Tibetan Royal Year of 2151 | Year of the Wood Dragon

རྒྱ་དམར་གྱི་བསླུ་བྲིད་འོག་མི་ཚུད་པར་ཡིད་གཟབ་དགོས་པའི་འབོད་སྐུལ།

Tibetan News Headlines

  • Tibetan parliament to resume tomorrow after safety assurance from Security Department
  • French museums have yet to provide any assurance after succumbing to pressure from China- replacing ‘Tibet’ with ‘Xizang’
  • Preliminary prayer service for the Dalai Lama’s long life begins in Dharamshala
  • China promotes third plenary session of the 20th national congress across Tibet
  • Chinese students are undermining academic freedom at UK universities

རེས་གཟའ་ཟླ་བ། ༢༠༢༤།༠༩།༡༦

  • བདེ་སྲུང་ལས་ཁུངས་ཀྱིས་སྤྱི་འཐུས་རྣམ་པའི་བདེ་འཇགས་ཐད་འགན་ཁུར་བཞེས་རྒྱུའི་ཁས་ལེན་ཐོག་སང་ཉིན་གྲོས་ཚོགས་རྒྱུན་སྐྱོང་གནང་གི་རེད་ཅེས་གསུངས་སོང་།
  • རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་བྲིས་དང་མི་རིགས་རྩ་གཏོར་གྱི་བྱ་སྤྱོད་ལ་རམ་འདེམས་བྱེད་མཁན་ཧྥ་རན་སི་འགྲེམ་སྟོན་ཁང་ལ་ཁ་གཏད་གཅོག་ཐབས་ཀྱིས་ལས་འགུལ་སྤེལ་བཞིན་པ།
  • བཞུགས་སྒར་དུ་བརྟན་བཞུགས་ཀྱི་སྒྲུབ་ཞག་འཚོགས་བཞིན་པ།
  • རྒྱ་གཞུང་གིས་བོད་ས་གང་སར་སྐབས་ ༢༠ པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་འདུག
  • རྒྱ་རིགས་སློབ་མ་ཚོས་དབྱིན་ཡུལ་སློབ་ཆེན་ཁག་གི་ཤེས་ཡོན་རང་དབང་ལ་དོ་ཕོག་གཏོང་བཞིན་ཡོད་པ་གསུངས་འདུག

ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༧ མཇུག་སྒྲིལ་དང་བསྟུན་བཙན་བྱོལ་དུ་བཞུགས་པའི་བོད་མི་རྣམས་ལ་རྒྱ་དམར་གྱི་བསླུ་བྲིད་འོག་མི་ཚུད་པར་ཡིད་གཟབ་དགོས་པའི་འབོད་སྐུལ་གནང་འདུག

ཉེ་ཆར་ཟླ་ ༡༠ ཚེས་ ༡༤ དང་ ༡༥ བཅས་ཉིན་གྲངས་གཉིས་ཀྱི་རིང་ལྷོ་ཝེལ་གྱི་ཝ་ག་ཝ་ག་གྲོང་ཁྱེར་དུ་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༧ བསྐོང་ཚོགས་གནང་སྟེ། གནས་ཡུལ་རྒྱལ་ཁབ་ནང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་སྲུང་སྐྱོབ། ས་གནས་ཁག་གི་གཟའ་མཇུག་སློབ་གྲྭ་ཡར་རྒྱས་གཏོང་ཕྱོགས། བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ། བོད་དོན་དང་བླངས་ཞལ་འདེབས་འཐུས་གཙང་བསྡུ་ཐབས་ཞུ་རྒྱུ། བོད་དོན་ཞུ་གཏུག་ལས་གཞི་དང་སྤྱི་སྨན་གྲོས་ཆོད་བཅས་དོན་ཚན་དྲུག་གཏན་འབེབས་གནང་འདུག

ལྷག་དོན་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པས་ཐེངས་འདིའི་གྲོས་གཞི་དོན་ཚན་དང་པོ། གནས་ཡུལ་རྒྱལ་ཁབ་ནང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་རྒྱ་གཞུང་གིས་དུས་ནས་དུས་སུ་བོད་མི་ཚོར་ཚུལ་མིན་བསླུ་བྲིད་བྱ་ཐབས་ཀྱི་བྱ་ངན་སྤེལ་རིགས་འགོག་ཐབས་ལ་ཆེད་དམིགས་ཀྱིས་བོད་རིགས་སྤུན་ཟླ་ཡོངས་ནས་ལངས་ཕྱོགས་བརྟན་པོས་དོགས་ཟོན་དང་ཡིད་གཟབ་གནང་གལ་ཆེའི་འབོད་སྐུལ་གྱི་བསྒྲགས་གཏམ་སྤེལ་འདུག

རླུང་འཕྲིན་ཁང་གིས་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པ་སྐལ་བཟང་ཚེ་རིང་ལགས་སུ་དེ་འབྲེལ་བཅའ་འདྲི་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།