Tibetan Royal Year of 2151 | Year of the Wood Dragon

བོད་རྒྱལ་ཐང་རྫོང་ནས་བོད་མི་གཉིས་འཛིན་བཟུང་།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

བོད་རྒྱལ་ཐང་རྫོང་ཚེ་ཐར་སྡེ་བ་ནས་ཡིན་པའི་བོད་མི་གཉིས་རྒྱ་གཞུང་ཉེན་རྟོག་པས་བཙན་ཁྲིད་བྱས་ཏེ་ཟླ་བ་གསུམ་ཙམ་འགྲོ་བཞིན་འདུག

བོད་ཀྱི་དུས་བབ་གསར་ཁང་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་བྱུང་བར་གཞིགས་ན།  འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡ ཡས་མས་ཤིག་ལ་རྒྱ་གཞུང་ཉེན་རྟོག་པས་བོད་ཡུན་ནན་ཞིང་ཆེན་རྒྱང་ཐང་རྫོང་ནས་ཡིན་པའི་བོད་མི་བཀྲ་ཚེ་ལགས་དང་དོན་ཁོ་ལགས་གཉིས་རྫོང་ཐོག་ཏུ་བཟའ་བཅའ་ཉོ་རུ་ཕྱིན་ཏེ་དགོང་མོར་རྫོང་དུ་ཡོད་པའི་སྒྲོལ་མའི་ཁྱིམ་ཞེས་པའི་མགྲོན་ཁང་ཞིག་ཏུ་ཞག་སྡོད་གནང་སྐབས་ཁོང་གཉིས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཏེ་ཟླ་བ་གསུམ་འགྲོ་བཞིན་ཡོད་པར་མ་ཟད། ད་བར་ཁོང་གཉིས་ཀྱི་ནང་མི་རྣམས་ལ་རྒྱ་གཞུང་གིས་རྒྱུ་མཚན་གང་ཡིན་གསལ་ཁ་མེད་པར་བཀག་ཉར་འོག་བཞག་ཡོད་པ་རེད་འདུག

ཁོང་གཉིས་འཛིན་བཟུང་བྱས་ཏེ་ཉིན་གསུམ་ཙམ་གྱི་རྗེས་སུ་རྫོང་ཉེན་རྟོག་པས་ཁོང་གཉིས་ཀྱི་ནང་མིར་ཁ་པར་བཏང་ནས་ཉེན་རྟོག་ཁང་དུ་འབོད་འགུག་གིས་ཁོང་གཉིས་ཀྱི་ཁ་པར་སྔོག་བཤེར་དང་དཔལ་འབྱོར་ཡོང་ཁུངས་སོགས་ལ་འདྲི་རྩད་ནན་པོ་བྱས་རྗེས་རང་ཁྱིམ་དུ་ལོག་བཏང་ཡོད་པ་རེད་འདུག

ཉེ་ལམ་ཞིག་ནས་ས་གནས་དེར་ཤིང་ནགས་གཅོད་འབྲེག་དང་ནག་འཚོང་བྱེད་ཀྱི་ཡོད་སྐོར་བརྗོད་དེ་མི་མང་པོ་ཞིག་འཛིན་བཟུང་བཙན་ཁྲིད་བྱས་དང་བྱེད་བཞིན་ཡོད་སྟབས། བོད་མི་བཀྲ་ཚེ་ལགས་དང་དོན་ཁོ་ལགས་གཉིས་ལའང་ནག་ཉེས་དེ་འདྲ་བཙུགས་ཡོད་སྲིད་ཀྱང་། དོན་དངོས་ཐོག་ཁ་གཡར་ས་བཙལ་བ་ཙམ་ལས་ཤིང་ནགས་གཅོད་འབྲེག་སོགས་ལ་འབྲེལ་བ་གང་ཡང་མེད་སྐོར་གསུངས་འདུག

 རྩ་བའི་རང་ལོ་ ༤༦ ཡིན་པའི་བཀྲ་ཚེ་ལགས་དང་རང་ལོ་ ༢༦ ཡིན་པའི་དོན་ཁོ་ལགས་གཉིས་རྒྱལ་ཐང་རྫོང་ཚེ་ཐར་སྡེ་བ་ནས་ཡིན་ཞིང་། དོན་ཁོ་ནི་བཀྲ་ ཚེ་ཚང་གི་མག་པ་ཡིན་འདུག ཁོང་གཉིས་ཀྱིས་ནམ་རྒྱུན་ཁང་བཟོ་དང་ལམ་ལས་སོགས་ཞོར་ལས་གནང་སྟེ་དཔལ་འབྱོར་ཡོང་སྒོ་འཚོལ་གྱི་ཡོད་པ་རེད། པར་བོད་ཀྱི་དུས་བབ།

འབྲེལ་ཡོད་གསར་གནས།

གསར་གནས།