Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: February, 2022

རེས་གཟའ་ལྷག་པ། ༢༠༢༢།༠༢།༡༦

ཉན་པ།: Listen ཕབ་ལེན། Download སཱ་ར་མཐོ་སློབ་ཀྱིས་བོད་རིག་པའི་དཔྱད་དེབ་དབུ་འབྱེད་གནང་བ། སོ་ནམ་ལོ་གསར་སྐབས་ཆོས་ཕྱོགས་ཀྱི་ལས་དོན་ཁག་བཀག་སྡོམ། NBC བརྒྱུད་ལམ་གྱིས་རྒྱ་ནག་གི་ཨོ་རྩལ་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་མ་སྤེལ་བར་སྐྱོན་བརྗོད། CNN གསར་ཁང་གིས་རྒྱ་ནག་གི་ཨོ་རྩལ་དྲིལ་བསྒྲགས་བྱས་པར་སྐྱོན་བརྗོད། ཨ་རིའི་སྐུ་ཚབ་དོན་ཁང་ནས་ཨ་རིའི་གྲོས་ཚོགས་ཀྱི་ལས་ཀྱི་སྣེ་མོ་བར་དྲ་ལམ་ནས་མཇལ་མོལ། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་འོས་འཚམས་ཀྱི་ཨོ་རྩལ་ཞིག་གོ་སྒྲིག་བྱེད་ཐུབ་མེད་པར་སྐྱོན་བརྗོད། Wednesday 16/02/2022 Sarah Tibetan College inaugurates new book on Tibetan Studies Chinese authorities bar Tibetans from indulging in religious activities during losar NBC nearly mum on China abuses in its wall-to-wall Olympics coverage CNN runs questionable pro Olympics ad with content from China’s state run media US Senate Foreign Relations Committee officials meet Tibetan representatives Rights group accuses IOC of failure to ensure abuse free Olympics apparel

རྒྱ་གཞུང་གིས་སོ་ནམ་ལོ་གསར་སྐབས་ཆོས་ཕྱོགས་དང་འབྲེལ་བའི་གནང་སྒོར་བཀག་སྡོམ།

ཉེ་ཆར་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་སོ་ནམ་ལོ་གསར་སྲུང་བརྩི་ཞུ་བཞིན་པའི་སྐབས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་ལ་ཁ་གཡར་ཏེ་སྲོལ་རྒྱུན་གྱི་ཆོས་ཕྱོགས་དང་འབྲེལ་བའི་གནང་སྒོ་ཁག་ལ་དམ་དྲག་ཆེན་པོས་བཀག་སྡོམ་བྱས་ནས་མི་མང་ཚོ་མཆོད་མཇལ་ལ་བཏང་མི་འདུག དེང་སྐབས་བོད་མདོ་དབུས་ཁམས་གསུམ་གྱི་ས་ཁུལ་འགའ་ཤས་ནང་སོ་ནམ་ལོ་གསར་སྲུང་བརྩི་ཞུ་བཞིན་པ་དང་བསྟུན་སོ་ནམ་ལོ་གསར་གྱི་ཚེས་པ་བཅུ་ནས་བཅོ་ལྔ་བར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ཁེལ་གྱི་ཡོད་སྟབས་མི་མང་རྣམས་ནས་ཚོགས་བསགས་དགེ་སྒྲུབ་ཆེད་སྨོན་ལམ་དང་མེ་ཏོག་མཆོད་པ་སྣ་མང་འབུལ་སྲོལ་ཡོད་ཀྱང་སྟབས་མི་ལེགས་པ་ཞིག་ལ་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་ལ་ཁ་གཡར་ཏེ་དགོན་ཁག་ལ་རྣམ་ཀུན་ལྟར་ཆོས་ཕྱོགས་དང་འབྲེལ་བའི་གནང་སྒོ་ཁག་ལ་དམ་དྲག་ཆེན་པོས་བཀག་སྡོམ་བྱས་ནས་མི་མང་ཚོ་མཆོད་མཇལ་ལ་བཏང་མི་འདུག གནས་ཚུལ་མཁོ་སྤྲོད་པས་གསར་འགོད་པར་འགྲེལ་བརྗོད་གནང་བར་གཞིགས་ན། དེང་སྐབས་སོ་ནམ་ལོ་གསར་སྐབས་དགོན་སྡེ་ཁག་ཏུ་ཆོ་འཕྲུལ་སྨོན་ལམ་འཚོགས་བཞིན་ཡོད་ཀྱང་ས་ཁུལ་ཁག་སོ་སོའི་ཏང་གི་ལས་བྱེད་དང་ཉིན་རྟོག་པས་བཙན་དབང་འོག་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དང་སྐུ་འབུམ་བྱམས་པ་གླིང་། རེབ་གོང་རི་བོ་དགོན་པ། དེ་བཞིན་ཀན་ལྷོ་ཁུལ་གྱི་རྔོག་རྒྱལ་མོ་དགོན་པ། ཀླུ་ཤོད་ཚོ་བ་བརྒྱད་ལ་སོགས་སུ་གཉན་རིམས་ལ་ཁ་དཀྲི་ནས་མི་མང་དགོན་པར་མཆོད་མཇལ་དུ་འགྲོ་རྒྱུར་བཀག་སྡོམ་བྱས་ཡོད་པ་དང་སྒོས་རི་བོ་དགོན་ཆེན་དང་སྐུ་འབུམ་བྱམས་པ་གླིང་དགོན་པར་ཆོས་ཕྱོགས་ཀྱི་ལས་དོན་སྤེལ་བར་དམ་དྲག་གིས་ལོ་གསར་སྐབས་སྒོ་རྒྱག་དགོས་པའི་གནས་སྟངས་བྱུང་ཡོད་པ་དང་མ་འོངས་པར་བོད་ཀྱི་ཆོས་དང་རིག་གཞུང་རྩ་བརླག་འགྲོ་ཉེན་ཡོད་སྐོར་གསུངས་ཡོད། དེ་བཞིན་སྐུ་འབུམ་དགོན་པའི་བདག་གཉེར་ཨུ་ཡོན་ལྷན་ཁང་ནས་གསལ་བསྒྲགས་ཤིག་སྤེལ་བར་སྐུ་འབུམ་དགོན་པའི་ནད་དུག་སྔོན་འགོག་ལམ་སྟོན་གནང་བ་ལ་གཞིགས་ན། ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་མང་ཚོགས་ཚོ་མཆོད་མཇལ་དང་མེ་ཏོག་མཆོད་པ་ཕུལ་བར་གཏོང་རྒྱུ་མིན་ཞེས་ཉེན་བརྡ་བཏང་བ་མ་ཟད། རོང་བོ་དགོན་པའི་དོ་དམ་པ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཁུལ་དང་། གྲོང་ཁྱེར་ཁག་གི་ཏང་ཨུ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་གི་ཏོག་དབྱིབས་ནད་དུག་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་ཟླ་བ་འདེའི་ཚེས་ ༡༢ ནས་ ༡༦ བར་དུ་རོང་བོ་དགོན་པའི་རྒྱལ་སྒོའི་མདུན་དུ་གསལ་བསྒྲགས་བྱས་པའི་ནང་ཡུལ་སྐོར་སྤྲོ་འཆམ་ལ་ཕེབས་མཁན་དང་དད་ལྡན་པ་ཡོངས་ནས་ཡིད་གཟབ་གནང་དགོས་དོན་ལ་དགོན་པ་སྒོ་བརྒྱབ་ཡོད་པས་གནས་སྐབས་རིང་མཆོད་མཇལ་ལ་མ་ཕེབས་རོགས་ཞེས་བཀོད་འདུག གཞི་རྩའི་ཕྱི་ལོ་  ༢༠༢༠  ལོ་ནས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་ལ་ཁ་གཡར་ཏེ་སོ་ནམ་བོད་ཀྱི་ལོ་གསར་གོང་ལ་གདན་ས་གསུམ་གཙོ་བོར་གྱུར་པའི་བོད་ཀྱི་ས་ཁུལ་ཁག་ཏུ་མཆོད་མཇལ་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་འདུ་འཛོམས་རིགས་བཀག་སྡོམ་བྱས་དང་བྱེད་མུས་ཡིན་པ་རེད།

ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་བོད་རིག་པའི་དཔྱད་དེབ་དབུ་འབྱེད།

དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་དང་ཕྱེད་ཀའི་སྟེང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ཞིབ་འཇུག་སློབ་མའི་ཆེད་རྩོམ་གནང་བའི་བོད་རིག་པའི་དཔྱད་དེབ་ཅིག་དབུ་འབྱེད་གནང་སྟེ། འབྲེལ་ཡོད་ཀྱི་ཆེད་མཁས་བའི་བོད་རིག་པའི་དཔྱད་དེབ་དང་རིག་གཅིག་རྐང་འཛིན་སོགས་ཀྱིི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སོང་། བོད་རིག་པའི་དཔྱད་དེབ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོར་ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་དང་། དམིགས་བསལ་སྐུ་མགྲོན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱི་གཙོ་བྱས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་ཡོངས་དང་། སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་ཡོངས་ཀྱིས་མཉམ་ཞུགས་གནང་སོང་། སྐབས་དེར་བོད་རིག་པའི་དཔྱད་དེབ་ཀྱི་རྩོམ་སྒྲིག་པ། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་ཀྱི་སློབ་དཔོན་བགྲས་བ་གཙང་ཕྲུག་སྟོབས་ལགས་ཀྱིས་དཔྱད་དེབ་རྩོམ་སྒྲིག་གི་དགོས་དམིགས་དང་འབྲེལ་ནས་གཏམ་བཤད་གནང་སྟེ། རིག་གཞུང་དཔྱད་དེབ་ཁག་ནི་མཐོ་སློབ་ཁག་གི་ཚབ་མཚོན་ལྟ་བུ་ཆགས་ཡོད་པ་དང་། དཔྱད་དེབ་དེ་དག་ནི་མཐོ་རིམ་མི་སྣས་རིག་པའི་གཞུང་ལུགས་ལ་དཔྱད་ཞིབ་བྱས་པའི་གྲུབ་དོན་སྤུང་ས་ཞིག་ཡིན་པར་བརྟེན། ཚིག་ཉུང་དོན་བསྡུས་ཀྱིས་རིག་ཚན་བྱེ་བྲག་པར་ཞིབ་འཇུག་བྱས་ཏེ་དཔྱད་དེབ་འདོན་སྤེལ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་ནའང་། རང་རེའི་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་དུ་རིག་གཞུང་དཔྱད་དེབ་མང་པོ་མེད་པའི་ཁྲོད་ནས་གཅིག་ཐེངས་འདིར་ས་རཱ་མཐོ་སློབ་ཀྱི་བོད་རིག་པའི་དཔྱད་དེབ་དེ་ཆགས་ཡོད་པར་གསུངས་སོང་། དེ་བཞིན་སྐབས་དེར། ས་རཱ་མཐོ་སློབ་ཀྱི་སྐད་བརྡ་རིག་པའི་གཙུག་ལག་སློབ་དཔོན། སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་ཀྱིས་རིགས་གཅིག་རྐང་འཛིན་གྱི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སྟེ། ཁོང་གིས་རིགས་གཅིག་རྐང་འཛིན་ཟེར་བ་དེར་བོད་པའི་སྤྱི་ཚོགས་ནང་དུ་དབྱིན་ཡིག་གི་ཚིག་འགྲེལ་དང་འབྲེལ་ནས་འགྲེལ་བཤད་གནང་མཁན་མང་པོ་ཞིག་ཡོང་གི་ཡོད་ཀྱང་། དོན་དུ་རིག་ཚན་བྱེ་བྲག་པ་ཞིག་གི་སྒང་ལ་མཐའ་དཔྱོད་རིག་པ་དང་སྦྱར་ནས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་ཕྱི་ནང་གི་གནས་ཚུལ་ཇི་བཞིན་རྟོགས་པའི་སློབ་སྦྱོང་གི་རིམ་པ་དེ་ལ་རིགས་གཅིག་རྐང་འཛིན་ཞུ་བཞིན་ཡོད་པར་ངོ་སྤྲོད་ཀྱིས། ད་ཆ་རྒྱ་ནག་གིས་བོད་ནང་གི་སློབ་སྦྱོང་གི་ཁོར་ཡུག་ལ་གཏོར་བཅོམ་བཏང་སྟེ་བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་བཞིན་པའི་གནས་སྐབས་འདིར། བཙན་བྱོལ་ནང་གི་ཤེས་ཡོན་གྱི་སྡེ་ཚན་ཁག་གིས་བོད་ཀྱི་ཆོས་རིག་རྒྱུན་འཛིན་གནང་སྟེ་བོད་ཕྱི་རབས་པ་རྣམས་ལ་རྩིས་སྤྲོད་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པར་གསུངས་སོང་། དེ་བཞིན་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་ཐོག་རྒྱ་ནག་གི་ལྟ་སྟངས་ཞེས་པའི་སྐོར་ལ་གཏམ་བཤད་གནང་བའི་ནང་དུ། རྒྱ་ནག་གིས་བོད་ཙམ་མིན་པར། ཤར་ཨེ་ཤ་ཡའི་ཁུལ་གྱི་རིག་གཞུང་གི་ལྟེ་བ་དེ་རྒྱ་ནག་ཡིན་པར་འགྲེལ་བརྗོད་བྱེད་བཞིན་པ་ཞིག་ཡིན་པར་མ་ཟད། བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ཚང་མ་རྒྱ་ནག་གི་རིག་གཞུང་གི་སྒྲོམ་གཞི་ལས་དར་ཁྱབ་བྱུང་བ་ཞིག་ཡིན་པའི་འགྲེལ་ལོག་བྱེད་བཞིན་ཡོད་པ་དང་འབྲེལ་ནས། རྒྱ་སྐད་རྒྱ་ཡིག་གཅིག་པོའི་ཐོག་ནས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ན། རྒྱ་ནག་གི་ལོག་འགྲེལ་གྱི་ཁྲོད་ནས་བོད་ཀྱི་ཆོས་རིག་ཀྱང་རྒྱ་ནག་གི་རིག་གཞུང་གི་ཁོངས་སུ་གཏོགས་པ་ཞིག་ཡིན་པར་ངོས་འཛིན་བྱེད་རྒྱུ་ཉག་གཅིག་ཡིན་པར་གསུངས་སོང་། གཞི་རྩའི་ཐེངས་འདིའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་བོད་རིག་པའི་དཔྱད་དེབ་དེ་ནི་མཐོ་རིམ་སློབ་གཉེར་ཁང་གི་བོད་རིག་པའི་དཔྱད་དེབ་ཐེངས་དང་པོ་དེ་ཆགས་ཡོད་པ་དང་། དཔྱད་དེར་ཞིབ་འཇུག་གི་རྩོམ་ཡིག་བཅུ་གཉིས་ཀྱིས་གྲུབ་ཡོད་པ་དང་། བརྗོད་བྱའི་ཆ་ནས་ཀྱང་མང་ཆེ་བ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔྱད་རྩོམ་རྐྱང་ཆགས་ཡོད་འདུག

ཨོ་རྩལ་ལས་རིམ་ཁྲོད་འགྲན་ཚོགས་ཐོག་གཞུང་འབྲེལ་མི་སྣ་མ་ཕེབས་པ་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་རྒྱང་སྲིང་གནང་མེད་པར་སྐྱོན་བརྗོད།

ཁ་སང་ཨ་རིའི་ Washington Post གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་ཡོངས་སུ་ཨོ་རྩལ་འགྲན་ཚོགས་ཐད་རྒྱང་བསྲིང་བྱ་རྒྱུའི་བདག་དབང་ཆ་ཚང་ཡོད་པའི་ NBC ཨེན་བི་སི་རྒྱལ་ཡོངས་རྒྱང་སྲིང་ཁང་གིས་ད་ལྟ་རྒྱ་ནག་ཏུ་འཚོགས་བཞིན་པའི་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྒོ་འབྱེད་མཛད་སྒོ་ཐོག་ཨ་རི་གཙོས་ཁེ་ན་ཌ་དང་ཨིན་ཡུལ། དེ་བཞིན་ཨོ་སི་ཊོ་ལི་ཡ་སོགས་རྒྱལ་ཁབ་ཁག་གི་གཞུང་འབྲེལ་སྐུ་ཚབ་མི་སྣ་ཆེད་ཕེབས་གནང་མེད་སྐོར་གྱི་གནད་དོན་གཙོས་རྒྱ་ནག་གཞུང་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནད་དོན་དང་འབྲེལ་ནས་ཨ་རི་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པས་ཡུ་གུར་ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་གནད་དོན་ཐེར་འདོན་གནང་བ་བཅས་ཀྱི་སྐོར་རྒྱང་སྲིང་གནང་མེད་པར་སྐྱོན་བརྗོད་དང་སྦྲགས། མང་ཚོགས་ཁྲོད་ནས་དོགས་དྲི་ཆེ་ཤོས་ཀྱང་དེ་ཡིན་པར་བཤད་འདུགNBC རྒྱལ་ཡོངས་རླུང་འཕྲིན་ལས་ཁུངས་ཀྱིས་ཨོ་རྩལ་ལྷན་ཚོགས་ལ་ཨ་སྒོར་ཐེར་འབུམ་མང་པོ་སྤྲད་ནས་ཨོ་རྩལ་ཐད་སྲིང་བྱ་རྒྱུའི་བདག་དབང་ཉོས་ཡོད་ཀྱང་། ཨོ་རྩལ་གྱི་ལས་རིམ་ཁག་རྒྱང་སྲིང་ཞུས་པའི་ཁྲོད་རྒྱ་ནག་ནང་འཕྲད་བཞིན་པའི་དཀའ་ངལ་དང་དངོས་ཡོད་གནས་ཚུལ་རྣམས་རྒྱང་སྲིང་གནང་ཐུབ་མེད་པར་འགྲེལ་བརྗོད་དང་སྦྲགས་ཏེ། ཨོ་རྩལ་སྒོ་འབྱེད་ཀྱི་མཛད་སྒོའི་སྐབས་ལས་རིམ་རྒྱང་སྲིང་ཞུ་མཁན་ Tirico ཡིས་ཨ་རིས་གཙོས་པའི་རྒྱལ་ཁབ་ཁག་ཅིག་གི་གཞུང་འབྲེལ་མི་སྣ་མཉམ་ཞུགས་གནང་གི་མེད་པའི་སྐོར་གླེང་ཙམ་བྱས་པ་མ་གཏོགས་དེ་རྗེས་ Tirico གཙོས་ལས་རིམ་རྒྱང་སྲིང་གནང་མཁན་གཞན་སུས་ཀྱང་ཨོ་རྩལ་འགྲན་ཚོགས་ཐོག་རྒྱལ་ཁབ་ཁག་གི་གཞུང་འབྲེལ་སྐུ་ཚབ་མི་སྣ་ཆེད་ཕེབས་མ་གནང་བའི་སྐོར་ལྟ་ཅི། རྩེད་འགྲན་འཚོགས་ལ་ཉེ་བའི་སྐབས་རྒྱ་གར་ནས་ཀྱང་གཞུང་འབྲེལ་མི་སྣ་ཆེད་གཏོང་གནང་རྒྱུ་མིན་སྐོར་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་ནང་གཉའ་གནོན་དང་ཤིན་ཅང་མང་ཚོགས་ཐོག་གཉའ་གནོན་དང་མི་རིགས་རྩ་གཏོར་གྱི་སྲིད་བྱུས་སྤེལ་བཞིན་པའི་སྐོར། ཧོང་ཀོང་དང་ཐེ་ཝན་གྱི་གནད་དོན། དེ་བཞིན་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་སྐོར་རྒྱལ་སྤྱིའི་རྩེད་ཞིབ་བྱེད་བཞིན་པ་མ་ཟད་ཨོ་རྩལ་ཐོག་རྩེ་འགྲན་པར་ལྟ་སྲུང་དང་ཆབ་སྲིད་གྱི་གནད་དོན་སྐོར་གླེང་སློང་བྱ་རྒྱུ་མེད་པའི་སྡིགས་ར་སྐུལ་བ་སོགས་ཀྱི་སྐོར་ལ་ཚིག་གཅིག་ཀྱང་བཤད་མེད་པར་སྐྱོན་བརྗོད་གནང་འདུག རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ཀྱིས་དེ་སྔ་ཨོ་རྩལ་གོ་སྒྲིག་གནང་ཟིན་པའི་རྒྱལ་ཁབ་ཅིག་ལ་སླར་གོ་སྐབས་གནང་བའི་རྒྱུ་མཚན་གང་ཡིན་པ་སོགས་རྒྱང་སྲིང་གནང་མེད་པར་སྐྱོན་བརྗོད་གནང་ཡོད། ད་ལྟའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་དེ་ལོ་རྒྱུས་ཁྲོད་ཀྱི་རྩོད་རྙོག་ཆེ་ཤོས་དང་ཆབ་སྲིད་ཀྱི་སྐྱོན་བརྗོད་ཤུགས་ཆེ་ཤོས་ཡོད་པའི་རྩེ་འགྲན་ཞིག་ཡིན་པ་མ་ཟད། དེ་སྔ་ ༢༠༠༨ ལོ་དང་བསྡུར་ན་གནས་སྟངས་ཛ་དྲག་པ་ཡོད་པའི་དབང་གིས་དེའི་སྐོར་ལ་གླེང་སློང་རྩ་བ་ནས་མ་གནང་བར་ཧང་སར་བའི་གནད་དོན་ཞིག་རེད་ཅེས་གསུངས་འདུགWashington Post བརྒྱུད་ལམ་གྱིས་ NBC བརྒྱུད་ལམ་གྱི་མགྲིན་ཚབ་པ་ Chris McCloskey ལ་བཅར་འདྲི་ཞུས་pr ཁོང་གིས་བརྒྱུད་ལམ་གྱི་རྒྱང་སྲིང་ཁྲོད་ Diplomatic Boycott དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར། དེ་བཞིན་དེ་སྔ་ Peng Shuai གྱི་གནད་དོན་སྐོར་སོགས་སེམས་འཚབ་ཡོད་པའི་སྐོར་ལ་དེ་སྔའི་ལས་རིམ་ཁྲོད་ཐེངས་གཅིག་གླེང་བྱས་ཡོད་པ་ལུང་འདྲེན་གྱིས་བརྒྱུད་ལམ་དེའི་ངོས་ནས་གནད་དོན་དེ་དག་ཐོག་གཞི་རྒྱ་ཆེན་པོའི་ཐོག་ནས་རྒྱང་སྲིང་ཞུས་ཡོད་ལུགས་བཤད་ཡོད་པ་དེ་ལྟར་ཡང་། ཨ་རིའི་ NBC རྒྱལ་ཡོངས་རྒྱང་སྲིང་ཁང་ནས་རྒྱ་ནག་གཞུང་གི་དངོས་ཡོད་གནས་ཚུལ་དང་ལྷག་པར་དུ་གསར་འགྱུར་དང་འབྲེལ་བའི་ཨོ་ལམ་པིཀ་གནས་ཚུལ་མང་པོ་ཞིག་མཁོ་སྒྲུབ་གནང་མེད་པར་མངོན་གསལ་གནང་འདུག

རེས་གཟའ་མིག་དམར། ༢༠༢༢།༠༢།༡༥

ཉན་པ།: Listen ཕབ་ལེན། Download རྒྱལ་སྤྱིས་དུས་ཀུན་ཏུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ལ་ཐུགས་སྣང་གནང་དགོས། རྒྱ་གཞུང་གིས་བརྙན་འཕྲིན་ལེ་ཚན་གྲགས་ཅན་ཞིག་ནས་མོའི་མཚན་མཐུན་གྱི་འཁྲབ་སྟོན་ལ་དམ་དྲག རྒྱ་ནག་གིས་ཤིན་ཅང་ནང་དུ་དབྱེ་འབྱེད་ཀྱི་ངལ་རྩོལ་སྲིད་བྱུས་ལག་བསྟར་གྱི་སྙན་ཐོ་གསར་ཐོན། རེ་བ་དང་གདོང་ལེན་ཚོགས་པས་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་གསལ་བསྒྲགས། ཀོ་ལི་གྷལདོན་ལྡན་གླིང་གི་ལྷ་མོའི་རུ་ཁག་སྐོར། Tuesday 15/02/2022 As the Olympics heat up, China clamps down on dissent Speed skating spat at Olympics stokes anti-China hostility in South Korea China censors lesbian plotline in 'Friends' China's labour policies in Xinjiang are discriminatory, says ILO body Metta Hope and Challenge announces PHD and Engineering scholarships Special feature on Kollegal Dhondenling Tibetan Opera Group

རེ་བ་དང་གདོང་ལེན་ཚོགས་པས་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་གསལ་བསྒྲགས་གནང་བ།

བལ་ཡུལ་གྱི་རྒྱལ་ས་ Kathmandu ནང་དུ་བོད་མི་གཙོས་ས་གནས་ཡུལ་མི་ཉམ་ཐག་དང་དགོས་ངེས་ཅན་ཚོར་རོགས་སྐྱོར་དང་སྨྱོ་རྫས་དང་ཆང་རག་སོགས་ངན་གོམས་ཐེབས་པའི་གཞོན་སྐྱེས་ལ་སློབ་གསོ་དང་མདུན་ལམ་གྱི་ལམ་སྟོན་གནང་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ Hope and Challenge རེ་བ་དང་གདོང་ལེན་ཚོགས་པས་བོད་ཕྲུག་སློབ་མ་ཚོར་ཆེད་དམིགས་ཀྱིས་རིགས་གཅིག་རྐང་འཛིན་གྱི་སློབ་ཡོན་གསལ་བསྒྲགས་གནང་འདུགརིགས་གཅིག་རྐང་འཛིན་གྱི་སློབ་ཡོན་གསལ་བསྒྲགས་དེ་དང་འབྲེལ་རེ་བ་དང་གདོང་ལེན་ཚོགས་པ་གསར་འཛུགས་གནང་མཁན་དང་དེའི་འགན་འཛིན་དགེ་བཤེས་བསོད་ནམས་དབང་ཆེན་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཁག་ཅིག་ཞུས་པར་ཁོང་གིས་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་སློབ་ཕྲུག་ཚོས་རིགས་གཅིག་རྐང་འཛིན་གྱི་སློབ་གཉེར་ལ་ཤུགས་བརྒྱབ་གལ་ཡིན་པའི་ལམ་སྟོན་བཀའ་སློབ་ཟབ་མོ་ཕེབས་དོན་ལྟར་འདས་པའི་ལོ་ཤས་ནས་བཟུང་སྟེ་རིགས་གཅིག་རྐང་འཛིན་ཐོག་སློབ་སྦྱོང་གནང་མཁན་གྱི་བོད་ཕྲུག་སློབ་མ་ཚོར་་སློབ་ཡོན་གནང་གི་ཡོད་སྐོར་གསུངས་ཡོད།ཐེངས་འདིའི་སློབ་ཡོན་ནི་འབུམ་རམས་པ་གཙོས་བཟོ་རིག་དང་གློག་ཀླད། ཁོར་ཡུག་དང་གྲངས་ཚིག དེ་བཞིན་འཕྲུལ་རིགས་སོགས་སློབ་ཚན་མི་འདྲ་བ་བཅུ་ལྷག་གི་ཐོག་རིགས་གཅིག་རྐང་འཛིན་སློབ་སྦྱོང་གནང་འདོད་ཡོད་མཁན་ཚོར་གནང་གཏན་འཁེལ་ཡོད་པ་དང་། སློབ་ཡོན་ནང་མཉམ་ཞུགས་གནང་བློ་ཡོད་མཁན་ཚོས་སྙན་ཞུ་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་ཚོགས་པའི་གློག་འཕྲིན་ཐོག་ཕུལ་ཟིན་དགོས་ཀྱི་འདུགརྩ་བའི་དགེ་བཤེས་བསོད་ནམས་དབང་ཆེན་ལགས་ཀྱིས་འགན་བཞེས་བཞིན་པའི་རེ་བ་དང་གདོང་ལེན་ཚོགས་པའི་ངོས་ནས་སློན་ཡོན་གྱི་ལས་གཞི་ཙམ་མ་ཟད་ས་གནས་སུ་༸རྒྱལ་ཡུམ་ཆེན་མོའི་མཚན་ཐོག་ལ་བདེ་སྐྱིད་ཚེ་རིང་ཁྱིམ་ཚང་ཞེས་པ་ཞིག་གསར་འཛུགས་གནང་སྟེ་ཕྲུ་གུ་ཉམ་ཐག་ལ་གཟིགས་རྟོག་དང་། བུ་ཕྲུག་མེད་པའི་ཕ་མ་རྒན་འཁོགས་བཞུགས་སའི་རྒས་གསོ་ཁང་གསར་བསྐྲུན་གནང་བ་སོགས་སྤྱི་ཚོགས་ལ་སྨན་པའི་ཞབས་ཞུའི་ལས་དོན་མང་དག་ཅིག་གཉེར་བཞིན་ཡོད་པ་དང་། ལྷག་པར་དུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་ཛ་དྲག་གནས་སྟངས་དང་འབྲེལ་ཏེ་ཕྱག་ལས་ཁག་ཅིག་གནང་མུས་ཡིན་པ་རེད།

རྒྱ་ནག་གིས་ཤིན་ཅང་ནང་དུ་དབྱེ་འབྱེད་ཀྱི་ངལ་རྩོལ་སྲིད་བྱུས་ལག་བསྟར་གྱི་སྙན་ཐོ་གསར་ཐོན།

སུད་སིའི་གྲོང་ཁྱེར་Geneva ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ངལ་རྩོལ་ཚོགས་པ་ཞིག་གིས་རྒྱ་ནག་གིས་ཤིན་ཅང་གི་ཁུལ་དུ་དབྱེ་འབྱེད་རང་བཞིན་གྱི་ངལ་རྩོལ་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཡོངས་གྲགས་ཀྱིས། རྒྱ་ནང་གཞུང་གིས་ཤིན་ཅང་ཁུལ་དུ་རྒྱལ་སྤྱིའི་ཚད་གཞི་ལྡན་པའི་ངལ་རྩོལ་ལག་བསྟར་བྱེད་དགོས་བར་སྐུལ་མ་གནང་བ་མ་ཟད། རྒྱ་ནག་གི་བྱེད་བབ་དེར་སེམས་འཚབ་ཡོད་པའིི་སྙན་ཐོ་ཞིག་ཕྱིར་བསྒྲགས་གནང་འདུག དེ་ཡང་བདུན་ཕྲག་སྔོན་མའི་ནང་དུ། Reuters གསར་ཁང་གིས་རྒྱལ་སྤྱིའི་ངལ་རྩོལ་ཚོགས་པས་རྒྱ་ནག་གིས་ཤིན་ཅང་ནང་དུ་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནས་ཚུལ་སྤེལ་བའི་ནང་དུ། ཡུ་གུར་ཁ་ཆེ་མི་རིགས་ཀྱི་འདུས་སྡོད་ས་ཁུལ་ཤིན་ཅང་དེ་ད་ཆ་ཨ་རི་དང་རྒྱ་ནག་གཉིས་དབར་གྱི་ས་ཁོངས་ཆབ་སྲིད་དང་འབྲེལ་ནས་བློ་འཚབ་བྱེད་ས་ཞིག་ཆགས་ཡོད་པར་ངོ་སྤྲོད་ཀྱིས། ཨ་རི་གཞུང་གིས་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པར་ཕྱིར་བསྒྲགས་བྱས་པ་མ་ཟད། གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ཀྱི་ཐོག་ཏུ་ཨ་རིའི་གཞུང་འབྲེལ་གྱི་སྐུ་ཚབ་མི་སྣ་གཏོང་རྒྱུ་མིན་པར་བསྒྲགས་ཡོད་མངོན་གསལ་གནང་འདུགངལ་རྩོལ་ཚོགས་པས་རྒྱ་ནག་གི་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་དང་འབྲེལ་བའི་སྙན་ཐོ་བཏོན་མ་ཐག ཨ་རི་གཞུང་གིས་ངལ་རྩོལ་ཚོགས་པའི་སྙན་ཐོ་དེར་དགའ་བསུ་ཞུས་པ་དང་འབྲེལ་ནས། རྒྱ་ནག་སྲིད་གཞུང་གིས་ཤིན་ཅང་གི་ཁུལ་དུ་མི་རིགས་དང་ཆོས་ལུགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་དེར་སྐྱོན་བརྗོད་བྱས་པ་མ་ཟད། རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་གྱི་སྲིད་བྱུས་ལག་བསྟར་གྱི་ཁྲིམས་སྒྲིག་ལ་བསྐྱར་ཞིབ་དགོས་བའི་སྐུལ་མ་གནང་འདུག རྒྱ་ནག་གི་དབྱེ་འབྱེད་ལྡན་པའི་སྲིད་བྱུས་ལག་བསྟར་གྱི་སྙན་ཐོ་དེའི་ནང་དུ། ཚོགས་པས་ངོས་ནས་རྒྱལ་སྤྱིའི་ཚོང་ལས་ལྷན་ཚོགས་ཆེ་ཁག་གིས་རྒྱ་ནག་གིས་ཤིན་ཅང་གི་ནང་དུ་གཞི་རྒྱ་ཆེ་ཞིང་ལམ་ལུགས་རང་བཞིན་ལྡན་པའི་ངལ་རྩོལ་བསྒྱུར་བཀོལ་གྱི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཁག་ལ་གཞི་བྱས་ནས་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཡོད་པར་བསྒྲགས་ཡོད་པ་མ་ཟད། རྒྱ་ནག་གི་བྱེད་བབ་དེ་དག་དང་འབྲེལ་ནས་འདི་ལོའི་ཟླ་བ་དྲུག་པའི་ནང་གི་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་གླེང་སློང་བྱེད་རྒྱུ་ཡིན་པར་བསྒྲགས་འདུག སྙན་ཐོ་དེ་ཕྱི་ལ་ཐོན་མ་ཐག རྒྱ་ནག་གིས་སྙན་ཐོ་དེ་ནི་དྲང་བདེན་མིན་ཞིང་ཆབ་སྲིད་ཀྱི་དམིགས་ཡུལ་ལྡན་པ་ཞིག་ཡིན་པའི་ལན་འདེབས་བྱས་འདུག གཞི་རྩའི་སུད་སི་གྲོང་ཁྱེར་Geneva ནང་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ངལ་རྩོལ་ཚོགས་པ་དེར་ཚོགས་མིའི་རྒྱལ་ཁོངས་སུ་རྒྱལ་སྤྱིའི་ངལ་རྩོལ་གྱི་ཚད་གཞིར་བརྟག་དཔྱད་བྱེད་མཁན་གྱི་གཟུ་དཔང་ཉི་ཤུའི་གྲུབ་པའི་ཚོགས་པ་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༡༩ ལོར་རྒྱ་ནག་ཀྱང་ངལ་རྩོལ་ཚོགས་པའི་ཚོགས་མིའི་རྒྱལ་ཁོངས་སུ་ཞུགས་ཡོད་པ་ཞིག་ཆགས་འདུག

རེས་གཟའ་ཟླ་བ། ༢༠༢༢།༠༢།༡༤

ཉན་པ།: Listen ཕབ་ལེན། Download བཞུགས་སྒར་དུ་བོད་རང་བཙན་གྱི་ཉིན་མོ་སྲུང་བརྩི་ཞུས་པ། རྒྱལ་ཚོགས་ཀྱི་མདུན་དུ་ངོ་རྒོལ་ལས་འགུལ་བརྒྱུད་བོད་རང་བཙན་ཉིན་མོ་སྲུང་བརྩི། རྒྱ་གར་གྱིས་སླར་རྒྱ་ནག་གི་མཉེན་ཆས་ ༥༤ བཀག་སྡོམ། འཇར་མན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་གསོ་དང་འབྲེལ་ཚོགས་འདུ་ཐོག་མ། ཨེན་བི་སི་རྒྱལ་ཡོངས་རྒྱང་སྲིང་ཁང་གིས་རྒྱ་ནག་གི་ཨོ་རྩལ་ལ་ལྟ་མཁན་ཉུང་དུ་ཕྱིན་པར་ངོས་ལེན། བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་གྲགས་ཅན་མི་སྣ་ངོ་སྤྲོད། ༸རྒྱལ་དབང་༸སྐུ་ཕྲེང་བཅུ་གསུམ་པའི་སྐོར། Monday 14/02/2022 Exile Tibetans celebrate historical Tibetan Independence Day Tibetans hold protest rally at UN office, Geneva India issues fresh order to ban another 54 Chinese apps German Parliamentary Group for Tibet convenes first meeting for the new legislative term NBC bosses admits 50% ratings drop for Beijing Winter Olympics Introduction to Tibetan historical figures: 13th Dalai Lama

བཞུགས་སྒར་དུ་བོད་རང་བཙན་གྱི་ཉིན་མོ་སྲུང་བརྩི།

དེ་རིང་སྔ་དྲོ་ཕྱག་ཚོད་བཅུ་དང་ཕྱེད་ཀའི་སྟེང་། བཞུགས་སྒར་བོད་ཀྱི་གསོལ་མགྲོན་ཁང་གི་ནང་དུ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཆུ་གླང་རྩ་ཚིག་གསལ་བསྒྲགས་བསྐྱངས་ནས་ལོ་བརྒྱ་དང་དགུ་འཁོར་བའི་ཉིན་མོ་དང་འབྲེལ་ནས། བོད་རང་བཙན་སླར་གསོའི་ཡོངས་ཁྱབ་གསལ་བསྒྲགས་དང་དེའི་ལོ་རྒྱུས་ཞེས་པའི་བརྗོད་གཞིའི་སྟེང་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་གནང་འདུགབོད་རང་བཙན་སློབ་ཕྲུག་ཚོགས་པས་གོ་སྒྲིག་ཞུས་པའི་དེ་རིང་གི་གཏམ་བཤད་ཀྱི་ལས་རིམ་དེའི་ཐོག བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཉམས་ཞིབ་ཁང་དང་པར་སྐྲུན་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིི་གཙོ་བྱས་པའི་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་དང་དང་བླང་དོན་གཉེར་བ་ཁག་ཅིག་གིས་མཉམ་ཞུགས་གནང་སོང་། སྐབས་དེར་རྒན་ན་ག་སངས་རྒྱས་བསྟར་དར་ལགས་ཀྱིས་ལོ་ངོ་བརྒྱ་དང་དགུ་ཡི་ཡར་སྔོན་གྱི་དེ་རིང་གི་ཉིན་མོ་འདིར། ༧གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཆུ་གླང་རྩ་ཚིག་ཆེན་མོ་དེ་ཡོངས་གྲགས་གནང་བའི་ཉིན་མོ་དེ་ཡིན་པར་ངོ་སྤྲོད་གནང་ཡོད་པར་གསུངས་སྟེ། བོད་ཕྱི་རབས་པ་རྣམས་ཀྱིས་ཆུ་གླང་རྩ་ཚིག་དེར་སློབ་སྦྱོང་བྱས་ནས་འགྲེལ་བརྗོད་བྱས་པའི་སྐབས་སུ། རྩ་ཚིག་དེར་བོད་རྒྱལ་ཁབ་དེ་རྒྱལ་ཁབ་སུ་ཞིག་གི་འོག་ཏུ་ཡང་མེད་པ་གསལ་བོར་བཀའ་གནང་ཡོད་པ་མ་ཟད། ནང་དོན་མདོར་བསྡུས་ནས་བརྗོད་ན། བོད་དེ་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་ཞུ་བཞིན་པར་གསུངས་སོང་། གཞན་ཡང་ཁོང་གིས་དེ་རིང་གི་ལས་རིམ་དེ་ཆབ་སྲིད་ཀྱི་ལས་འགུལ་ཞིག་ལ་དགོངས་སྲིད་ནའང་། དེ་རིང་གི་ཉིན་མོ་དེ་ནི་ཆབ་སྲིད་ལས་འགུལ་ཙམ་ཞིག་མིན་པར་བོད་ཀྱི་ལོ་རྒྱུས་ལ་དྲན་གསོའི་ཉིན་མོ་ཞིག་ཆགས་ཡོད་པར་ངོ་སྤྲོད་གནང་བ་མ་ཟད། བོད་ཀྱི་ལོ་རྒྱུས་སྨྲ་བ། རྩིས་དགོན་ཞ་སྒབ་པའི་ངོས་ནས་ཀྱང་དེ་རིང་གི་ཉིན་མོ་འདི་བོད་ཀྱི་རང་བཙན་གྱི་ཉིན་མོ་ཞིག་ཡིན་པར་འགྲེལ་བརྗོད་གནང་ཡོད་པར་ལུང་འདྲེན་གྱིས། བོད་མི་རྣམས་ཀྱིས་དགའ་སྤྲོའི་ངང་ནས་ཉིན་མོ་འདི་སྲུང་བརྩི་ཞུ་དགོས་པར་གསུངས་སོང་། དེ་བཞིན་ཁོང་གིས། ཆུ་གླང་རྩ་ཚིག་ཙམ་མིན་པར། དེང་སང་ཕྱི་ནང་གི་མཁས་བའི་ཁྲོད་ན་ཡང་རྒྱ་ནག་གི་གནའ་བོའི་ཡིག་ཚགས་ཁག་ལ་ཞིབ་འཇུག་མཐུལ་ཕྱིན་པ་གནང་སྟེ། བོད་འདི་རྒྱ་ནག་གི་རྒྱལ་ཁོངས་མིན་པའི་ཉམས་ཞིབ་རང་བཞིན་གྱི་ལོ་རྒྱུས་ཀྱི་དཔེ་དེབ་གསར་ཏུ་ཐོན་ཡོད་པ་མཇལ་རྒྱུ་ཡོད་པར་བསྒྲགས་ཏེ། རྒྱ་ནག་གིས་རྒྱུན་དུས་ནས་རྫུན་གཏམ་ཞིག་ཐེངས་བརྒྱར་བཤད་པ་ཡིན་ན་དེ་བདེན་པ་རུ་སྒྱུར་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། གནད་དོན་དེ་ནི་དབང་ཆ་དང་དཔལ་འབྱོར་གྱི་དབང་ཤུགས་སུ་སོང་བ་ཡིན་ན། བདེན་པ་ལ་རྒྱལ་ཁ་ཐོབ་ཐབས་མེད་པ་ཞིག་ཡིན་པར་ལུང་འདྲེན་གྱིས། སངྒཱ་པུར་དུ་གནས་སྡོད་ཀྱི་རྒྱ་རིགས་ལོ་རྒྱུས་སྨྲ་བ་ལིག་ཧན་ཁྲིན་ཟེར་བས་རྒྱ་ནག་གི་མིང་རྒྱལ་རབས་དང་ཆིངས་རྒྱལ་རབས་སོགས་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་གནང་སྟེ། བོད་དེ་གནའ་སྔ་མོ་ནས་རྒྱལ་ཁོངས་མིན་པ་མངོན་གསལ་ཡོད་པར་ཡང་བསྒྲགས་སོང་།རྩ་བའི་བོད་ཀྱི་ཆུ་གླང་རྩ་ཚིག་ཅེས་པ་དེ་ནི་ཕྱི་ལོ་ ༡༩༡༣ ལོར་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་གསལ་བསྒྲགས་བསྐྱངས་བ་ཞིག་ཡིན་ཞིང་། དེ་ནི་དོན་ཚན་ལྔ་ཡི་བདག་ཉིད་ཅན་ཞིག་ཡིན་པ་དང་། ནང་དོན་གཙོ་བོ་བོད་ནང་གི་དགོན་པ་གྲྭ་ཚང་གི་ལམ་སྲོལ་རྒྱུན་འཛིན་དང་འཛིན་སྐྱོང་གི་བྱེད་ལས། དེ་བཞིན་བོད་དེ་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། བོད་འབངས་རྣམས་ཀྱིས་རང་ས་རང་སྲུང་བྱེད་རྒྱུ་གལ་ཆེན་པོ་ཡིན་པ་སོགས་འཁོད་ཡོད་པ་རེད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ཕྱི་ལོ་ ༢༠༡༣ ནས་བཟུང་ཉིན་མོ་ལོ་ལྟར་འདི་བོད་རང་བཙན་གྱི་ཉིན་མོར་ངོས་འཛིན་གྱིས་བྱེད་སྒོ་སྣ་མང་གི་ཐོག་ནས་སྲུང་བརྩི་བྱེད་བཞིན་ཡོད་པ་རེད། གཞན་ཡང་ཉིན་མོ་འདི་དང་བསྟུན་ཁ་སང་ཕྱི་དྲོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཀྱང་རྒྱ་ནག་དང་བོད་རིག་པ་བ་སྐུ་ཞབས་ Claude Arpi ལགས་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་དང་རྩོམ་པ་པོ་ཐུབ་བསྟན་བསམ་འཕེལ་ལགས་བཅས་གདན་ཞུས་ཀྱིས་དྲ་ལམ་བརྒྱུད་གསུང་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་པའི་ཐོག་ནས་བོད་རང་བཙན་ཉིན་མོ་སྲུང་བརྩི་ཞུས་འདུག

Latest news