Tibetan Royal Year of 2151 | Year of the Wood Dragon

གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་བདེ་བོར་འཁོད་པ།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༡༢ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༡༠། ༣༠ ཡོལ་ཙམ་ལ་འཕགས་ཡུལ་གྱི་གནས་མཆོག་རྡོ་རྗེ་གདན་དུ་ཉེ་འདབས་སུ་རྟེན་གཞི་བྱས་པའི་བཞུགས་གནས་རྣམ་གྲྭ་དགའ་ལྡན་འཕེལ་རྒྱས་གླིང་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་སོང་།

མགོན་པོ་༸གང་ཉིད་མཆོག་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བཀའ་དྲིན་མཛད་སྐབས་བོད་མིས་གཙོས་པའི་ཧི་མཱ་ལ་ཡའི་རི་རྒྱུད་དང་། ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་ མང་པོས་ཕྱག་ཏུ་མཇལ་དར་དང་བདུག་སྤོས་ཐོགས་ཏེ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་འབྲས་ལྗོངས་དང་ནུབ་བྷེང་གྷལ་ནང་གི་ཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་དེ་རིང་སྔ་དྲོ་ཕྱག་ཚོད་ ༩ སྟེང་ Bagdora ནས་གཱ་ཡའི་གནམ་ཐང་བར་དམིགས་བསལ་ལམ་ Chartered གནམ་གྲུར་བཞུགས་ཏེ་མཁའ་ལམ་བརྒྱུད་ཕེབས་འབྱོར་བྱུང་ཡོད་པ་དང་། དེ་ནས་ཆིབས་གྲུ་བརྒྱུད་རྡོར་གདན་བཞུགས་གནས་རྣམ་གྲྭ་དགའ་ལྡན་འཕེལ་རྒྱས་གླིང་དུ་༸ཞབས་སོར་བདེ་བར་འཁོད་སོང་།

ཐེངས་འདིར་གནས་མཆོག་རྡོ་རྗེ་གདན་དུ་མགོན་པོ་༸གང་ཉིད་མཆོག་གི་མཛད་འཆར་ཐུགས་གཏན་ཁེལ་ཁག་ལ་གཞིགས་ན། སང་ཉིན་ཕྱི་ཚེས་ ༡༦ ཉིན་མགོན་པོ་༸གང་ཉིད་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་སྐུ་མདུན་དུ་གནས་གཟིགས་མཛད་ཀྱི་འདུག་པ་དང་། ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་དུ་ཉིན་གསུམ་རིང་དགའ་ལྡན་ཕོ་བྲང་ཡིག་ཚང་དང་། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས། དགའ་ལྡན་ཕོ་བྲང་གི་ལྷོ་ཤར་ཨེ་ཤེ་ཡའི་འབྲེལ་མཐུད་ལས་ཁུངས་སོགས་ནས་གོ་སྒྲིག་ཞུས་པའི་ལེགས་སྦྱར་དང་པཱ་ལིའི་ཆོས་བརྒྱུད་དབར་དུས་མཐུན་གྱི་འབྲེལ་ཟམ། དེང་གི་འཛམ་གླིང་དུ་ནང་ཆོས་ཀྱི་བགྲོ་གླེང་ཞེས་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་བཀའ་དྲིན་མཛད་རྒྱུ། ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་སླར་ཡང་བྱང་ཆུབ་ཆེན་པོའི་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་དུ་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ།

ལྷག་པར་དུ་ཕྱི་ཚེས་ ༢༩ དང་ ༣༠ བཅས་ཉིན་གཉིས་རིང་གི་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཆོས་ར་བར་༸དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། ཚེས་ ༣༡ ཉིན་གྱི་སྔ་དྲོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་རྒྱུ། ཕྱི་ལོ་ ༢༠༢༤ ཕྱི་ཟླ་ ༡ ཚེས་ ༡ སྟེ་ཕྱི་ལོ་གསར་བཞད་དང་བསྟུན་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་གཉེར་བ་ལས་ཟུར་གཙོས་བོད་མིའི་ཚོགས་སྡེ་ཁག་གཅིག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་ཡོད་པ་རེད།

གསར་འགོད་པས་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཐུགས་འགན་གཙོ་བོ་བཞེས་མཁན་རྡོར་གདན་རྣམ་གྲྭ་དགའ་ལྡན་འཕེལ་རྒྱས་གླིང་གི་འགན་འཛིན་གྲྭ་བསྟན་འཛིན་དཀོན་མཆོག་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ཐེངས་འདིའི་གསུང་ཆོས་སྐབས་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བདུན་ཅུ་ལྷག་ཕེབས་རྒྱུར་ཚོད་དཔག་གནང་གི་ཡོད་སྐོར་གསུངས་པ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་འཁོད་པ་ཙམ་གྱིས་དད་ལྡན་ཆོས་ཞུ་བ་དང་ས་གནས་གཞུང་མང་གཉིས་ལ་ཕན་ཐོགས་རླབས་ཆེན་བྱུང་ཡོད་ཅེས་དེ་ལྟར་གསུངས་ཡོད། ༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

འབྲེལ་ཡོད་གསར་གནས།

གསར་གནས།