Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: October, 2022

རྒྱ་རིགས་ཚོང་པས་ལྷ་སའི་གནས་སྟངས་ལ་རྟོག་ཞིབ་དགོས་པའི་འབོད་སྐུལ་ཞུས་པ།

བོད་ཀྱི་རྒྱལ་ས་ལྷ་ས་ཡོངས་བཀག་སྡོམ་བྱས་ཏེ་ཉིན་གྲངས་ ༥༨ ཕྱིན་པའི་མཚམས་འདིར་རྒྱ་རིགས་ཚོང་པ་ Tang Yangchun ཞེས་པ་ཞིག་གིས་སྲིད་གཞུང་གིས་ནད་ཡམས་ཀླད་ཀོར་གྱི་སྲིད་བྱུས་འོག་མང་ཚོགས་ལ་བཀག་སྡོམ་དང་བརྟག་དཔྱད་རྫུན་མ་བྱས་དང་བྱེད་བཞིན་པར་མ་བཟོད་ནས་གསར་འགྱུར་ལས་ཁང་ཚོས་ལྷ་ས་ཁུལ་གྱི་གནས་སྟངས་ལ་རྟོག་ཞིབ་བྱེད་དགོས་པའི་ཞུ་སྐུལ་དང་གནས་སྟངས་འདི་མུ་མཐུད་ལྷག་ཚེ་རང་སྲོག་གཅད་རྒྱུའི་ཉེན་བརྡ་བཏང་འདུག འཕྲུལ་སྒྲ་ཐོག་ལོན་ཌོན་གཙུག་ལག་སློབ་གྲྭ་ཆེན་མོའི་ཤར་ཕྱོགས་དང་ཨ་ཕི་རི་ཀའི་ཞིབ་འཇུག་པ་དང་བོད་རིག་པའི་མཁས་དབང་ Robert Barnett ལགས་ཀྱིས་རྒྱ་རིགས་ཚོང་པ་ Tang Yangchun ཞེས་པས་ལྷ་སའི་སྲིད་གཞུང་ནས་ནད་ཡམས་སྟངས་འཛིན་བྱེད་ཕྱོགས་ཐད་སྐྱོན་འཛུགས་ཀྱིས་རང་སྲོག་གཅད་རྒྱུའི་ཉེན་བརྡ་བཏང་ཡོད་པའི་གནད་དོན་སྐོར་བརྙན་པར་ཞིག་བཞག་འདུག་ཅིང་། བརྙན་ནང་ཚོང་པ་དེས་ཁོ་པའི་ནང་མི་རྣམས་དུས་ཚོད་གཅིག་ལ་གཉན་རིམས་ཕོག་ཡོད་མེད་བརྟག་དཔྱད་བྱེད་ས་མི་འདྲ་བ་ལས་གྲུབ་འབྲས་མི་འདྲ་བར་ཐོན་སྟབས་དེ་ལྟར་ཡོང་དགོས་དོན་གང་ཡིན་ནམ་ཞེས་ཀྱི་དྲིས་ཡོད་པར་མ་ཟད། སྲིད་གཞུང་གི་ངོས་ནས་ནད་ཡམས་ཀྱི་འབྱུང་རྐྱེན་གང་ཡིན་མིན་གང་མགྱོགས་རྩད་གཅོད་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དོན་མེད་གོ་ལོག་དང་ཏོག་དབྱིབས་ཀྱི་གྲུབ་འབྲས་རྫུན་མ་དེར་ཆ་འཇོག་བྱས་ནས་མང་ཚོགས་རྣམས་དྲུད་དེ་སྤྱི་སྤྱོད་རླངས་འཁོར་ནང་བརྒྱངས་ཏེ་འགོག་དབྱེ་ཟུར་འཇོག་ཁང་དུ་འཇོག་མཚམས་དགོས་པ་བཤད་འདུག དེ་བཞིན་ཁོ་པས་ལྷ་ས་ནང་གི་གནས་སྟངས་མུ་མཐུད་འདི་ལྟ་བུ་ལྷག་ཚེ་རང་སྲོག་གཅད་རྒྱུ་ཡིན་སྐོར་བཤད་འདུག་པར་མ་ཟད་ལྷག་དོན་ལྷ་ས་ནང་གི་གནས་སྟངས་ཁྲོད་འདིར་མང་ཚོགས་དུ་མས་དཀའ་སྡུག་སྙན་སེང་ཞུ་ཐུབ་རྒྱུ་དཀའ་བ་གྱུར་ཡོད་པ་བཤད་འདུག སྐར་མ་ ༦ ཅན་གྱི་བརྙན་དེ་ཁ་སང་ཆུ་ཚོད་ཁ་ཤས་རྗེས་ནས་ནག་བསུབ་བཏང་ཡོད་ཀྱང་བརྙན་དེར་གཟིགས་མཁན་ཧ་ཅང་མང་པོ་བྱུང་འདུག གཞི་རྩའི་ཁོ་པ་ནི་ཚོང་པ་ཞིག་དང་རྒྱལ་ཞེན་དང་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་འདུག་པ་དང་། ཚོང་པ་དེས་དངོས་གནས་བློ་ཁོག་ཆེན་པོའི་ཐོག་ནས་ལྷ་ས་ནང་གི་གནས་སྟངས་སྐོར་དང་ནད་ཡམས་ཀྱི་སྲིད་བྱུས་ལ་ཁག་དཀྲི་བྱས་ཏེ་མང་ཚོགས་རྣམས་ཚོད་མེད་བཀག་སྡོམ་འོག་སྨན་གྱི་མཐུན་རྐྱེན་སོགས་མ་རག་པའི་དཀའ་སྡུག་མྱོང་བཞིན་པའི་གནད་དོན་བཤད་ཡོད། བོད་ནང་གཉན་རིམས་ཀླད་ཀོར་ཞེས་པའི་སྲིད་བྱུས་འོག་ལྷ་ས་ནང་བོད་མི་མང་དག་ཅིག་ལ་ཞལ་ལག་འདང་ངེས་མེད་པའི་ཁར་ཕྱི་ལོགས་ལ་ཟས་རིན་ཧ་ཅང་འཕར་བའི་དཀའ་ངལ་འཕྲད་ཡོད།  ཆབས་ཅིག་འཕྲུལ་སྒྲ་ཐོག་ཏུ་ད་ཆ་ལྷ་ས་ནང་ནད་ཡམས་ཀྱི་ཉེན་ཚབས་ཆུང་བའི་ས་ཚིགས་ཀྱི་མང་ཚོགས་རྣམས་རང་ཁྱིམ་ནས་ཕྱིར་ཐོན་ཆོག་ཀྱང་རང་ཉིད་སོ་སོའི་ས་ཚིགས་ནས་ཕྱིན་ཐོན་ཆོག་གི་མེད་པར་མ་ཟད་ཕྱི་ཕྱོགས་ནས་དངོས་ཟོག་ཉོས་པ་རྣམས་བཞི་མདོ་ནས་ལེན་ཆོག་གི་ཡོད་པའི་གནས་ཚུལ་བཀོད་འདུག

གླིང་རིན་པོ་ཆེ་དབུ་བཞུགས་ཐོག་སོག་པོ་གཞུང་ལ་༸རྒྱལ་བའི་བཀའ་འགྱུར་པར་བསྐྲུན་གྱིས་ཕྱག་རྟགས་ཕུལ་བ།

༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སོག་ཡུལ་དུ་གདན་ཞུས་ཀྱིས་རྒྱ་གར་གཞུང་གིས་སོག་ཡུག་མི་མང་རྣམས་ལ་སོག་སྐད་དུ་བཞུགས་པའི་༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པོ་ཏི་ ༡༠༨ པར་བསྐྲུན་གྱིས་ཕྱག་རྟགས་སུ་ཕུལ་འདུག རྒྱ་གར་དབུས་གཞུང་རིག་གཞུང་བློན་ཆེན་ལས་ཁུངས་དང་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས། དེ་བཞིན་སོག་ཡུལ་དུ་རྟེན་གཞི་བྱས་པའི་དགའ་ལྡན་དགོན་པ་བཅས་ཐུན་མོང་གིས་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་ཏེ་རིན་པོ་ཆེ་མཆོག་ཟླ་ ༡༠ ཚེས་ ༧ ཉིན་སོག་ཡུལ་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་དེ་ཁ་སང་ཚེས་ ༩ ཉིན་རྒྱལ་ས་ཨུ་ལན་བྷ་དྷོར་ནང་རྟེན་གཞི་བྱས་པའི་དགའ་ལྡན་དགོན་པའི་ཚོགས་ཁང་དུ་རྒྱ་གར་གཞུང་གིས་སོག་ཡུག་མི་མང་རྣམས་ལ་སོག་སྐད་དུ་བཞུགས་པའི་༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་པོ་ཏི་ ༡༠༨ ཆ་ཚང་ཚར་ ༥༠ ཐམ་པ་པར་བསྐྲུན་གྱིས་ཕྱག་རྟགས་སུ་འབུལ་ལམ་གྱི་མཛད་སྒོར་དབུ་བཞུགས་མཛད་འདུག༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གི་ཕྱག་མཛོད་བསྟན་འཛིན་མཁྱེན་བརྩེ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། མཛད་སྒོ་ཐོག་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་པའི་སོག་ཡུལ་ནང་པ་ཡོངས་ཀྱི་དབུ་ཁྲིད་མཁན་པོ་ Nomun Khan མཆོག དེ་བཞིན་སོག་པོའི་ཤེས་རིག་བློན་ཆེན་མཆོག རིག་གཞུང་བློན་ཆེན་གཞོན་པ། དེ་མིན་རྒྱ་གར་གཞུང་ཚབ་པ་སོགས་རྒྱ་གར་དང་སོག་པོའི་གནད་ཡོད་མི་སྣ་ཁག་གཅིག་ཆེད་ཕེབས་གནང་འདུགཐེངས་འདིའི་མཛད་འཆར་ཁྲོད་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་ཟླ་བ་འདིའི་ཚེས་ ༧ ཉིན་ལོ་རྒྱུས་རང་བཞིན་ལྡན་པའི་དགའ་ལྡན་དགོན་པའི་ནང་རྒྱ་གར་གཞུང་ཚབ་ཁང་དང་དགའ་ལྡན་དགོན་པའི་གོ་སྒྲིག་འོག་རྒྱ་གར་དང་སོག་པོའི་གནད་ཡོད་མི་སྣ་གཙོས་རྒྱ་གར་དབུས་རིག་གཞུང་ལྷན་ཁང་གི་འཛིན་སྐྱོང་གནང་བའི་ལྡི་ལི་ Indra Gandhi རྒྱལ་ཡོངས་མཐོ་སློབ་དང་སོག་ཡུལ་མཐོ་རིམ་སློབ་གྲྭ་ཁག་བཞི་ལྷན་གྲོས་མཐུན་ཡིག་ཆར་ཕན་ཚུན་མཚན་རྟགས་བཀོད་པའི་མཛད་སྒོར་དབུ་བཞུགས་མཛད་པ་དང་། དེ་བཞིན་དགའ་ལྡན་དགོན་པར་སྒྲོལ་དཀར་ཚེ་དབང་དང་དཔལ་ལྡན་ལྷ་མོའི་བཀའ་དབང་སྩལ་བ། སོག་ཡུལ་གྱི་མཐོ་སློབ་དང་དགོན་སྡེ་ཁག དེ་བཞིན་ཆོས་ཚོགས་ཁག་བཅས་སུ་ཆིབས་བསྒྱུར་མཛད་རྒྱུ་རེད་འདུག མཛད་འཆར་ལ་གཞིགས་ན། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་སོག་ཡུལ་ནང་ཟླ་བ་འདིའི་ཚེས་ ༧ ནས་ ༡༢ བར་ཉིན་གྲངས་དྲུག་རིང་བཞུགས་བཞག་མཛད་ཀྱི་འདུག སོག་ཡིག་ནང་ཡོད་པའི་༸རྒྱལ་བའི་བཀའ་འགྱུར་རིན་པོ་དེ་བོད་ཡིག་ནས་སོག་སྐད་དུ་ཕབ་བསྒྱུར་ཞུས་ཡོད་པ་དང་། སོག་ཡུལ་གྱི་ལུགས་སྲོལ་ལྟར་བཀའ་འགྱུར་ཆ་ཚང་རེ་སོག་ཡུལ་གྱི་དགོན་སྡེ་ཚང་མའི་ནང་རྟེན་དུ་བཞུགས་ཡོད་ཀྱང་། སོག་ཡུལ་དུ་དམར་ཤོག་གིས་དབང་བསྒྱུར་བྱས་པར་བརྟེན་སྐབས་དེའི་བཀའ་འགྱུར་སོགས་ཀྱི་ཤིང་པར་རྣམས་མེར་བསྲེགས་དང་རྩ་ཆེའི་དཔེ་ཆ་ཡོངས་རྫོགས་དགོན་པ་ནས་རྩ་མེད་བཏང་ཡོད་པ་རེད། རྒྱ་གར་གྱི་སྲིད་བློན་མོ་དི་མཆོག་གི་ཐུགས་དགོངས་དང་ལམ་སྟོན་འོག་རྒྱ་གར་དབུས་གཞུང་རིག་གཞུང་ལས་ཁུངས་དང་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཐུན་མོང་གིས་ཐུགས་འགན་བཞེས་ཏེ་སོག་ཡིག་གི་བཀའ་འགྱུར་པོ་ཏི་ ༡༠༨ ཆ་ཚང་ཕྲ་གཟུགས་སྦྱིན་ཤོག་ལས་བསྐྱར་དུ་པར་བསྐྲུན་ཞུས་ཏེ། བཀའ་འགྱུར་པར་ཕུད་ཐོག་མ་དེ་ཕྱི་ལོ་ ༢༠༢༠ ལོར་རྒྱ་གར་གྱི་སྲིད་འཛིན་མཆོག་ལ་ཕུལ་ཡོད་པ་དང་དེ་རྗེས་ ༢༠༢༡ ལོར་ཨུ་རུ་སུའི་མངའ་ཁོངས་ཀྱི་ནང་པའི་དགོན་སྡེ་དང་དཔེ་མཛོད་བཅས་ལ་པར་བསྐྲུན་གནང་ཡོད་ཅིང་། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་ཆིབས་བསྒྱུར་གསོལ་འདེབས་ཇི་ལྟར་ཞུས་དོན་ལྟར་བཀའ་བཞེས་སྨིན་སྩལ་གྱིས་བོད་གངས་ཅན་པ་དང་སོག་པོའི་མི་མང་དབར་ལོ་རྒྱུས་ཐོག་ནས་ཐུན་མིན་གྱི་འབྲེལ་བ་དམ་ཟབ་ཡོད་པར་བཀའ་སྩལ་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་ཀྱི་ཚད་མཐོའི་ཕྱི་འབྲེལ་ལས་རིམ།

འཇར་མ་ནི་རྒྱལ་ཡོངས་གུ་ཡངས་ཆབ་སྲིད་ཚོགས་པའི་ཁྱབ་ཁོངས་སུ་གཏོགས་པ་ Friedrich Naumann Foundation for Freedom ཚོགས་པའི་གོ་སྒྲིག་འོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་ཕྱི་འབྲེལ་ལས་དོན་གནང་ཕྱོགས་དང་འབྲེལ་བའི་ཚད་མཐོའི་ལས་རིམ་ཞིག་གནང་གི་ཡོད་པ་ལྟར་ཡུ་རོབ་རྒྱལ་ཁབ་འཇར་མ་ནི་དང་སྦེལ་ཇམ་གཉིས་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག ཐེངས་འདིའི་ལས་རིམ་ཐོག་འཇར་མན་རོགས་ཚོགས་ Friedrich Naumann Foundation གོ་སྒྲིག་ཞུས་པའི་ཚད་མཐོའི་ཕྱི་འབྲེལ་ལས་རིམ་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་ཕྱི་འབྲེལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས། སྤྱི་འཐུས་དབྲ་ཙ་བསོད་ནམས་ནོར་བུ་ལགས། སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས། དེ་བཞིན་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དང། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཚབ་བསྟན་འཛིན་ལེགས་གྲུབ་ལགས་བཅས་ལྷན་ཞུགས་གནང་འདུག ལས་རིམ་དེའི་ཐོག་ Friedrich Naumann Foundation ཚོགས་པའི་ངོས་ནས་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པར་འཇར་མི་ནི་དང་སྦེལ་ཇམ་ཁུལ་གྱི་ཆབ་སྲིད་མི་སྣ་དང། རྒྱལ་སྤྱིའི་ཆབ་སྲིད་ལྟེ་གནས་ཁང་། རྒྱ་ནག་ཐོག་ཉམས་ཞིབ་གནང་མཁན་མི་སྣ་དང་མཇལ་མོལ་གནང་རྒྱུ། ཡོ་རོབ་མཐུན་ཚོགས་ཀྱི་སྒྲོམ་གཞི་དང་ལས་དོན་ལ་རྒྱུས་ལོན། དེ་བཞིན་ཕྱི་འབྲེལ་ལས་དོན་གནང་ཕྱོགས་དང་བོད་དོན་ཞུ་གཏུག་གནང་ཕྱོགས་སོགས་ཀྱི་ལས་རིམ་མང་དག་ཅིག་འདུག ལྷག་པར་དུ་ལས་རིམ་དེའི་ཁྲོད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཕྱི་འབྲེལ་བཀའ་བློན། དེ་བཞིན་བོད་མི་མང་སྤྱི་འཐུས་རྣམ་པ་ཚོས་ཡུ་རོབ་རྒྱལ་ཁབ་འཇར་མ་ནི་ནང་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཏེ་ཁ་སང་ཁུལ་དེའི་ Bavaria མངའ་སྡེའི་གྲོས་ཚོགས་ཀྱི་ལས་ཐོག་ཚོགས་གཞོན་ Dr. Wolfgang Heubisch མཆོག་དང་མཇལ་མོལ་གནང་བར་མ་ཟད་ས་གནས་བོད་རིགས་ཚོགས་པའི་མང་ཚོགས་རྣམས་ལ་མཇལ་འཕྲད་གནང་འདུག གཞི་རྩའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་ཕྱི་འབྲེལ་ལས་རིམ་དེ་ཟླ་ ༡༠ ཚེས་ ༡༠ ནས་ ༡༥ བར་འཇར་མན་གྲོང་ཁྱེར་མུ་ནིག་དང་སྦར་ལན་ཌི། དེ་བཞིན་ཧྥ་རན་ཕོཌ། སྦེལ་ཇམ་གྲོང་ཁྱེར་སྦར་སིལ་ནང་གནང་གི་ཡོད་པ་རེད།

ཤེས་རིག་བཀའ་བློན་མཆོག་གིས་ཡོ་རོབ་ནང་ཆེས་ཐོག་མ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།  

བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བཀའ་བློན་གྱི་ཐུགས་འགན་བཞེས་རྗེས་ཡོ་རོབ་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་ཆེས་ཐོག་མ་དེ་ཕ་རན་སི་དང་སྦེལ་ཇམ་རྒྱལ་ཁབ་ནང་གནང་ཡོད།ཤེས་བཀའ་བློན་མཆོག་གི་ཐེངས་འདིའི་ཡོ་རོབ་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་ལས་རིམ་གཙོ་བོ་གཅིག་ནི་ད་བར་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭ་ཁག་གིས་གཙོས་པའི་རྒྱ་བལ་འབྲུག་གསུམ་ཁུལ་གྱི་བཙན་བྱོལ་བོད་ཕྲུག་ཚོའི་ཤེས་ཡོན་དང་སྤྱི་ཚོགས་ཀྱི་བདེ་དོན་གྱི་ལས་གཞི་ཐོག་དཔལ་འབྱོར་གྱི་རོགས་སྐྱོར་ཆེན་པོ་གནང་མཁན་ Aide à l’enfance tibétaine ( A-E-T ) ཚོགས་པ་དབུ་བརྙེས་ནས་མི་ལོ་ ༤༠ འཁོར་བའི་དུས་སྟོན་མཛད་སྒོར་གདན་ཞུས་ལྟར་ཆེད་ཕེབས་གནང་བ་ཞིག་ཆགས་ཀྱི་འདུག ལྷག་པར་དུ་ཤེས་རིག་བཀའ་བློན་མཆོག་གིས་ཕ་རན་སི་དང་སྦེལ་ཇམ་ནང་གི་གཞུང་འབྲེལ་ཕྱོགས་ཕེབས་ཁྲོད་དུ་ཕ་རན་སི་བོད་རིགས་ཚོགས་པས་གཉེར་བཞིན་པའི་གཟའ་མཇུག་སློབ་གྲྭར་ཆེད་ཕེབས་ཀྱིས་དགེ་ལས་སློབ་ཕྲུག་དང་ཕ་མ་བཅས་པར་མཇལ་མོལ་གནང་འདུག ཕ་རན་སི་ནང་གི་མཛད་རིམ་གྲུབ་རྗེས་ཤེས་རིག་བཀའ་བློན་མཆོག་ཡོ་རོབ་རྒྱལ་ཁབ་སྦེལ་ཇམ་ནང་དུ་ཡོད་པའི་ཆོས་རིག་འཛིན་སྐྱོང་ཁང་གི་ཁྱབ་ཁོངས་གཟའ་མཇུག་སློབ་གྲྭ་དང་སྦེལ་ཇམ་བོད་རིགས་ཚོགས་པའི་ཤེས་རབ་སྣང་སྦྱིན་ཁྱབ་ཁོངས་གཟའ་མཇུག་སློབ་གྲྭ་བཅས་ཀྱི་དགེ་ལས་སློབ་ཕྲུག་དང་ཕ་མ་བཅས་པར་མཇལ་མོལ་གནང་སྟེ་བོད་ཡིག་སློབ་གྲྭའི་ཤེས་རིག་ལས་དོན་ཐོག་ལམ་སྟོན་བཀའ་སློབ་གནང་ཡོད། མཛད་སྒོའི་སྐུ་མགྲོན་བོ་༸སྐུའི་གཅུང་མོ་བཀའ་ཟུར་༸རྗེ་བཙུན་པདྨ་མཆོག་དང་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་གཅོད་ལགས་གཙོས། ཕ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་ André Gattolin ལགས། ཡོ་རོབ་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། སྦིར་སལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས། ཕ་རན་སི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་བཅས་ལྷན་འཛོམས་བྱུང་འདུག རྩ་འབི་ཚོགས་པ་དེ་ཕྱི་ལོ་ ༡༩༨༡ ལོར་ཕ་རན་སི་ནང་བཙུགས་པ་ཞིག་དང་། ད་བར་ཚོགས་པ་དེས་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་ཕྲུག་ཤེས་ཡོན་ལྟེ་གནས་ཁང་དང་ཚོགས་པ། དེ་བཞིན་བཙན་བྱོལ་བོད་མིའི་བདེ་དོན་ཐོག་རོགས་སྐྱོར་གནང་མུས་ཡིན་པ་རེད། ད་ལྟའི་ཆར་ཚོགས་པར་ཚོགས་མི་ ༣༠༠༠ ཙམ་འདུག

རེས་གཟའ་ཉི་མ། ༢༠༢༢།༡༠།༠༩

ཉན་པ།: Listen ཕབ་ལེན། Download བོད་ཀྱི་བུད་མེད་ཀྱི་ལས་རིམ། ཚེ་རིང་དབྱངས་འཛོམས་ལགས་ཀྱིས་བརྩམས་པའི་ We Measure the Earth with Our Bodies ཞེས་ང་ཚོའི་གོ་ལའི་ཁྱོན་ལུས་པོས་འཇལ་ཞེས་པའི་ཕྱག་དེབ་དང་འབྲེལ་གླེང་མོལ། Sunday 09/10/2022 Women of Tibet: In conversation with Tsering Yangzom Lama on her debut an International bestseller Novel ‘We Measure the Earth with Our Bodies’.      

རེས་གཟའ་སྤེན་པ། ༢༠༢༢།༡༠།༠༨

ཉན་པ།: Listen ཕབ་ལེན། Download ༸སྐུའི་བླ་སྨན་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱི་མི་ལོ་ ༤༠ ཞབས་ཞུ། Saturday 08/10/2022 Up close and personal with Dr. Tseten Dorje Sadhutsang, Personal Physician to HHDL and Delek Hospital’s CMO    

༸གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ཚོགས་སྒེར་ཁག་ལ་འཚམས་འདྲི་མཛད་པ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོགས་སྒེར་ཁག་གསུམ་ལ་དགའ་བསུའི་འཚམས་འདྲི་མཛད་འདུགདེ་ཡང་ཁ་སང་ནོར་ཝེ་ཁུལ་གྱི་ནོ་སྦེལ་ལྷན་ཚོགས་ཀྱིས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་མཚན་གཞུང་གསལ་བསྒྲགས་གནང་བའི་ནང་དུ་སྦེ་ལ་རུས་ Belarus ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་སྐུ་ཞབས་ Ales Bialiatski དང་། Memorial ཞེས་པའི་ཨུ་རུ་སུའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། དེ་བཞིན་ Centre for Civil Liberties ཞེས་ཡུ་ཀ་རན་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་ཚོགས་སྒེར་ཁག་གསུམ་ལ་གནང་གཏན་ཁེལ་བ་ལྟར། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་དྷརྨ་སཱ་ལཱའི་༸རྒྱལ་བའི་ཕོ་བྲང་ནས་ཚོགས་སྒེར་དེ་དག་གསུམ་ལ་དགའ་བསུའི་འཚམས་འདྲིའི་སྩལ་བ་དང་འབྲེལ། ནོ་སྦེལ་ལྷན་ཚོགས་ནས་འདི་ལོའི་ཞི་བདེའི་གཟེངས་རྟགས་ཁོང་རྣམ་པར་ཕུལ་བ་དེའི་བརྒྱུད་སྤྱི་དམངས་ཚོགས་སྡེ་ཁག་གིས་ཞི་བདེ་དང་རང་དབང་། མང་གཙོའི་གཞི་རྩའི་རིན་ཐང་སྲུང་སྐྱོབ་སླད་ཐུགས་ཁུར་བཞེས་ཕྱོགས་ཀྱི་གལ་གནད་གསལ་འདོན་གནང་གི་ཡོད་པར་བཀའ་སྩལ་འདུག༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཚམས་འཕྲིན་དེའི་ནང་ད་དུང་མགོན་པོ་༸གང་ཉིད་མཆོག་གིས་གཟེངས་རྟགས་དེའི་བརྒྱུད་ནས་གཞན་ཚོར་སེམས་འགུལ་ཐེབས་པའི་ཐུགས་རེ་མཛད་བཞིན་པ་མ་ཟད། དཀའ་ངལ་རྣམས་གྲོས་མོལ་དང་གཉིས་ཕན་གྱི་ཐབས་ལམ་བརྒྱུད་སེལ་ཐུབ་པ་བྱ་དགོས་པའི་དྲན་སྐུལ་ཞིག་ཡིན་པ་བཀའ་སྩལ་མཛད་འདུག དེ་བཞིན་༸གང་ཉིད་མཆོག་གིས་འགྲོ་བ་མིའི་རིགས་ཡོངས་སུ་རྗོགས་པ་ལ་དགོས་མཁོ་དང་འཇིག་སྣང་ལ་ལྟོས་མེད་གཞི་རྩའི་རང་དབང་གི་ཐོབ་ཐང་ཞིག་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་ཞེས་པ་འདི་ཉིད་ཡོངས་སུ་སྒྲིལ་བ་ཞིག་དང་། ཕན་ཚུན་ལྷོས་གྲུབ། དེ་བཞིན་ཡོངས་ཁྱབ་ཅིག་ཡིན་པ་བཀའ་སྩལ་དང་འབྲེལ། དེང་གི་ཆར་ང་ཚོར་དཀའ་ངལ་འཕྲད་བཞིན་ཡོད་པ་དེ་དག་འགའ་ཤས་རང་བྱུང་ཁམས་ཀྱི་ལྡོག་ཏུ་མེད་པའི་དཀའ་ངལ་ཞིག་ཡིན་པ་དེར་དང་ལེན་བྱ་དགོས་པ་མ་ཟད། དེ་དག་ལ་སེམས་ཞི་བའི་ཐོག་ནས་གདོང་ལེན་བྱ་དགོས། དེ་བཞིན་དཀའ་ངལ་གཞན་རྣམས་ནི་ང་ཚོས་འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་པའི་འདུ་ཤེས་ཡལ་བར་དོར་ནས་ཕན་ཚུན་བར་གྱི་ལྟ་བ་དང་། ཆབ་སྲིད། ཆོས་ལུགས་སོགས་ཀྱི་མི་མཐུན་པའི་རྐྱེན་ཆུང་ཙག་རིགས་ལས་འབྱུང་གི་ཡོད་པ་དང་། དེ་དག་ཐམས་ཅད་ང་ཚོས་བཟོས་པའི་དཀའ་ངལ་ཞིག་ཡིན་པ་ཆབས་ཅིག དཀའ་ངལ་དེ་དག་སེལ་ཐུབ་རྒྱུ་ཡོད་པ་བཀའ་སྩལ་མཛད་འདུགཕྱོགས་མཚུངས་༸གང་ཉིད་མཆོག་གིས། དེང་གི་ཆར་མང་གཙོའི་རིན་ཐང་དང་། གུ་ཡངས་ཀྱི་སྤྱི་ཚོགས། འགྲོ་བ་མིའི་ཐོབ་ཐང་ལ་གུས་བཀུར། དེ་བཞིན་འདྲ་མཉམ་སོགས་ནི་འཛམ་གླིང་ཡོངས་ཁྱབ་ཀྱི་རིན་ཐང་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་འབྲེལ། འགྲོ་བ་མིའི་བཟང་ཕྱོགས་ཀྱི་གཞི་རྩའི་རིན་ཐང་དང་། མང་གཙོའི་རིན་ཐང་གཉིས་ཀྱི་བར་ལྡོག་ཏུ་མེད་པའི་འབྲེལ་བ་ཞིག་ཡོད་སྐོར་བཀའ་སྩལ་དང་སྦྲགས། གང་དུ་མང་གཙོ་ཡོད་པ་དེར་རྒྱལ་ཁབ་སོ་སོའི་མི་སེར་རྣམས་ནས་རང་ཉིད་ཀྱི་འགྲོ་བ་མིའི་ཁྱད་ཆོས་རྣམས་ཕྱིར་མངོན་བྱེད་ཐུབ་པའི་རེ་བ་ཆེན་པོ་ཡོད་པ་དང་། གང་དུ་འགྲོ་བ་མིའི་ཁྱད་ཆོས་དེ་དག་ཕྱིར་མངོན་ཐུབ་པ་དེར་མང་གཙོའི་ནུས་ཤུགས་ཆེ་རུ་འགྲོ་བའི་གོ་སྐབས་ཅིག་ཡོད། ལྷག་པར་དུ་འཛམ་གླིང་ཞི་བདེ་ཡོང་ཐབས་སུ་མང་གཙོ་དེ་ཉིད་ཆ་རྐྱེན་གལ་ཆེ་ཤོས་ཅིག་ཆགས་ཀྱི་ཡོད་སྐོར་བཀའ་སྩལ་འདུགམ་ཟད་མགོན་པོ་༸གང་ཉིད་མཆོག་གིས་འཛམ་གླིང་ནང་རིག་གཞུང་དང་ཆོས་ལུགས་མི་འདྲ་བ་ཡོད་པ་དེ་དག་གི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་གོང་འཕེལ་ཆེད་ངེས་པར་དུ་ཕན་ཐོགས་དགོས་པ་མ་ཟད། རིག་གཞུང་དང་ཆོས་ལུགས་སོགས་མི་འདྲ་བ་སྣ་ཚོགས་ཡོད་པ་དེ་དག་མིའི་རིགས་གཅིག་གྱུར་ཡོང་ཐབས་སུ་འགྲོ་བ་མིའི་གཞི་རྩའི་ལམ་ལུགས་ཅིག་ཡིན་པ་དང་། ང་ཚོ་ཚང་མ་རིགས་དང་། ཆོས་ལུགས། ཕོ་མོའི་ཁྱད་པར། དེ་བཞིན་སྤྱི་ཚོགས་ཀྱི་གྲལ་རིམ་སོགས་ལ་ལྟོས་མེད་རང་ཉིད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་ཅིག་ཡིན་པའི་རྒྱུ་མཚན་གྱི་འགྲོ་བ་མིའི་ཐོབ་ཐང་ནི་གལ་ཆེན་པོ་ཡིན་པ་དང་འབྲེལ། དེའི་ཐོག་ལྟ་ཚུལ་མི་མཐུན་པ་ཞིག་ཡོང་དགོས་དོན་མེད་པ་ཞིག་ཡིན་པ་བཀའ་སྩལ་འདུག

བཞུགས་སྒར་དུ་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་ ༡༡ པ་དབུ་འཛུགས།

དེ་རིང་བཞུགས་སྒར་རྡ་རམ་ས་ལའི་ Club House གསོལ་མགྲོན་ཁང་དུ་ Tibet Film Festival ཞེས་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་ ༡༡ པ་དེ་དབུ་འཛུགས་གནང་སོང་བ་དང་། དུས་སྟོན་དེ་བཞིན་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་རྗེས་རྡ་རམ་ས་ལར་དེ་འབྲེལ་མི་མང་འདུ་འཛོམས་ཐོག་སྔར་རྒྱུན་བཞིན་ཚོགས་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད། རྩ་བའི་ལོ་ལྟར་བོད་ཀྱི་གློག་བརྙན་དུས་སྟོན་འདི་བཞིན་ཡུ་རོབ་རྒྱལ་ཁབ་ Swiss ཡི་ Zurich གྲོང་ཁྱེར་དང་བཞུགས་སྒར་རྡ་རམ་ས་ལ་གཉིས་སུ་དུས་གཅིག་ལ་གོ་སྒྲིག་གནང་གི་ཡོད་པ་དེ་ལྟར་ཡང་། འདི་ལོའི་དུས་སྟོན་འདི་བཞིན་ Zurich དང་རྡ་རམ་ས་ལ་ཙམ་མ་ཟད། Berlin དང་ London ནང་དུའང་གོ་སྒྲིག་གནང་གི་ཡོད་པ་རེད་འདུག ཐེངས་འདིའི་དུས་སྟོན་ཐོག་བོད་ནང་གི་གློག་བརྙན་བཟོ་བསྐྲུན་པ་སྙན་གྲགས་ཆེ་བ་གསུམ་གྱི་བཟོས་པའི་གློག་བརྙན་ ༣ གཟིགས་འབུལ་ཞུ་རྒྱུ་དང་། གཞན་ཡང་དུས་སྟོན་གྱི་དམིགས་ཡུལ་གཙོ་བོ་གཅིག་ནི། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གློག་བརྙན་བཟོ་བསྐྲུན་གྱི་རྒྱུ་རྩལ་ལ་དོ་སྣང་ཡོད་མཁན་བོད་རིག་གཞོན་སྐྱེས་རྣམས་ལ་གློག་བརྙན་གྱི་ལམ་ནས་རང་གི་སྒྲུང་བཤད་རྒྱུའི་སྡིངས་ཆ་བསྐྲུན་རྒྱུ་དེ་ཡིན་པ་དང་། འདི་ལོའི་བོད་ཀྱི་གློག་བརྙན་དུས་སྟོན་འདིའི་ཐོག་འཛམ་གླིང་རྒྱལ་ཁབ་ ༧ ཁྲོད་གྱི་བོད་རིག་གཞོན་སྐྱེས་གློག་བརྙན་བཟོ་བསྐྲུན་པ་ ༡༠ ཡི་གློག་བརྙན་ཐུང་བ་རེ་དུས་སྟོན་ཐོག་གཟིགས་འབུལ་དང་འགྲན་བསྡུར་གནང་རྒྱུ་ཡིན་པ་རེད་འདུག དེ་བཞིན་ཐེངས་འདིའི་དུས་སྟོན་ཐོག་བོད་རིག་སྒྱུ་རྩལ་བ་ཁག་ཅིག་ནས་རང་ཉིད་ཀྱི་སྒྱུ་རྩལ་འགྲེམས་སྟོན་གནང་རྒྱུ་སོགས་ཀྱི་ལས་རིམ་ཡང་ཡོད་འདུག དེ་རིང་སྔ་འདྲོ་ཕྱག་ཚོད་ ༡༡།༣༠ ཐོག་བལ་ཡུལ་ནང་གི་གློག་བརྙན་བཟོ་བསྐྲུན་པ་ Dhondup Tsering Gurung ལགས་ཀྱི་བཟོ་བསྐྲུན་གནང་བའི་གློག་བརྙན་ Ama Khando ཞེས་པ་དེ་གཟིགས་འབུལ་དང་སྦྲགས་ནས་དུས་སྟོན་དབུ་འབྱེད་གནང་སོང་། དུས་སྟོན་གྱི་ཉིན་མཐའ་མར། ཐེངས་འདིའི་དུས་སྟོན་གྱི་གློག་བརྙན་ཐུང་ངུའི་འགྲན་བསྡུར་གྱི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པའི་ཁྲོད། བོད་རིག་གཞོན་སྐྱེས་གློག་བརྙན་བཟོ་བསྐྲུན་པ་ Tenzin Yangdon Nesar ལགས་ཀྱི་བཟོ་བསྐྲུན་གནང་བའི་གློག་བརྙན་ Tschuedok ཞེས་པ་དེར་ Zurich དང་ Dharamsala གཉིས་ཀའི་ནང་དུ་མི་མང་དང་གཟུ་དཔང་བཅས་ནས་རིམ་པ་གཉིས་ཀའི་ཁྲོད་འོས་མང་ཤོས་ཐོབ་པ་དང་འབྲེལ། ཨ་སྒོར་ ༥༠༠ དང་ ༡༠༠༠ གྱི་བྱ་དགའ་གཉིས་ཀ་ཐོབ་འདུག

རེས་གཟའ་པ་སངས། ༢༠༢༢།༡༠།༠༧

ཉན་པ།: Listen ཕབ་ལེན། Download གཉན་རིམས་ཁྱབ་གདལ་ཁྲོད་བོད་མིར་ཁ་ལག་མ་འདང་བ་དང་ཁ་པར་འགྲོ་གྲོན་འཕར་བ་སོགས་ཀྱི་ངལ་བ་འཕྲད་བཞིན་པ། རྒྱལ་ཚོགས་ཐོག་ཤིན་ཅང་གི་གནད་དོན་ལ་བགྲོ་གླེང་དགོས་པའི་གྲོས་འཆར་ལ་རྒྱབ་སྐྱོར་ཐོབ་མི་འདུག བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ ༥༢ ཧྲིལ་པོ་འཁོར་བའི་དུས་སྟོན་སྲུང་བརྩི། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཁག་ཅིག་ཡོ་རོབ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ། ས་གནས་ཀྱི་འོས་བསྡུའི་འགན་འཛིན་རྣམ་པར་འོས་བསྡུའི་འཛིན་སྐྱོང་དང་འབྲེལ་བའི་ཟབ་སྦྱོང་། བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་དགེ་སློབ་ཁག་ཅིག་བཞུགས་སྒར་དུ་ཤེས་ཡོན་ལྟ་སྐོར་གནང་བ། Friday 07/10/2022 Tibetans continue to battle food shortage price hike amidst China’s Zero COVID policy Resolution to convene debate on Xinjiang situation drops at UNHRC TYC celebrates 52nd anniversary, calls for accountability and probe into Tibet situation Sikyong and TPiE delegation leaves for official Europe trip Workshop for Tibetan regional election officers held in Delhi Nepal Namgyal High school Delegation on educational tour in Dharamsala      

Latest news