Tibetan Royal Year of 2151 | Year of the Wood Dragon

ARCHIVE

Monthly Archives: October, 2022

འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཐག་གང་བཅད་པ་དེ་དག་ཚང་མ་འགྲིག་འདུག་པར་སྤོབས་པ་ཡོད།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་ཐུགས་ཐག་གང་བཅད་པ་དེ་དག་ཚང་མ་འགྲིག་འདུག་པར་ཐུགས་སྤོབས་ཆེན་པོ་ཡོད་ཅེས་བཀའ་སྩལ་བ་དང་འབྲེལ་ཏེ་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེ་ཧྲིལ་པོ་འདིའི་རིང་ལ་ཐུགས་འགྱོད་གང་ཡང་མེད་ཅེས་བཀའ་སྩལ་འདུགཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་ Bloomberg གསར་ཁང་གི་གསར་འགོད་པ་ལྕམ་ Emma Barnett ལགས་ཀྱིས་ཉེ་ལམ་དྲ་ཐོག་བརྒྱུད་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དམིགས་བསལ་བཀའ་འདྲི་ཞུས་པའི་ལེ་ཚན་ཞིག་དེ་རིང་ཕྱིར་བསྒྲགས་གནང་འདུག་པའི་ནང་༸གོང་ས་མཆོག་དང་ལྷན་དུ་གོ་ལའི་ཚ་དྲོད་ཀྱིས་མ་འོངས་འགྲོ་བ་མིའི་རིགས་ལ་ཤུགས་རྐྱེན་དང་དེང་གི་སྤྱི་ཚོགས་ནང་བྱམས་པ་ཚད་མེད་དགོས་གལ། དེ་བཞིན་དབྱིན་ཡུལ་གྱི་ཞིང་གཤེགས་རྒྱལ་མོ་ Elizabeth གཉིས་པ་མཆོག་དང་ཐུགས་དྲན་སོས་པའི་གནད་དོན་བཅས་ཀྱི་ཐོག་བཀའ་གླེང་མཛད་འདུགགསར་འགོད་པ་ལྕམ་ Emma Barnett ལགས་ཀྱིས་སྐབས་དེར་མགོན་པོ་༸གང་ཉིད་མཆོག་ལ་ཐུགས་འགྱོད་བྱུང་མྱོང་ཡོད་དམ་ཞེས་བཀའ་འདྲི་དགོངས་སྐོར་ཞུས་པར་༸གོང་ས་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་ཐུགས་ཐག་གང་བཅད་པ་དེ་དག་ཚང་མ་འགྲིག་འདུག་པའི་གཟིགས་སྣང་བྱུང་ཞེས་བཀའ་སྩལ་བ་དང་འབྲེལ། ཐུགས་འཚབ་སྐྱེ་གཞིའི་ལས་འཛོལ་གང་ཡང་བྱུང་མེད་ཅེས་ཐུགས་སྤོབས་ཆེན་པོས་བཀའ་ལན་སྩལ་འདུག་པ་མ་ཚད་པར་ཐུགས་ཞིབ་ཀྱིས་ཐུགས་ཐག་གང་བཅད་ལ་ལྷ་ཆོས་སྐྱོང་སྲུང་མ་ཚོས་གྲོགས་དང་འཕྲིན་ལས་མཛད་ཀྱི་ཡོད་པ་དེས་ཐུགས་ཕན་གསོས་པོ་བྱུང་བས་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེ་ཧྲིལ་པོ་འདིའི་རིང་ལ་ཐུགས་འགྱོད་གང་ཡང་མེད་ཅེས་བཀའ་སྩལ་འདུག དེ་བཞིན་ལྕམ་ Emma Barnett ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཐུགས་དྲན་གསོ་ཡི་འདུག་གམ་ཞེས་བཀའ་འདྲི་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་མཚམས་རེར་ཐུགས་དྲན་གསོ་ཡི་འདུག་ཅེས་བཀའ་སྩལ་འདུག་པ་དང་། ཐུགས་ཞིབ་མཛད་སྐབས་འཛམ་གླིང་འདི་ང་ཚོའི་ཁྱིམ་གཞི་ཡིན་པར་དགོངས་པ་བཞེས་ཀྱི་ཡོད་ཅེས་བཀའ་སྩལ་བ་དང་ཆབས་ཅིག་ཏུ་མགོན་པོ་༸གང་ཉིད་མཆོག་རྒྱ་གར་ནང་༸སྐུ་བཞུགས་མཛད་ཀྱི་ཡོད་པས་ཕྱོགས་གཅིག་ནས་སྐྱབས་བཅོལ་བ་ཞིག་དང་ཕྱོགས་གཞན་ཞིག་ནས་རྒྱ་གར་གཞུང་གི་སྐུ་མགྲོན་བཞུགས་ཡུན་རིང་ཤོས་དེ་ཆགས་ཡོད། རྒྱ་གར་རྒྱལ་ཁབ་འདི་ནི་རང་དབང་རྒྱལ་ཁབ་ཅིག་ཡིན་པས་ཐུགས་དགྱེས་ཚོར་ཆེན་པོ་འདུག་ཅེས་བཀའ་སྩལ་འདུག ལྷག་པར་དུ་༸གོང་ས་མཆོག་གི་ཆོས་ལུགས་ཀྱིས་ང་ཚོར་དོན་དམ་གྱི་ནང་བསམ་བློའི་ནུས་སྟོབས་དང་ཞི་བདེ་སྦྱིན་གྱི་ཡོད་ཅེས་བཀའ་སྩལ་བ་དང་སྦྲགས། ཆོས་ལུགས་དང་དཀོན་མཆོག། འཇིག་རྟེན་བྱེད་པོ་ཡོད་མེད་སོགས་ཁས་ལེན་མིན་གང་ཡིན་ལ་ལྟོས་མེད་བློར་སྦྱོང་བརྡར་གནང་ནས་བྱམས་བརྩེའི་བསམ་བློར་འབད་དགོས་པ་དང་། བྱམས་བརྩེའི་བློ་གོང་འཕེལ་གྱི་བསླབ་བྱ་དེ་ནི་ཆོས་ལུགས་ཀུན་གྱི་བསླབ་བྱའི་སྙིང་པོ་རེད་ཅེས་ལམ་སྟོན་མཛད་འདུག དེ་བཞིན་གསར་འགོད་པས་གོ་ལའི་ཚ་དྲོད་རྒྱས་པའི་དཀའ་ངལ་ལ་གདོང་ལེན་གྱིས་ལས་འགུལ་རྣམས་ལ་༸གོང་ས་མཆོག་ནས་ཐུགས་རེ་གང་ཡོད་དམ་ཞེས་བཀའ་འདྲི་ཞུས་སྐབས་མགོན་པོ་མཆོག་གིས་གོ་ལའི་ཚ་དྲོད་རྒྱས་པའི་དཀའ་དེ་ནི་དངོས་ཡོད་ཀྱི་དཀའ་ངལ་ཞིག་དང་། ཧ་ཅང་གལ་ཆེ་བའི་ཛ་དྲག་གི་གནད་དོན་ཞིག་རེད་ཅེས་བཀའ་སྩལ་བ་དང་འབྲེལ། ང་ཚོས་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་གནད་དོན་ལ་དོ་སྣང་མ་བྱས་ཚེ་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་མཇུག་མཐར་འཛམ་གླིང་འདི་མེའི་གོང་བུ་ལྟ་བུ་ཞིག་འགྱུར་ངེས་ཡིན་པ་དང་། དེ་ལྟ་བུའི་གནས་སྟངས་ཞིག་མ་ཤར་བར་དུ་ང་ཚོས་ངེས་པར་དུ་བྱམས་བརྩེ་གོང་འཕེལ་ཐད་ཤུགས་སྣོན་རྒྱག་དགོས་པ་དང་། འཛམ་གླིང་འདིའི་ཐོག་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚོས་ཕན་ཚུན་དབར་གཅེན་གཅུང་གི་འདུ་ཤེས་བཟུང་སྟེ་གཅིག་གིས་གཅིག་ལ་རོགས་རམ་གནང་རྒྱུ་དེ་ང་ཚོའི་ལས་འགན་རེད་ཅེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག ༸གོང་ས་མཆོག་ལ་གསར་འགོད་པས་ད་དུང་དབྱིན་ཡུལ་གྱི་རྒྱལ་པོ་ Charles མཆོག་ལ་ལམ་སྟོན་ཇི་ཡོད་བཀའ་འདྲི་དགོངས་སྐོར་ཞུས་པར་༸གོང་ས་མཆོག་གིས་ཐོག་མར་བོད་དང་དབྱིན་ཡུལ་དབར་༸རྒྱལ་དབང་སྐུ་ཕྲེང་གོང་མའི་སྐབས་ནས་བཟུང་འབྲེལ་བ་དམ་ཟབ་ཡོད་པར་བཀའ་སྩལ་བ་དང་འབྲེལ། ཞིང་གཤེགས་རྒྱལ་མོ་ Elizabeth གཉིས་པ་མཆོག་དགོངས་པ་རྫོགས་ཡོད་ཀྱང་རྒྱལ་མོ་དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོའི་རིང་ཕྱག་ལས་བཟང་པོ་ཇི་སྙེད་ཅིག་གནང་ཡོད་པ་དེ་ནི་ཧ་ཅང་གནད་འགག་ཆེན་པོ་རེད་ཅེས་བཀའ་སྩལ་བ་མ་ཟད་རྒྱལ་པོ་ Charles མཆོག་ལ་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་སེར་བྱེས་གྲྭ་ཚང་དུ་ཆེད་ཕེབས་གནང་བ།

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནང་རྟེན་གཞི་བྱས་པའི་སེར་བྱེས་མཁས་སྙན་གྲྭ་ཚང་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ཁ་སང་སེར་བྱེས་གྲྭ་ཚང་དུ་ཕེབས་འབྱོར་གནང་བ་དང་འབྲེལ། དེ་རིང་ཕྱི་ཚེས་ ༢༡ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གི་འབྲིང་རིམ་སློབ་གྲྭ་དེ་ཉིད་རྒྱ་གར་རྒྱལ་ཡོངས་དབུས་ཤེས་ཡོན་ལྷན་ཚོགས་ཀྱི་ངོས་འཛིན་ཐོབ་སྟེ་ལོ་ངོ་ ༢༥ འཁོར་བའི་དུས་ཚིགས་དང་ཉེ་བའི་གཙུག་ལག་རབ་འབྱམས་པའི་དབུ་འབྱེད་ཀྱི་མཛད་སྒོར་དབུ་བཞུགས་གནང་ཡོད།སློབ་གྲྭའི་ཚོགས་ཁང་ནང་སྔ་དྲོའི་ཕྱག་ཚོད་ ༨༌༣༠ ཐོག་སྐུ་མགྲོན་གཙོ་བོ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་དང་རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་རིན་ཆེན་ལྷ་མོ་ལགས། མེ་སོར་གྲོང་ཁྱེར་གྱི་རྒྱལ་པོ་ HE Yaduveer Krishna data Chamaraj Wadiyar མཆོག མེ་སོར་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་གཞོན་པ་འབུམ་རམས་པ་ G Hemantha Kumar  མཆོག་བཅས་དབུས་གདན་སའི་གནད་ཡོད་འགོ་འཛིན་རྣམ་པ་དང་སློབ་གྲྭའི་སློབ་སྤྱི་དང་ལས་བྱེད། དེ་བཞིན་སེར་བྱེས་འབྲིང་རིམ་སློབ་གྲྭའི་སློབ་སྤྱི་དང་དགེ་སློབ་ལས་ཟུར་བཅས་ལྷན་འཛོམས་གནང་འདུགསྐུ་མགྲོན་གཙོ་བོ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་སེར་བྱེས་འབྲིང་རིམ་སློབ་གྲྭས་མོན་པའི་དགེ་འདུན་པ་མང་དག་ཅིག་ལ་ནང་པའི་གཞུང་ཆེན་ཁག་གིས་གཙོས་པའི་བསླབ་པ་སློབ་གཉེར་ཐད་ལ་ཐུགས་ཁུར་ཆེ་བཞེས་གནང་དང་གནང་བཞིན་པར་བསྔགས་བརྗོད་གནང་འདུགསྐུ་ཞབས་པདྨ་མཁའ་འགྲོ་མཆོག་ཁ་སང་ཉིན་རྒྱབ་སྦེལ་ཀོབ་སེར་བྱེས་གྲྭ་ཚང་ལ་ཕེབས་འབྱོར་གནང་ སྐབས་སུ་གདན་སའི་སྐྱབས་གནས་མཁན་རིན་པོ་ཆེ་མཆོག་དང་ཕྱག་མཛོད་རྣམ་པ། དེ་བཞིན་གདན་སའི་དགེ་འདུན་པ་རྣམས་ཀྱིས་ཕྱག་ཏུ་དཀར་གཙང་མཇལ་དར་དང་དྲི་བཟང་བདུག་སྤོས། ཞུགས་ཏོག་སོགས་ཐོགས་ནས་ཕེབས་བསུ་གཟབ་རྒྱས་དང་ཞལ་མཇལ་ཞུས་ཡོད།ཁོང་གིས་དེ་རྗེས་གདན་སར་གནས་གཟིགས་དང་། གྲྭ་ཚང་གི་ཆོས་རར་གཟིགས་སྐོར། ལྷག་པར་སེ་ར་བྱེས་སྨད་གཉིས་ཀྱི་གྲྭ་ཚང་ནང་སློབ་གཉེར་གནང་བཞིན་པའི་མོན་པའི་དགེ་འདུན་པ་རྣམས་ལ་ཟུར་དུ་མཇལ་མོལ་གནང་སྟེ་མོན་པའི་དགེ་འདུན་པ་ཚོས་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་རིག་གཞུང་ལ་དོ་སྣང་འཕར་མ་གནང་སྟེ་སླད་མར་མོན་ཡུལ་ལ་དམ་པའི་ཆོས་ཀྱི་བྱ་བ་མང་ཙམ་སྤེལ་ཐུབ་རྒྱུར་འབད་རྩོལ་གནང་དགོས་ཞེས་གསུངས་ཡོད།དེ་རིང་ཉིན་རྒྱབ་ཕྱག་ཚོད་གཉིས་པའི་ཐོག་གདན་སའི་བཀྲ་ཤིས་ཆོས་གླིང་སློབ་གཉེར་ཁང་དུ་དགེ་འདུན་པ་རྣམས་ཀྱིས་དཔལ་ནཱ་ལེནྡཱ་ནས་བརྒྱུད་པའི་གཞུང་ཆེན་དག་ལ་སློབ་གཉེར་གནང་བཞིན་པ་ལྟར་རྒྱལ་སྤྱིའི་སྡིངས་ཆའི་ཐོག་མཁས་པ་གཞན་དང་ལྷན་དུ་དཔུང་པ་མཉམ་གཤིབ་དང་། གནའ་བོའི་བོད་བརྒྱུད་ནང་བསྟན་གྱི་སྒོ་ནས་དེང་རབས་ཤེས་ཡོན་གྱི་ལྟེ་གནས་ཁག་ཏུ་སློབ་ཁྲིད་ཡོང་ཐབས་སུ་ཉེ་ལམ་མེ་སོར་གཙུག་ལག་སློབ་གཉེར་ཁང་དང་ཟུང་འབྲེལ་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཕྱག་འཁྱེར་ཐོབ་རྒྱུའི་དེབ་སྐྱེལ་གནང་ཐུབ་པ་བྱུང་བ་ལྟར་དབུ་འབྱེད་མཛད་སྒོར་དབུ་བཞུགས་གནང་འདུགགཞི་རྩའི་གདན་སའི་ཁྱབ་ཁོངས་སེར་བྱེས་སློབ་གྲྭ་དེ་ཕྱི་ལོ་ ༡༩༧༣ ཟླ་ ༣ ཚེས་ ༡ ཉིན་གསར་འཛུགས་གནང་བ་དང་། ཕྱི་ལོ་ ༡༩༩༧ ལོར་རྒྱ་གར་དབུས་གཞུང་གི་ཤེས་ཡོན་ལྷན་ཚོགས་ཀྱི་ངོས་འཛིན་ཐོབ་སྟེ་ད་ཆ་ལོ་ངོ་ ༢༥ འཁོར་གྱི་ཡོད་པ་རེད།

ཨ་རི་བོད་ཁང་གི་འགན་འཛིན་གཙོས་ལས་བྱེད་ཚོར་མཇལ་ཁ་དང་བཀའ་སློབ་སྩལ་བ།

དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནང་དུ་ཨ་རིར་རྟེན་གཞི་བྱས་པའི་བོད་ཁང་གི་འགན་འཛིན་སྐུ་ཞབས་ Robert Thurman ལགས་གཙོས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་འབྲེལ་ཡོད་ལས་བྱེད་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་ལམ་སྟོན་སྩལ་འདུག མགོན་པོ་༸གང་ཉིད་མཆོག་གིས་སྐུ་ཞབས་ Robert Thurman ལགས་ནི་ལོ་མང་རིང་འབྲེལ་བ་ཡོད་པའི་བློ་ཐུབ་ཀྱི་གྲོགས་པོ་རྙིང་པ་ཞིག་ཡིན་པར་ངོ་སྤྲོད་མཛད་དེ་དགའ་བསུའི་འཚམས་འདྲི་སྩལ་བ་དང་སྦྲགས། དེ་སྔ་མགོན་པོ་༸གང་ཉིད་མཆོག་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་སྐབས་རྒྱ་གར་གཞུང་གི་ངོས་ནས་ངོས་བཞེས་གནང་མིན་གྱི་བློ་དོགས་རྐྱེན་གྱིས་འབྲུག་ཡུལ་དུ་བོད་མིའི་སྐུ་ཚབ་ཞིག་བཏང་བ་དང་། རིམ་པས་རྒྱ་གར་གྱི་ས་མཚམས་སུ་འབྱོར་སྐབས་ས་གནས་མི་མང་ཚོས་ཕེབས་བསུ་དང་རྒྱ་གར་དབུས་གཞུང་གིས་ཀྱང་མགོན་པོ་མཆོག་རྒྱ་གར་གྱི་སྐུ་མགྲོན་ཞིག་ལ་ངོས་བཞེས་གནང་སྟེ་ད་བར་ཐུགས་འཚབ་གང་མེད་པར་རྒྱ་གར་ནང་༸སྐུ་བཞུགས་མཛད་བཞིན་ཡོད་པ་སོགས་བཀའ་སྩལ་མཛད་འདུག༸གོང་ས་མཆོག་གིས་རྒྱ་གར་ནང་ལ་བོད་པའི་སློ་གྲྭ་དང་རིག་གཞུང་གི་བསྟི་གནས་ཁག་ཟུར་འཛུགས་གནང་བའི་བརྒྱུད་རིམ་ངོ་སྤྲོད་མཛད་པ་དང་ཆབས་ཅིག་ད་ཆ་བསྟི་གནས་ཁག་དེ་དག་ནང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་ནང་ཆོས་ཀྱི་ལྟ་གྲུབ་སོགས་སློབ་གཉེར་འཐུས་ཚང་གནང་བཞིན་པ་དང་། བོད་མིས་མི་ཉམས་རྒྱུན་འཛིན་གནང་བཞིན་པའི་ནང་པའི་གཞུང་ལུགས་དང་ལྷག་པར་སེམས་ཁམས་རིག་པ་དང་འབྲེལ་བའི་རྣམ་གཞག་ཁག་ལ་དེང་ཆར་ཚན་རིག་མཁས་པ་ཚོས་ཀྱང་དམིགས་བསལ་དོ་སྣང་གནང་བཞིན་ཡོད་པ་བཀའ་སྩལ་ཡོད།དེ་བཞིན་མགོན་པོ་༸གང་ཉིད་མཆོག་ནས་འགྲོ་བ་མིའི་གཞི་རྩའི་རང་བཞིན་གཙོ་བོ་དེ་བྱམས་བརྩེ་ཡིན་པ་སོགས་བཀའ་འགྲེལ་དང་སྦྲགས། བྱམས་བརྩེ་དང་སེམས་པ་བཟང་པོ་གནང་རྒྱུ་སོགས་བཟང་སྤྱོད་ཀྱི་རྣམ་གཞག་དེ་དག་ཆོས་དང་མ་འབྲེལ་བའི་ཐོག་ནས་ཤེས་ཡོན་གྱི་ལམ་ལུགས་ནང་སློབ་ཁྲིད་ཐུབ་རྒྱུ་གལ་ཆེན་པོ་ཡིན་པ་དང་། མགོན་པོ་༸གང་ཉིད་མཆོག་རིང་མིན་རྒྱལ་ས་ལྡི་ལི་ནང་དུ་བཟང་སྤྱོད་ཀྱི་བསླབ་གཞི་དང་འབྲེལ་བའི་མཛད་རིམ་ཞིག་གི་ཐོག་ལྷན་ཞུགས་མཛད་འཆར་ཡོད་པ་བཀའ་སྩལལ་འདུག སྐབས་དེར་ཨ་རི་བོད་ཁང་གི་འགན་འཛིན་སྐུ་ཞབས་ Robert Thurman ལགས་ཀྱིས་བོད་ཁང་གི་ངོས་ནས་ད་བར་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གོང་འཕེལ་དང་སྲུང་སྐྱོབ་སོགས་ཀྱི་ཐད་ལ་གནང་བའི་ལས་དོན་སྙན་སེང་ཞུས་པ་དང་འབྲེལ། ལོ་རྗེས་མའི་ཕྱི་ཟླ་ ༤ ནང་སླར་བཞུགས་སྒར་དུ་བཅར་ཏེ་བོད་མཐོ་སྒང་གི་ཁོང་ཡུག་དང་གནམ་གཤིས་འགྱུར་ལྡོག་ཐོག་ལས་རིམ་ཞིག་གནང་འཆར་ཡོད་པ་སོགས་ཞུས་སྐབས་༸གོང་ས་མཆོག་གིས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་གནད་དོན་འདི་ནི་ཚང་མས་དོ་སྣང་དང་ཡིད་གཟབ་གནང་དགོས་པའི་གནད་དོན་ཞིག་ཆགས་ཡོད་པར་ལམ་སྟོན་མཛད་ཡོད། དེ་བཞིན་སྐུ་ཞབས་ཐར་མན་ལགས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་མ་འོངས་པར་དྲ་ཐོག་བརྒྱུད་དུས་འཁོར་དབང་ཆེན་བཀའ་དྲིན་སྩལ་གནང་ཡོང་བའི་གསོལ་འདེབས་ཞུས་སྐབས་༸གོང་ས་མཆོག་གིས་དེ་འབྲེལ་ཆོ་ག་རྒྱས་པོ་ཡོད་པས་སླད་མར་བྱམས་བརྩེ་གཞི་རྩར་བཟུང་བའི་གཞན་ཕན་དང་གཞན་གཅེས་འཛིན་གྱི་བློ་བསྐྱེད་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་སྒོམ་སྒྲུབ་ཀྱི་མཛད་པ་ཁག་ཅིག་གི་ཐོག་ལ་དགོངས་པ་བཞེས་བཞིན་ཡོད་སྐོར་བཀའ་སྩལ་ཡོད།

བཞུགས་སྒར་དུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་དབུ་འཛུགས།

དེ་རིང་བཞུགས་སྒར་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་ཨེ་ཤ་ཡ་དང་ཨོ་སི་ཊི་ལི་ཡ་ཁུལ་གྱི་རྒྱལ་ཁབ་འདྲ་མིན་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལས་གྲུབ་པའི་ཉིན་གྲངས་གསུམ་རིང་གི་ཚོགས་འདུ་དབུ་འཛུགས་གནང་སོང་།ཚོགས་འདུ་གོ་སྒྲིག་གནང་མཁན་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལས་འཆར་དང་ཁོར་ཡུག་འབྲེལ་མཐུད་པ་བློ་བཟང་གཡང་མཚོ་ལགས་ཀྱིས་ཐེངས་འདིའི་ཚོགས་འདི་རྒྱལ་སྤྱིའི་ཁྲོད་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཀྱིས་བོད་དོན་འཐབ་རྩོད་ཐད་མཉམ་རུབ་ཀྱི་ནུས་པ་འདོན་ཕྱོགས་དང་མ་འོངས་ལས་འཆར་བཀོད་སྒྲིག་གནང་རྒྱུ་སོགས་ལ་དམིགས་ཏེ་གོ་སྒྲིག་གནང་ཡོད་པ་གསུངས་ཡོད།དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་དབུ་འཛུགས་གནང་བའི་ཚོགས་འདུའི་སྟེང་ཨེ་ཤ་ཡ་དང་ཨོ་སི་ཊོ་ལི་ཡ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༢༢ ཙམ་གྱི་ཚོགས་མི་ ༣༠ ཙམ་མཉམ་ཞུགས་གནང་ཡོད་པ་དང་དེ་རིང་ནས་དབུ་འཛུགས་ཀྱིས་གནངས་ཚེས་ ༢༣ བར་ཚོགས་ཀྱི་ཡོད་པ་རེད།གསར་འགོད་པས་ཚོགས་བཅར་པ་ཁག་ཅིག་ལ་ཐེངས་འདིའི་ཚོགས་འདུར་མཉམ་ཞུགས་གནང་དོན་གང་ཡིན་སོགས་ཀྱི་བཅར་འདྲི་ཞུས་པར་ཚོགས་འདུའི་ཐོག་ནས་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཀྱི་ངོས་ནས་བོད་དོན་དང་འབྲེལ་བའི་ཕྱག་ལས་གང་དང་གང་གནང་གི་ཡོད་པ་དང་། དེ་དག་ལ་ཞིབ་འཇུག་གནང་སྟེ་སླད་མར་ངེས་པར་རྙེད་པའི་ལས་འགུལ་སྤེལ་ཐུབ་པའི་ཐུགས་རེ་ཡོད་པ་སོགས་གསུངས་སོང་།

བོད་ནང་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ པ་དེ་བཙན་གྱིས་ལྟ་རུ་བཅུག་གི་ཡོད་པ་རེད་འདུག

རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་ ༢༠ པ་དེ་འཚོགས་བཞིན་པ་དང་བསྟུན། བོད་ཀྱི་ས་ཁུལ་མང་ཆེ་བའི་ནང་སྐྱ་སེར་དང་། ན་གཞོན་དབྱེ་བ་མེད་པར་ཚོགས་ཆེན་དེ་བཞིན་བཙན་གྱིས་ལྟ་རུ་བཅུག་གི་ཡོད་པ་དང་། དེ་ནི་རྒྱ་དམར་གཞུང་གིས་འཛམ་གླིང་ཕྱི་ལ་བོད་མི་རྣམས་ཀྱིས་ཏང་གི་ཚོགས་ཆེན་ ༢༠ པ་དེར་རེ་བ་དང་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད་པའི་འཁྱོག་བརྗོད་ཀྱིས་དྲིལ་བསྒྲགས་ཀྱི་རྣམ་པར་བདེ་སྤྱོད་གཏོང་གི་ཡོད་སྐོར་གསུངས་སོང་།དེ་ཡང་བརྒྱུད་ལམ་ཁག་ཏུ་བོད་ནས་ཕྱིར་གྱར་བྱུང་བའི་བརྙན་པར་ཁག་ཅིག་སྤེལ་བར་གཞིགས་ན། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་བཞིན་པའི་དམར་ཤོག་ཚོགས་ཆེན་ཐེངས་ ༢༠ པ་དེ་བོད་ནང་དགེ་འདུན་པ་རྣམས་ལ་བཙན་གྱིས་ལྟ་རུ་བཅུག་གི་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་གི་དབྱེ་བའི་བོད་རང་སྐྱོང་ལྗོངས་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གི་སྟངས་འཛིན་འོག་ཡོད་པའི་དཀར་མཛེས་ནང་པའི་ལྷན་ཚོགས་ཀྱི་དགེ་འདུན་པ་རྣམས་དམར་ཤོག་ཀྱི་སྲོལ་གཏོད་པ་པོ་ Marx ནས་རྒྱུད་དེ་ཞི་ཅིན་ཕིང་གི་བར་དུ་པར་རིས་དེ་དག་ལ་མགོ་སྒུར་དུ་བཅུག་ཅིང་། བརྙན་འཕྲིན་ནང་ཞི་ཅིན་ཕིང་གི་གཟུགས་བརྙན་ནམ་ཤར་ཚེ་རྒྱ་ནག་གི་རྒྱལ་དར་བཙན་གྱི་འཕྱར་དུ་བཅུག་ཀྱི་ཡོད་པ་མངོན་རྒྱུ་འདུགརྒྱ་ནག་གི་ Youth.cn གི་དྲ་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཆབ་མདོ་ཁུལ་གྱི་ན་གཞོན་ལས་བྱེད་དང་། དང་བླངས་པ། ལྷ་ས་ཁུལ་དུ་ཡོད་པའི་བོད་ཀྱི་གཙུག་ལག་སློབ་ཁང་གི་སློབ་ཕྲུག་སོགས་བོད་ཀྱི་ས་ཁུལ་མང་པོའི་ནང་བོད་ཀྱི་ན་གཞོན་དང་བྱིས་པ་རྣམས་ནས་ཏང་གི་ཚོགས་ཆེན་ཐེངས་ ༢༠ པའི་དབུ་འབྱེད་མཛད་སྒོ་དེ་ཉིད་བརྙན་འཕྲིན་དང་གློག་ཀླད། དེ་བཞིན་ཁ་པར་བརྒྱུད་བལྟས་ཏེ། རང་ཉིད་དགའ་སྣང་ཆེན་པོའི་བྱུང་བའི་ཚོར་བ་དང་ཚོགས་ཆེན་དེའི་བརྒྱུད་ནས་སྲིད་འཛིན་ཞི་ཅིན་ཕིང་དང་། རྒྱ་ནག་དམར་པོའི་གཞུང་ལ་ལ་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཚུལ་འཁོད་འདུགའདི་ག་རླུ་འཕྲིན་ཁང་ནས་གནད་དོན་དེའི་ཐོག་བཞུགས་སྒར་ཁུལ་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱལ་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཉི་འོད་ལགས་སུ་དེ་འབྲེལ་བཅར་འདྲི་ཞུས་སྐབས་ཁོང་གིས། རྒྱ་ནག་གཞུང་ནས་དེ་ལྟར་བྱེད་དགོས་དོན་ནི། འཛམ་གླིང་ཕྱི་ལ་བོད་མི་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ ༢༠ པ་དེ་ལ་དགའ་སྣང་དང་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པའི་འཁྱོག་བརྗོད་ཀྱིས་དྲིལ་བསྒྲགས་ཆེད་ཡིན་པ་དང་འབྲེལ་ནས། དེའི་བརྒྱུད་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་། བོད་རིགས་རྣམས་ནས་དེར་འཁྲུལ་ནོར་གྱི་མགོ་སྐོར་ཐེབས་རྒྱུ་མེད་པ་གསུངས་བྱུང་། དེ་བཞིན་ཁོང་གིས་གལ་ཏེ་ཚོགས་ཆེན་དེའི་བརྒྱུད་ནས་ཞི་ཅིན་ཕིང་སླར་ཡང་དུས་ཡུན་ཐེངས་གསུམ་པར་འཁོད་ཚེ། བོད་ནང་སྔར་ལྷག་དམ་དྲག་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་སེམས་འཚབ་ཡོད་པ་གསུངས་བྱུང་། གཞན་ཡང་གནད་དོན་དེ་དང་འབྲེལ་ནས་ཁ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གི་དེ་ལྟར་བྱེད་དགོས་ནི་ཚོགས་ཆེན་འཚོགས་པའི་རིང་བོད་མི་རྣམས་ཀྱི་ངོ་རྒོལ་བྱ་མི་ཡོང་སྙམ་པའི་ཞེད་སྣང་གི་རྐྱེན་པས་ཡིན་པ་དང་། རྒྱ་ནག་གཞུང་ནས་བོད་འདི་ཧ་ཅང་ཚོར་བ་རྣོ་བའི་གནད་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་འབྲེལ། བོད་ཀྱི་གནད་དོན་ཐག་མ་གཅོད་བར་དུ་དཀའ་ངལ་དེ་དག་སེལ་ཐུབ་ཀྱི་མེད་སྐོར་གསུངས་འདུག  

རེས་གཟའ་ཕུར་བུ། ༢༠༢༢།༡༠།༢༠

ཉན་པ།: Listen ཕབ་ལེན། Download ༸གོང་ས་མཆོག་གིས་དགེ་རྒན་ཚོས་འགྲོ་བ་མིའི་བཟང་སྤྱོད་ཀྱི་བསླབ་གཞིར་ཤུགས་སྣོན་རྒྱག་དགོས་ཞེས་ལམ་སྟོན་སྩལ་བ། དབྱིན་ཡུལ་ནང་པེ་ཅིང་ལྟར་འཕྲེད་དར་འཕྱར་ཏེ་ཞི་ཅིན་ཕིང་གི་སྲིད་དབང་ལ་ངོ་རྒོལ་གནང་འདུག བོད་ཀྱི་སྲོལ་རྒྱུན་རིག་གཞུང་ནང་བེུད་ནང་པ་ཚོའི་འབོད་སྒྲ་ཞེས་པའི་ཐོག་ལོ་ཙཱ་བའི་ཟབ་སྦྱོང་ཐེངས་གཉིས་པ་ཚོགས་པ། རྒྱ་ནག་ཧེེན་མངའ་ཁུལ་དུ་བོུ་ལོ་བཅུ་དྲུག་ཅན་ཞིག་ཟུར་བཀག་ནང་སྨན་བཅོས་མ་རག་པར་འདས་གྲོངས། འཕྲོད་བསྟེན་ཤེས་བྱ་ངོ་སྤྲོད། ཟས་བཅད་ཀྱི་འཕྲོད་བསྟེན་སྐོར། Thursday 20/10/2022 CST Tenzingang turns 50, HHDL urges teachers to strive for cultivation of warm-heartedness and human values in children Activists unfurl banner in Westminster in solidarity with China’s ‘bridge man’ Northwestern University hosts Translation Workshop on Buddhist Women’s Voices Anger in China over death of teen in Covid quarantine centre Health and Wellness: Health benefits of fasting

བསྟན་འཛིན་སྒང་གི་དགེ་རྒན་ཚོར་འགྲོ་བ་མིའི་བཟང་སྤྱོད་ཀྱི་བསླབ་གཞིར་ཤུགས་སྣོན་རྒྱག་དགོས་པ་ལམ་སྟོན་སྩལ་འདུག

ཁ་སང་ཕྱི་ཚེས་ ༡༩ ཉིན་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེ་ནང་རྟེན་གཞི་བྱས་པའི་བསྟན་འཛིན་སྒང་ཉིན་སློབ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་སྟོན་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚམས་འདྲིའི་བཀའ་ཡིག་སྩལ་བའི་ནང་དགེ་རྒན་ཚོས་འགྲོ་བ་མིའི་བཟང་སྤྱོད་ཀྱི་བསླབ་གཞིར་ཤུགས་སྣོན་རྒྱག་དགོས་པ་ལམ་སྟོན་སྩལ་འདུགངཤུགས མཛད་སྒོའི་སྐུ་མགྲོན་གྱི་གཙོ་བོ་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་ཤར་པ་ཆོས་རྗེ་༸རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག པདྨ་ཤྲི་གུ་རུ་རིན་པོ་ཆེ་མཆོག ཨ་རུ་ནཱ་ཅལ་རིག་གཞུང་ཚོགས་ཆུང་གི་ཚོགས་གཙོ་འཇམ་དཔལ་དབང་འདུས་ལགས། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྐུ་ཚབ་རྣམ་པ། སློབ་གྲྭའི་དགེ་ལས་སློབ་ཟུར། མི་མང་བཅས་ལྷན་འཛོམས་ཀྱིས་མཛད་སྒོ་གཟབ་རྒྱས་ཚོགས་འདུགདུས་སྟོན་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་བཀའ་ཡིག་ནང་སློབ་གྲྭ་འདི་ཉིད་རྟེན་གཞི་བྱས་པའི་ས་ཁུལ་ནི་ལོ་རྒྱུས་ཀྱི་ཐོག་ནས་བོད་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད་པ་དང་། སློབ་གྲྭ་དེ་ཁུལ་དེར་ཐོག་མ་བཙན་བྱོལ་ནང་གི་བོད་ཕྲུག་རྣམས་ཀྱི་སློབ་སྦྱོང་ལ་དམིགས་ནས་བཙུགས་ཡོད་ཀྱང་། ད་ལྟའི་ཆར་དེས་ཨ་རུ་ནཱ་ཅལ་གཙོས་པའི་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་ཁག་གི་སློབ་ཕྲུག་རྣམས་ལའང་སློབ་སྦྱོང་གྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་གི་ཡོད་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་བ་དང་ཆབས་ཅིག་སློབ་གྲྭའི་དགེ་རྒན་རྣམས་ནས་སློབ་སྦྱོང་ཟེར་བ་དེ་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཕན་ནུས་འདྲེན་ཐུབ་པའི་ནུས་པ་ཞིག་ཡོད་པ་ངེས་པར་དུ་ཤེས་དགོས་གལ་ཡིན་པ་དང་། ལྷག་པར་དུ་མགོན་པ་༸གང་ཉིད་མཆོག་གིས་དགེ་རྒན་རྣམས་ཀྱིས་སློབ་སྦྱོང་སྤྲོད་སྐབས་འགྲོ་བ་མིའི་ཡ་རབས་བཟང་སྤྱོད་ཀྱི་རིན་ཐང་གི་བསླབ་གཞིར་ཤུགས་སྣོན་རྒྱག་དགོས་པ་དང་། དེ་ནི་མ་འོངས་པར་སློབ་ཕྲུག་དང་སྤྱི་ཚོགས་ལ་ཕུགས་རྒྱང་རིང་པོར་ཕན་ཐོགས་ཆེན་པོ་འབྱུང་ངེས་ཡིན་པ་ལམ་སྟོན་སྩལ་འདུགདེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་ཕྲུག་རྣམས་ཀྱིས་སློབ་སྦྱོང་ཐོག་ནས་རང་ཉིད་ཀྱི་རྣམ་དཔྱོད་དེ་བཟང་ཕྱོགས་ལ་བེད་སྤྱོད་ཐུབ་དགོས་གལ་བཀའ་སྩལ་བ་དང་། དེའི་ནང་སྙིང་རྗེ་དང་སེམས་བཟང་པོ་བྱ་རྒྱུའི་ཐབས་ལམ་ཡོད་པ། དེ་ལྟ་བུའི་སློབ་སྦྱོང་དེས་མ་འོངས་པར་མི་རིགས་ལ་དབྱེ་འབྱེད་མེད་པར་སྤྱི་ཚོགས་ལ་དོན་སྙིང་ལྡན་པའི་ཕན་ནུས་འདྲེན་མཁན་ཞིག་བཟོ་ཡི་ཡོད་པ་བཀའ་སྩལ་འདུགམགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་དབུས་གཞུང་ལ་དེ་ལྟ་བུའི་སློབ་གྲྭར་རྒྱབ་སྐྱོར་དང་ལྷག་པར་དུ་ཨ་རུ་ནཱ་ཅལ་མངའ་སྡེ་གཞུང་མང་གཉིས་ཀྱིས་བཙན་བྱོལ་བོད་མི་རྣམས་ལ་མུ་མཐུད་ནས་མཐུན་འགྱུར་རོགས་རམ་གནང་བ་ནི་བཀའ་དྲིན་ཆེན་པོ་ཡིན་ཞེས་བཀའ་སྩལ་མཛད་འདུགམཛད་སྒོའི་སྐུ་མགྲོན་གཙོ་བོ་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་འཚམས་འདྲི་དང་སྦྲགས་ཏེ་སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་སྤུས་ཚད་ལྡན་པའི་སློབ་སྦྱོང་གི་མཐུན་འགྱུར་གནང་གི་ཡོད་པ་དང་། ལྷག་པར་དུ་རྒྱལ་ཁབ་ཡར་རྒྱས་ཆེད་ཞབས་འདེགས་ཞུ་མཁན་གྱི་སློབ་ཕྲུག་ཚད་ལྡན་གསོ་སྐྱོང་གནང་གི་ཡོད་པར་ཡི་རངས་བསྔགས་བརྗོད་གནང་འདུག དེ་བཞིན་ཁོང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་གི་ནང་དོན་ལུང་འདྲེན་ཞུས་ཏེ་སློབ་ཕྲུག་རྣམས་ལ་སྤྱིར་བཏང་ཤེས་ཡོན་དང་ལྷན་དུ་འགྲོ་བ་མིའི་རིན་ཐང་དང་འབྲེལ་བའི་སློབ་སྦྱོང་སྤྲོད་དགོས་གལ་ཡིན་པ་དང་ཆབས་ཅིག་ཨ་རུ་ནཱ་ཅལ་མངའ་སྡེའི་མི་མང་རྣམས་ཀྱིས་བོད་མི་ལ་བརྟེན་ནས་རང་ཉིད་སྐད་ཡིག་དང་རིག་གཞུང་། ལེགས་བྱང་སོགས་མི་ཉམས་རྒྱུན་འཛིན་ཇི་ལྟར་གནང་དགོས་མིན་སོགས་ལེགས་ཆ་མང་པོ་བླངས་ཡོད་སྐོར་གསུངས་འདུག

དབྱིན་ཡུལ་ནང་པེ་ཅིང་ལྟར་འཕྲེད་དར་འཕྱར་ཏེ་ཞི་ཅིན་ཕིང་གི་སྲིད་དབང་ལ་ངོ་རྒོལ་གནང་འདུག

པེ་ཅིང་ནང་དུ་ཞི་ཅིན་ཕིང་གི་སྲིད་དབང་ལ་ངོ་རྒོལ་གྱིས་འཕྲེད་དར་འཕྱར་བའི་ལས་འགུལ་སྤེལ་བ་ལྟར་ Free Tibet ཞེས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྣེ་ཁྲིད་འོག་དབྱིན་ཡུལ་ནང་དུ་དེ་མཚུངས་ལས་འགུལ་སྤེལ་འདུག དེ་རིང་དབྱིན་ཡུལ་ནང་དུ་རྟེན་གཞི་བྱས་པའི་ Free Tibet ཞེས་བོད་དོན་རྒྱབ་སྐྱོར་བས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་གཟའ་འཁོར་སྔོན་མའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གྱི་སྔ་རོལ་དང་བསྟུན་ཟླ་བ་འདིའི་ཚེས་ ༡༣ ཉིན་པེ་ཅིང་གྲོང་ཁྱེར་གྱི་ཟམ་ཆེན་ལ་རྒྱ་རིགས་གཅིག་གིས་ཞི་ཅིན་ཕིང་གི་སྲིད་དབང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་སྟབས། རྒྱ་གཞུང་ཉེན་རྟོག་མི་སྣས་ཁོང་འཛིན་བཟུང་བྱས་རྗེས་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་པར་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་ལས་འགུལ་བ་ཁག་ཅིག་གིས་པེ་ཅིང་ནང་འཕྱར་བའི་འཕྲེད་དར་དེ་དང་གཅིག་མཚུངས་ཁུལ་དེར་རྟེན་གཞི་བྱས་པའི་ཟམ་ཆེན་དུ་འཕྱར་ཏེ་ཞི་ཅིན་ཕིང་གི་ཏོག་དབྱིབས་གཉན་རིམས་ཀྱི་སྲིད་བྱུས་དང་མི་གཅིག་དབང་སྒྱུར་རིང་ལུགས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག དབྱིན་ཡུལ་གྱི Westminster ཟམ་ཆེན་དུ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཁོངས་སུ་ཡོད་པ་བསྟན་འཛིན་ཀུན་དགའ་ལགས་ཀྱིས་ང་ཚོ་བོད་རིགས་ཤིག་ཡིན་པའི་ཆ་ནས་ཉེ་ཆར་པེ་ཅིང་ནང་ངོ་རྒོལ་གྱི་འཕྲེད་དར་འཕྱར་མཁན་རྒྱ་རིགས་མི་སྣ་དེས་སེམས་ངལ་དང་སུན་གཙེར་ཚོར་ཐུབ་ཀྱི་ཡོད་པ་དང་དེའི་ནང་ནས་དམིགས་བསལ་ཞི་ཅིན་ཕིང་གི་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་བོད་ནང་གི་བོད་མི་མང་དག་ཅིག་གི་ཚེ་སྲོག་ཤོར་བ་དང་ཤིན་ཅང་ནང་གི་ཁ་ཆེ་གྲངས་ཉུང་མི་རིགས་ཚོར་བཟོད་དཀའ་བའི་ཆེས་ངལ་བ་བཟོ་བཞིན་པ་མ་ཟད། ཧོང་ཀོང་གི་རང་དབང་ལ་བརྡལ་བཤིག་ཚབས་ཆེ་གཏོང་བཞིན་ཡོད་པ་བཅས་འགྲེལ་བརྗོད་གནང་སྟེ་ང་ཚོ་དེ་རིང་ཟམ་ཆེན་འདིར་འདུ་འཛོམས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པ་དེ་རང་དབང་དང་དྲང་བདེན་མང་གཙོ་བཅས་ལ་ཉེན་ཁ་ཆེན་པོ་ཆགས་ཡོད་པའི་བརྡ་ལན་གནང་ཆེད་ཡིན་པ་གསུངས་ཡོད། Free Tibet ཚོགས་པའི་ངོས་ནས་ད་རེས་དབྱིན་ཡུལ་ནང་འཕྱར་བའི་འཕྲེད་དར་དེ་མཚུངས་གཞན་ཁག་ཅིག་རྒྱལ་ཁབ་གཞན་ནང་གི་ལས་འགུལ་བར་བསྐུར་ནས་དེ་འབྲེལ་ལས་འགུལ་སྤེལ་བའི་ཐོག་ནས་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲོད་སྦས་བསྐུངས་བྱེད་བཞིན་པའི་དངོས་ཡོད་གནས་ཚུལ་ཁག་མངོན་གསལ་གནང་དགོས་པའི་གཞེན་སྐུལ་གནང་འདུག

རེས་གཟའ་ལྷག་པ། ༢༠༢༢།༡༠།༡༩

ཉན་པ།: Listen ཕབ་ལེན། Download རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་ཁོང་གློད་བཀྲོལ་སླད་ཡོངས་གྲགས་ཐོག་ནས་ལས་འགུལ་སྤེལ་འདུག བོད་མི་སེར་སྐྱ་དྲུག་ལ་ལོ་བཞི་ནས་བཅུ་བཞི་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ། ༸གོང་ས་མཆོག་གིས་རང་དོན་སྒྲུབ་རྒྱུའི་ཐབས་ལམ་ལེགས་ཤོས་དེ་གཞན་གཅེས་འཛིན་ཡིན་པ་བཀའ་སྩལ། ཧོང་ཀོང་གི་ལས་འགུལ་བར་ཉེས་རྡུང་བཏང་མཁན་རྒྱ་ནག་གཞུང་ཚབ་ལས་ཁང་གི་ལས་མི་རྣམས་ཕྱིར་ཕུད་གཏང་དགོས།   Wednesday 19/10/2022 Family of famous imprisoned Tibetan businessman campaign for justice Chinese Govt. sentences six Tibetans to four to fourteen years of imprisonment Helping others is 'wise-selfish', : The Dalai Lama emphasizes practice of Altruism UK summons Chinese diplomat amid call for expulsion over Manchester consulate violence

Latest news