Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་འཐབ་རྩོད་ཁྲོད་ཆ་ཤས་བཞེས་ཕྱོགས་སྐོར་ཚོགས་འདུ་ཚོགས་པ། 

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

ཉེ་ཆར་ཟླ་ ༤ ཚེས་ ༧ ཉིན་རྒྱ་གར་བྱང་ཕྱོགས་བི་ཧཱར་མངའ་སྡེ་ནང་རྟེན་གཞི་བྱས་པའི་ The India Tibet Friendship Society ཞེས་པའི་བི་ཧཱར་གི་འཕགས་བོད་མཛའ་འབྲེལ་ཚོགས་པས་བི་ཧཱར་ནང་རྟེན་གཞི་བྱས་པའི་Gandhi Peace Foundation Hall ནང་སྐུ་ཞབས་Ramchandrakhan མཆོག་གི་དྲན་རྟེན་གྱི་གཏམ་གླེང་ཞིག་གོ་སྒྲིག་གནང་འདུག་པ་དང་། ཐེངས་འདིའི་གཏམ་གླེང་གི་བརྗོད་གཞི་གཙོ་བོ་རྒྱ་གར་བའི་ངོས་ནས་བོད་དོན་འཐབ་རྩོད་ཁྲོད་ཆ་ཤས་བཞེས་ཕྱོགས་སྐོར་ཡིན་པ་རེད། 

 ལྷན་ཚོགས་དེར་གཙོ་བོ་བི་ཧཱར་གི་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Dr Harendra Kumar ལགས་ཀྱིས་གཙོ་སྐྱོང་གནང་བ་དང་སྦྲགས། སྐུ་མགྲོན་གྱི་གཙོ་བོར་བི་ཧཱར་མངའ་སྡེའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ Dr Sanjay Paswan ལགས་དང་དཔལ་འབྱོར་རིག་གནས་ལ་མཁས་པ་ Dr. Naval Kishore Chaudhary ལགས་བཅས་དབུས་དམིགས་བསལ་སྐུ་མགྲོན་ཚེ་འདས་རཱམ་ཅནྡྲ་ཁཱན་ལགས་ཀྱི་བུ་མོ་ལྕམ་ Anuradha Shankar ལགས། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས་བཅས་་མཉམ་ཞུགས་གནང་འདུག

རྩ་བའི་སྐུ་ཞབས་ Ramcharan ལགས་ནི་རྒྱ་གར་གྱི་ཉེན་རྟོག་མགོ་དཔོན་ཟུར་པ་དང་དུས་དང་རྣམ་པ་ཀུན་ཏུ་བོད་དོན་ལ་ཞལ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་ཤུགས་ཆེར་གནང་མཁན་ཞིག་ཡིན་པ་དང།  ལྷག་པར་བི་ཧཱར་མངའ་སྡེ་ནང་རྟེན་གཞི་བྱས་པའི་ The India Tibet Friendship Society འམ་བི་ཧཱར་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པས་འཕགས་བོད་མཛའ་འབྲེལ་ཚོགས་པའི་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ལྷན་ཚོགས་ཐོག་གཙོ་བོ་སྐུ་མགྲོན་རྣམས་ཀྱིས་བོད་དེ་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཡིན་པར་མངོན་གསལ་དང་འབྲེལ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་ཡོད་པའི་བོད་མི་རྣམས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་དང་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད་པའི་རྒྱ་གཞུང་གི་ངན་སྤྱོད་ཁག་ཐེར་འདོན་གནང་ཡོད་པ་གསུངས་སོང་།

ལྷན་ཚོགས་ཐོག་ཚོགས་བཅར་བ་རྣམས་ཀྱིས་རྒྱ་གར་གཞུང་གི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྙན་གྲགས་ཆེ་བའི་སྤྱི་དམངས་ཆེས་མཐོའི་གཟེངས་རྟགས་ Bharat Ratna འབུལ་བཞེས་དགོས་པ་དང་། རྒྱ་ནག་གིས་འཕགས་བོད་མཐའ་མཚམས་སུ་སིམ་འཛུལ་གྱིས་རྒྱ་གར་གྱི་བདེ་འཇགས་ལ་གནོད་གཞིའི་བྱ་སྤྱོད་རིམ་པ་སྤེལ་བཞིན་པ་རྣམས་ལ་རྒྱ་གར་གྱི་ངོས་ནས་འཁོན་ལེན་ནན་པོ་སློག་དགོས་པའི་ཞུ་སྐུལ་ཡང་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།