Tibetan Royal Year of 2151 | Year of the Wood Dragon

འགྲོ་ཕན་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་ངོ་ ༡༠༧ འཁོར་བའི་དུས་དྲན་སྲུང་བརྩི།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

དེ་རིང་ཟླ་ ༣ ཚེས་ ༢༣ ཉིན་སྔ་དྲོ་ཚོུད་ ༩.༣༠ སྟེང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་འགྲོ་ཕན་སྨན་ཁང་གི་མཐོ་སློབ་ཚོགས་ཁང་དུ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་ལྷ་ལྡན་འགྲོ་ཕན་སྨན་རྩིས་ཁང་ཕྱག་བཏབ་ཏེ་མི་ལོ་ ༡༠༧ འཁོར་བ་དང་བྱེས་སུ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་བཞུགས་སྒར་དུ་འགྲོ་ཕན་སྨན་རྩིས་ཁང་གསར་འཛུགས་མཛད་དེ་མི་ལོ་ ༦༢ འཁོར་བའི་དུས་ཆེན་སྲུང་བརྩི་མཛད་སྒོ་གཟབ་རྒྱས་ཚོགས་སོང་།

མཛད་སྒོའི་སྐུ་མགྲོན་གཙོ་བོ་འགྲོ་ཕན་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཞོན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས་དང་དམིགས་བསལ་སྐུ་མགྲོན་ཀངྒར་ཨ་ཡུ་ཤི་ལས་ཁུངས་ཀྱི་ངེས་སྟོན་པ་གཞོན་པ་སྐུ་ཞབས་ Anil Kumar Garg ལགས་དང་ཕྱི་སྲིད་ལས་ཁུངས་ཀྱི་དམིགས་བསལ་སྐུ་ཚབ་ Deepak Padma Kumar ལགས་རྣམ་གཉིས་གཙོས་སྤྱི་འཐུས་རྒྱུན་ལས་དང་༸སྐུ་བཅར་སྨན་པ་རྣམ་པ། དེ་བཞིན་འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་གིས་དབུས་པའི་དགེ་ལས་སློབ་གཉེར་བ་སོགས་མཉམ་ཞུགས་གནང་འདུག

སྐབས་དེར་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་འགྲོ་ཕན་སྨན་རྩིས་ཁང་ནི་བཙན་བྱོལ་སྤྱི་ཚོགས་ནང་མང་ཚོགས་ལ་ཕན་རླབས་ཆེན་པོ་སྒྲུབ་ཐུབ་མཁན་གྱི་ཚོགས་པ་གལ་ཆེན་ཞིག་ཆགས་ཀྱི་ཡོད་སྟབས། ཚོགས་པས་ད་ནས་བཟུང་འདས་ཟིན་པའི་ལས་དོན་དང་འབྲེལ་བའི་ལོ་རྒྱུས་ཁག་ལ་ཕྱིར་དྲན་གནང་རྒྱུ་ལས་ཚོགས་པའི་རྩིས་ཉར་སྟངས་དང་འཛིན་སྐྱོང་གི་ལས་དོན་གནང་ཕྱོགས་སོགས་ཚགས་ཆུད་དགོས་པ་དང་ལྷག་དོན་ཚོགས་པའི་ལས་དོན་ཆེ་འབྲིང་གསུམ་གང་ཞིག་གཉེར་རུང་དེ་དག་ཡོངས་རྫོགས་ཁྲིམས་དང་སྒྲིག་གཞི་ཚད་ལྡན་ཐོག་ནས་གནང་གལ་ཆེ་བ་དང་། མ་འོངས་འགྲོ་ཕན་སྨན་རྩིས་ཁང་གི་མ་འོངས་ལས་དོན་གནང་ཕྱོགས་ཐོག་མི་མང་གི་བདེ་དོན་སྒྲུབ་རྒྱུ་དང་མཉམ་ཚོང་གི་ཁེ་ཕན་ཐོག་ལའང་གཟིགས་དགོས་གལ་གྱིས་རྒྱུན་གནས་སྲ་བརྟན་དགོས་པར་གསུངས་སོང་།

དམིགས་བསལ་སྐུ་མགྲོན་ཀངྒ་ར་ཨ་ཡུ་ཤི་ལས་ཁུངས་ཀྱི་ངེས་སྟོན་པ་གཞོན་པ་སྨན་པ་ Anil Kumar Garg ལགས་ཀྱིས་སྨན་རྩིས་ཁང་བསྐྱར་འཛུགས་གནང་ནས་ལོ་ངོ་ ༦༢ འཁོར་བའི་དུས་ཆེན་ལ་སྨན་རྩིས་ཁང་གི་ལས་སློབ་ཡོངས་ལ་འཚམས་འདྲི་གནང་སྟེ། རྒྱ་གར་གཞུང་གིས་གསོ་བ་རིག་པར་ཆེ་མཐོང་གནང་གི་ཡོད་པ་དང་། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ནས་སྨན་རྩིས་ཁང་ལ་ཆེ་མཐོང་གནང་གི་ཡོད་པར་མ་ཟད། ད་བར་སྨན་རྩིས་ཁང་གིས་སྨན་བཅོས་ཐབས་ལམ་བརྒྱུད་ནས་མང་ཚོགས་དུ་མའི་འཕྲོད་བསྟེན་ཐོག་ཕན་ཐོགས་ཆེན་པོ་བྱུང་ཡོད་སྟབས་མུ་མཐུད་ནས་དེ་ལྟར་ཕྱག་ལས་གནང་དགོས་པ་གསུངས་སོང་།

འགྲོ་ཕན་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ ༡༠༧ འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོ་ཐོག་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས་འགྲོ་ཕན་སྨན་རྩིས་ཁང་དེ་ཉིད་ཐོག་མ་གཞིས་བྱེས་གཉིས་སུ་ཕྱག་བཏབ་ནས་རིམ་པས་རྒྱ་སྐྱེད་ཕྱིན་ནས་ད་ལྟའི་ཆར་རྒྱ་བལ་གཉིས་སུ་འགྲོ་ཕན་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁྱོན་ ༦༣ ཡོད་པའི་ནངལས་བྱེད་ ༦༤༡ ཡོད་པ་སོགས་ཚོགས་པའི་འདས་མ་ད་གསུམ་གྱི་གནས་བབ་ངོ་སྤྲོད་གནང་བ་དང་སྦྲགས། དུས་ཆེན་དེའི་ཐོག་ནས་སྐབས་ཉི་ཤུའི་སྨན་པ་ཁྲོད་ནས་སྒེར་གྱི་སྨན་ཁང་གཉེར་མཁན་ཡོད་ཚེ་འགྲོ་ཕན་སྨན་རྩིས་ཁང་ནས་སྨན་དང་རིན་ཆེན་རིལ་བུ། ཐོན་དངོས་བཅས་ལ་བརྒྱ་ཆ་ཉི་ཤུ་ཙམ་ཆག་ཡང་ཐོག་ནས་བླུ་ཡོན་ཆོག་པའི་གསལ་བསྒྲགས་གནང་ཡོད།

དེ་རིང་གི་མཛད་སྒོ་དང་བསྟུན་འགྲོ་ཕན་སྨན་རྩིས་ཁང་ནས་༸སྐུའི་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་སུ་སྔ་ལོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་གཟེངས་བསྟོད་ཕྱག་འཁྱེར་ཕུལ་བར་དགའ་བསུའི་བསྔགས་བརྗོད་དང་འབྲེལ་མངོན་བསྟོད་ཀྱི་ཕྱག་རྟགས་ཤིག་ཕུལ་སོང་བར་མ་ཟད། འགྲོ་ཕན་སྨན་རྩིས་ཁང་གི་ལས་བྱེད་ཞབས་ལོ་ ༣༠ དང་ ༢༠ འཁོར་བ་རྣམས་ལ་གཟེངས་བསྟོད་དང་། དེ་བཞིན་སྐབས་ཉི་ཤུའི་སློབ་ཐོན་སྨན་པ་བཅས་ལ་ཕྱག་འཁྱེར་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།