Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་དབུ་བཞུགས་ཐོག་མ་ཧཱ་གུ་རུའི་འབུམ་ཚོགས་དབུ་འཛུགས།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

ཁ་སང་ཟླ་ ༩ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་དབུ་བཞུགས་ཐོག་མ་ཧཱ་གུ་རུའི་འབུམ་ཚོགས་ཐེངས་ ༤༨ དབུ་འཛུགས་གནང་སོང་།

བོད་མིའི་དང་སློབ་ཀྱིས་རྒྱུ་སྦྱོར་ཞུས་ཏེ་ཁ་སང་ཚེས་ ༢༤ ཉིན་དབུ་འཛུགས་ཀྱིས་ཚེས་ ༢༨ བར་ཉིན་ལྔའི་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸རྒྱལ་བའི་༸སྐུ་ཕྱྭའི་བསྟན་སྲིད་ཞབས་རིམ་དང་བོད་བསྟན་སྲིད་ཀྱི་དོན་དུ་རིག་འཛིན་གདུང་སྒྲུབ་ཀྱི་ཆོ་གའི་སྒོ་ནས་མ་ཧཱ་གུ་རུའི་འབུམ་ཚོགས་སྨིན་གྲུབ་གནང་སོང་།

ཁ་སང་འབུམ་ཚོགས་ཀྱི་ཉིན་དང་པོའི་ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་༸སྐྱབས་རྗེ་འོད་གསལ་རིན་པོ་ཆེ་མཆོག་དང་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་འདུས་ཚོགས་དབུས་བཞུགས་སྒར་ཁུལ་གྱི་རིས་མེད་ཆོས་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ་དང་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་མང་ཚོགས་བཅས་བརྒྱ་ཕྲག་ལྷག་ལྷན་ཞུགས་ཀྱིས་མ་ཧཱ་གུ་རུའི་ཚོགས་མཆོད་འབུམ་ཐེར་སྨིན་སྒྲུབ་ཞུས་ཡོད།

༸གོང་ས་མཆོག་གི་མཛད་འཆར་ཁག་ལ་གཞིགས་ན། བཞུགས་སྒར་ཕྱི་ཕྱོགས་ཀྱི་མཛད་འཆར་ཐོག་མ་དེ་གནངས་ཕྱི་ཚེས་ ༢༧ ཉིན་བཞུགས་སྒར་གྱི་ཉེ་འཁྲིས་སུ་ཆགས་པའི་བཀྲ་ཤིས་ལྗོངས་ཁམས་པ་སྒར་གྱི་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་ཁང་གསར་པའི་རྟེན་དང་བརྟེན་པ་བཅས་པ་རབ་གནས་དབུ་འབྱེད་མཛད་རྒྱུ།

་དང་དེ་རྗེས་ཕྱི་ཟླ་ ༡༠ ཚེས་ ༢ ནས་ ༤ ཉིན་གྲངས་གསུམ་རིང་མགོན་པོ་༸གང་ཉིད་མཆོག་གིས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བཞུགས་སྒར་དྷརྨ་སཱ་ལཱའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ལམ་རིམ་བསྡུས་དོན་དང་བློ་སྦྱོང་དོན་བདུན་མ།

སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཀྱི་བཀའ་ཆོས་སྩལ་གཏན་ཁེལ་ཡོད་པར་མ་ཟད་ཟླ་བ་དེའི་ཟླ་དཀྱིལ་ཙམ་རྒྱ་གར་བྱང་ཤར་འབྲས་ལྗོངས་ཁུལ་དུ་ཆིབས་བསྒྱུར་གྱིས་མཛད་འཆར་ཁག་ཅིག་བཀའ་དྲིན་བསྐྱང་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།