Tibetan Royal Year of 2151 | Year of the Wood Dragon

ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅོ་ལྔ་པ་དབུ་འཛུགས།

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་ལས་བྱེད་གསོལ་ཚིགས་ཁང་གི་ཡང་སྟེང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅོ་ལྔ་པ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ལྷན་ཁང་ཁག་གི་དྲུང་ཆེ་ཁག དེ་བཞིན་ཚོགས་བཅར་བ་ས་གནས་ཁག་ ༤༥ འགོ་འཛིན་རྣམ་པ་ལྷན་འཛོམས་གནང་སོང་།

འདི་ག་རླུང་འཕྲིན་ཁང་ལ་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཉིན་གྲངས་བཞིའི་རིང་གི་ས་འགོ་རྣམ་པའི་ཚོགས་ཆེན་ཐེངས་ ༡༥ ཐོག་ས་འགོ་རྣམ་པའི་ལས་དོན་གནང་ཕྱོགས་དང་ས་ཁང་སྒྲིག་གཞི། མི་འབོར་བསྐྱར་ཞིབ། འཛིན་སྐྱོང་གི་ལས་དོན་སོགས་གྲོས་བཞི་དོན་ཚན་ཁག་བཅུ་དང་ས་འགོ་རྣམ་པར་གོ་རྟོགས་སྤེལ་རྒྱུའི་དོན་ཚན་ལྔའི་ཐོག་བཀའ་བསྡུར་གནང་རྒྱུ་དང་། འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༤ པའི་གྲོས་ཆོད་ཁག་ལ་ཞིབ་བཤེར་སྙན་སྒྲོན་ཞུ་རྒྱུ་ཡིན་པ་སོགས་གསུངས་སོང་།

ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་ཐོག་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་གཙོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དང་མི་རབས་རྒན་པ་ཚོས་བོད་སྤྱིའི་དོན་དུ་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་བ་རྣམས་དྲན་པའི་སྒོ་ནས་སྤྱི་བའི་ཞབས་ཞུ་གཉེར་མཁན་ཞིག་ཡིན་བསམ་དགོས་པ་དང་ལས་དོན་གནང་སྐབས་འགྲིག་དང་མ་འགྲིག་ མཐུན་དང་མ་མཐུན་དེ་འདྲ་ཡོང་སྲིད་ཀྱང་ཀུན་སློང་བཟང་པོའི་ཐོག་ནས་ཕྱག་ལས་གནང་དགོས་གལ་ཡིན་པར་ལམ་སྟོན་གནང་བ་དང་སྦྲགས་ཏེ། ས་གནས་འགོ་འཛིན་རྣམ་པས་སོ་སོའི་ས་གནས་དང་འབྲེལ་བའི་གནས་ཚུལ་དང་གྲངས་ཐོ་སོགས་ངེས་པར་དུ་གསལ་རྟོགས་ཐུབ་དགོས་པ་སོགས་གསུངས་ཡོད།

དེ་བཞིན་ཁོང་གིས་འདི་ལོའི་ཕྱི་ཟླ་ ༤ ནང་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་མ་འོངས་བོད་ཀྱི་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་ཞིག་འདོན་སྤེལ་གནང་བ་དེ་གཙོ་བོོ་ས་འགོ་རྣམ་ལ་ཐད་དཀར་འབྲེལ་བ་ཆགས་ཀྱི་ཡོད་སྐོར་གསུངས་པ་དང་འབྲེལ་ཏེ་ས་འགོ་རྣམས་ཀྱིས་དེར་སློབ་སྦྱོང་གནང་དགོས་ཞེས་གསུངས་སོང་བར་མ་ཟད། ས་འགོ་རྣམ་པའི་ཕྱག་ལས་ཁྲོད་མི་མང་ལ་དབྱེ་འབྱེད་རིགས་ནམ་ཡང་གནང་རྒྱུ་མེད་པ་དང་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་ཐོག་ནས་ཕྱག་ལས་གནང་རྒྱུར་འབད་རྩོལ་གནང་དགོས་པའི་ལམ་སྟོན་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།