་འདུག    

བོད་ནང་གི་རི་ཉིལ་དོན་རྐྱེན་ཁྲོད་ཡུལ་མི ༡༠༠༠༠ གནས་སྤོར།

ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་པད་དགེ་གྲོང་ཚོའི་འབྲི་ཆུའི་རྒྱུད་དུ་ཡང་བསྐྱར་རི་ཉིལ་བྱུང་སྟེ་འབྲི་ཆུའི་བཞུར་རྒྱུན་ཚབས་ཆེན་འགག་ཡོད་འདུག ཁ་སང་རྒྱ་ནག་གི་ཞིན་ཧ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྤོ་ལོ་ཡུལ་ཚོར་ཡང་བསྐྱར་རི་ཉིལ་བྱུང་བར་བརྟེན་ཆུ་འཁྱིལ་བའི་ཤུགས་ཚད་ཆེས་ཆེར་འཕེལ་བཞིན་ཡོད་པས།  གོད་ཆགས་བྱུང་སའི་ཉེ་འཁྲིས་ཀྱི་མི་མང་ ༡༠༠༠༠ ལྷག་གནས་སྤོར་བྱས་ཡོད་པ་མ་ཟད།  གཟའ་སྤེན་པ་ནས་བཟུང་ཆུ་འཁྱིལ་འགོ་ཚུགས་ཡོད་པར་གཞིགས་ན། ཁ་སང་བར་དུ་ཆུའི་མཐོ་ཚད་རྨིད་ ༣༣.༨༨ འཕར་ཡོད་པ་དང་།   ཆུ་འགག་གི་རྒྱུ་རྐྱེན་གྱིས་ས་ཁུལ་དེའི་གནམ་གཤིས་ཀྱི་དྲོད་ཚད་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པས་མི་འགྱངས་བར་ཁ་བ་ཆེན་པོ་འབབ་ངེས་ཡིན་པར་ཚོད་དཔག་བྱས་འདུགགནས་ཚུལ་དེ་དང་འབྲེལ་ནས་གཞིས་བཞུགས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་སྒེར་གྱི་ངོ་དེབ་དུ་བཀོད་པ་ལྟར་ན། རི་ཉིལ་བྱུང་སའི་ཡུལ་དངོས་ཀྱི་དགོན་པ་ལ་གནས་སྐབས་སུ་ཉེན་ཁ་མེད་ནའང་བདེ་འཇགས་ཀྱི་ཆེད་དུ་སྤོ་ལོ་དགོན་གྱི་ལྷ་སྐུ་རྟེན་གསུམ་ཕྱིར་འདྲེན་བྱེད་འགོ་ཚུགས་ཟིན་ཡོད་པ་རེད་འདུག   ཁོང་གིས་ས་ཁུལ་དེར་ཅིའི་ཕྱིར་ཡང་ཡང་རི་ཉིལ་གྱི་དོན་རྐྱེན་བྱུང་བཞིན་པ་ཡིན་ནམ་ཞེས་དོགས་འདྲི་བྱས་པ་དང་འབྲེལ།  རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱས་པ་ལྟར་ན་རི་ཉིལ་གྱི་དོན་རྐྱེན་དེ་ནི་རང་བྱུང་གོད་ཆགས་ཤིག་ཡིན་པར་བརྗོད་ཡོད་ནའང་། རི་ཉིལ་བྱུང་སའི་ཡུལ་དངོས་སུ་རྒྱ་ནག་གིས་ཆེད་དུ་འཛུགས་བསྐྲུན་བྱས་པའི་ཆུ་མཛོད་ཆེ་ཤོས་ཡོད་པར་བརྟེན། རི་ཉིལ་དོན་རྐྱེན་དེ་ནི་རང་བྱུང་གོད་ཆགས་ཤིག་ཡིན་མིན་ལ་བསམ་བློ་གཏོང་དགོས་པ་ཞིག་རེད་ཅེས་བཀོད་འདུག རྩ་བའི་རྒྱ་ནག་གཞུང་འབྲེལ་གྱི་དྲ་རྒྱ་ཁག་དུ་རི་ཉིལ་གྱི་དོན་རྐྱེན་དེ་ནི་བཟོ་བསྐྲུན་དང་འབྲེལ་བ་ཡོད་པའི་གནས་ཚུལ་གང་ཡང་འཁོད་མེད་ནའང་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་གིས་འབྲི་ཆུའི་རྒྱུད་ཀྱི་རི་ཉིལ་དེ་ནི་ཐད་ཀར་རྒྱ་ནག་གི་བཟོ་ལས་འཛུགས་བསྐྲུན་དང་གཏེར་ཁ་སྔོག་འདོན་ལ་རག་ལས་པ་ཞིག་ཡིན་པ་དང་། དམིགས་བསལ་དུ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་གི་གློག་འདོན་ཐོན་ཁོངས་མང་པོ་ཞིག་ནི་འབྲི་ཆུའི་རྒྱུད་ཀྱི་ཆུ་གློག་འཛུགས་བསྐྲུན་ཡིན་པར་བརྟེན་རྔ་བ་དང་དཀར་མཛེས་ས་ཁུལ་དུ་ཆུ་མཛོད་མང་པོ་གསར་འཛུགས་བྱས་པ་ནི་རི་ཉིལ་གྱི་དོན་རྐྱེན་དང་འབྲེལ་བ་ཆེས་ཆེར་ཡོད་པ་ཞིག་ཡིན་ཚུལ་བརྗོད་འདུག    

རེས་གཟའ་མིག་དམར། ༢༠༡༨།༡༡།༠༦

ཉན་པ།: Listen ཕབ་ལེན། Download རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐོག་བོད་དང་ཞིན་ཅང་གི་གནད་དོན་ཐོག་ལ་འདྲི་རྩད་གནང་མཁན་མང་དག་ཅིག་བྱུང་སོང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས་ཞུ་གཏུགས་ཡིག་ཆ་ནས་གནས་ཚུལ་ཁག་ཅིག་ཕྱིར་བསྡུ་བྱས་་པར་ཚོགས་པ་དེ་ནས་གསལ་བཤད་དགོས་པ་གསུངས་འདུག རྒྱ་གར་གཞུང་གིས་རྒྱལ་དབང་ཀརྨ་རྣམ་གཉིས་ཀྱི་གནད་དོན་ཐོག་ཚོགས་འདུ་ཞིག་ཚོགས་འདུག རྒྱ་རིགས་ཚོང་པ་ཞིག་གིས་རྒྱལ་ས་ལྡི་ལིར་བོད་མིའི་ཚོང་པ་ཁག་ཅིག་ལ་དཔལ་འབྱོར་དང་ཚོང་འབྲེལ་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐད་ལ་ལས་རིམ་ཞིག་སྤེལ་འདུག གླུ་གཞས་ལས་རིམ། བསྟན་འཛིན་བཟང་པོས་བླངས་པའི་བོད་ཀྱི་བུ། Tuesday 06/11/2018 China UPR: Over 12 countries question China on Tibet and Xinjiang Civil society concerned by removal of key Stakeholder Information by the UNHRC India holds high level meet on Karmapa ahead of Doval’s China visit Mentoring Tibetan Young Makers on business start-up: Delhi MUSIC FEATURE: Tenzin Sangpo and his new song ‘Son of Tibet’

རྒྱ་ནག་གི་དུས་བཀག་བསྐྱར་ཞིབ་ཐོག་བོད་དང་ཤིན་ཅང་གི་གནད་དོན་ཐོག་འདྲི་རྩད།

དེ་རིང་ཕྱི་ཟླ་ ༡༡ གི་ཚེས་ ༦ ཏེ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པ་དེ་གནང་སྐབས་བོད་དང་ཤིན་ཅང་གི་གནད་དོན་ཐོག་རྒྱ་ནག་ལ་འདྲི་རྩད་བྱེད་མཁན་མང་དག་ཅིག་བྱུང་སོང་བ་མ་ཟད། ལྷག་པར་རྒྱལ་ཁབ་༡༢ ཙམ་ནས་བོད་ཀྱི་གནད་དོན་འབུར་བཏོན་གནང་སོང་།དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༩ པའི་ཐོག་དུས་བཀག་བསྐྱར་ཞིབ་དངོས་སུ་དབུ་འཛུགས་གནང་བ་དང་སྦྲགས། Australia དང་ Austria, Denmark, Canada, Germany, France, ཉི་ཧོང་། New Zealand, Sweden, Switzerland, ཨིན་ཡུལ། ཨ་རི་བཅས་རྒྱལ་ཁབ་ ༡༢ ནས་བོད་དང་ཤིན་ཅང་ནང་གི་གནས་སྟངས་འབུར་བཏོན་དང་སྦྲགས། མི་རིགས་དེ་དག་གིས་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་ཁག་སྲུང་སྐྱོབ་བྱེད་དགོས་པ་སོགས་ཀྱི་རེ་འདུན་ཁག་ཅིག་བསྟན་གནང་ཡོད་པ་རེད། དེའི་ཁྲོད་ New Zealand སྐུ་ཚབ་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་བོད་མི་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་དགོས་པ་དང་། ཨ་རིའི་སྐུ་ཚབ་ཀྱི་ངོས་ནས་བོད་མིའི་སྐད་ཡིག་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་བཙོན་གྲོལ་གཏང་དགོས་པ་དང་། རྒྱ་གཞུང་གིས་བོད་མིའི་ཆོས་དད་ཀྱི་ལས་དོན་ནང་དུ་ཐེ་བྱུས་མཚམས་འཇོག་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་ནང་དུ་ཐེ་བྱུས་མཚམས་འཇོག་དགོས་པའི་དགོས་འདུན་བསྟན་གནང་སོང་། དེ་བཞིན་ Belgium དང་། Croatia, Czech སྤྱི་མཐུན་རྒྱལ་ཁབ། Hungary, Greece, Mexico དེ་བཞིན་ Turkey སོགས་རྒྱལ་ཁབ་མང་དག་ཅིག་ནས་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་སྤྱིའི་ཐོག་འདྲི་རྩད་བྱས་སོང་བ་དང་། རྒྱལ་ཁབ་ཁྱོན་ ༣༣ ཙམ་ནས་རྒྱ་ནག་གཞུང་གི་ ICCPR ཞེས་རྒྱལ་སྤྱིའི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་སྒྲིག་ལ་ཁས་ལེན་དོན་འཁྱོལ་གྱི་མཚན་རྟགས་བཀོད་དགོས་པའི་དགོས་འདུན་སྟོན་མཁན་བྱུང་སོང་།ཡིན་ནའང་རྒྱ་ནག་གཞུང་གི་ངོས་ནས་རྒྱལ་ཁབ་དེ་དག་གི་འདྲི་རྩད་ལ་ལན་འདེབས་ཁྲོད་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་སྐོར་གསུངས་པར་ངོས་ལེན་རྩ་བ་ནས་མེད་པ་དང་། རྒྱ་ནག་ངོས་ནས་དེ་གའི་རྩ་ཁྲིམས་གཞིར་བཟུང་ཡུལ་དེའི་མང་ཚོགས་ཀྱི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་སྲུང་སྐྱོབ་བྱེད་བཞིན་པ་མ་ཟད། བོད་གསེར་རྟ་བླ་རུང་སྒར་གཏོར་བཤིག་གི་གནད་དོན་དེ་ནི་ཁྲིམས་འགལ་གྱི་ཁང་པ་གཏོར་བཤིག་མ་གཏོགས་ཆོས་དད་དང་འབྲེལ་བ་རྩ་བ་ནས་མེད་པ་སོག་ས་ཀྱི་འགྲེལ་བརྗོད་བྱས་འདུག རྒྱ་ནག་གཞུང་གིས་ད་དུང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཟེར་བ་དེ་དག་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཡིན་པ་འགྲེལ་བརྗོད་བྱས་པ་མ་ཟད། རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་རྣམས་ས་གནས་ས་ཐོག་ཏུ་རྟོག་ཞིབ་ཆེད་ཕེབས་ན་འགྲིག་གི་ཡོད་སྐོར་གྱི་རྣམ་པའང་བསྟན་ཡོད་ཀྱང་། རྒྱ་ནག་ཐོག་དཔྱད་ཞིབ་གནང་མཁན་ཁག་ཅིག་ནས་རྒྱ་གཞུང་གིས་ད་བར་རྒྱལ་ཚོགས་ཀྱི་འབྲེལ་ཡོད་འབོད་སྐུལ་དེའི་རིགས་ ༡༧ ཙམ་ཞུས་ཡོད་ཀྱང་། འདས་པའི་ལོ་ལྔའི་ནང་གསུམ་ལ་མ་གཏོགས་ངོས་ལེན་བྱས་མེད་པའི་ཟུར་ས་བྱས་འདུགདེ་བཞིན་དེ་རིང་རྒྱ་ནག་ཐོག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཀྱི་ལས་རིམ་ཐེངས་གསུམ་པ་དེ་དངོས་སུ་འགོ་འཛུགས་མ་གནང་གོང་ཁ་ས་ Geneva རྒྱལ་ཚོགས་མདུན་དུ་ཡོ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་གོ་སྒྲིག་ཐོག་ཐེངས་འདིའི་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་སྐབས་སུ་རྒྱལ་ཚོགས་ནས་རྒྱ་ནག་ལ་བོད་ནང་གི་གནད་དོན་ཐོག་འདྲི་རྩད་ནན་པོ་བྱེད་དགོས་པ་དང་། རྒྱ་ནག་གཞུང་ནས་བོད་ནང་དྲག་པོའི་སྲིད་བྱུས་མཚམས་འཇོག་བྱེད་དགོས། དེ་བཞིན་བཀྲ་ཤིས་དབང་ཕྱུག་ལགས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པ་སོགས་ཀྱི་སྐད་འབོད་བྱས་འདུག    མ་ཟད་དེ་རིང་ Geneva རྒྱལ་ཚོགས་ནང་དུ་དངོས་སུ་རྒྱ་ནག་ཐོག་གི་དུས་བཀག་བསྐྱར་ཞིབ་འཚོགས་བཞིན་པའི་སྐབས་སུ་ཡུ་གུར་བ་རྣམས་ནས་གཞི་རྒྱ་ཆེ་བའི་རང་དབང་གོམ་བགྲོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ལས་འགུལ་དེའི་ནང་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ས་གནས་བོད་མི། དེ་བཞིན་ཡུ་གུར་བ་དང་ནང་སོག   གཞན་ཡང་ཐེ་ཝན་དང་ཧོང་ཀོང་མང་གཙོའི་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་སོགས་ནས་མཉམ་ཞུགས་གནང་འདུག

Latest news