Tibetan Royal Year of 2151 | Year of the Wood Dragon

ཡོ་རོབ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚོགས་པ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

ཕྱི་ཟླ་ ༤ ཚེས་ ༢༢ ནས་ ༢༤བར་ཉིན་གྲངས་གསུམ་རིང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་ཡོ་རོབ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ས་གནས་ཚོགས་འདུ་བསྐོང་ཚོགས་གནང་ཡོད་པ་རེད།

ཚོགས་འདུ་ཐོག་རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་གི་ལས་དོན་གནང་མཁན་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་ Michael Van Walt ལགས་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གི་ལྕམ་ Gloria Montgomery ལགས་རྣམ་གཉིས་གཙོས་ཡོ་རོབ་རྒྱལ་ཁབ་བཅུ་བཞི་ནས་འཇར་མ་ནིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འཇར་མ་ནིའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། སུད་བོད་མཐུན་གྲོགས་ཚོགས་པ་སོགས་ནས་ཚོགས་བཅར་བ་མི་གྲངས་ ༤༠ ཙམ་ཕེབས་ཡོད་པ་རེད།

ཉིན་གསུམ་རིང་གི་ཚོགས་འདུ་ཐོག་གཙོ་བོ་བོད་དོན་ཞུ་གཏུག་གོང་འཕེལ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ནུས་ཤུགས་ཇེ་ཆེར་གཏོང་ཕྱོགས་མཚོན་པའི་གནད་དོན་ཁག་གཅིག་ཐོག་བགྲོ་གླེང་ཞིབ་རྒྱས་གནང་འདུག

རླུང་འཕྲིན་ཁང་གིས་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་སུ་དེ་འབྲེལ་བཀའ་འདྲི་ཞུས་ཡོད།  

འབྲེལ་ཡོད་གསར་གནས།

Sunday 19/05/2024

Saturday 18/05/2024

Friday 17/05/2024

གསར་གནས།