Tibetan Royal Year of 2151 | Year of the Wood Dragon

སྐུ་ཞབས་ Donald Tus མཆོག་སླར་པོ་ལན་ཌིའི་སྲིད་འཛིན་དུ་བསྐོ་བཞག་བྱུང་བར་འཚམས་འདྲི་མཛད་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཁ་སང་ཟླ་ ༡༢ ཚེས་ ༡༤ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་ Donald Tus མཆོག་སླར་ཡང་པོ་ལན་ཌིའི་སྲིད་འཛིན་དུ་བསྐོ་བཞག་བྱུང་བར་དགའ་བསུའི་འཚམས་འདྲི་དང་སྦྲགས་ཏེ་སྐུ་ཞབས་ཁོང་གིས་པོ་ལན་ཌིའི་མང་ཚོགས་ཀྱི་མངོན་འདོད་དང་དགོས་མཁོ་ཁག་བསྒྲུབ་པར་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ནུབ་བྷེང་གལ་ནས་སྩལ་བའི་འཚམས་འཕྲིན་ནང་། མགོན་པོ་༸གང་ཉིད་མཆོག་གིས་པོ་ལན་ཌིའི་རྒྱལ་ཁབ་ཀྱིས་རྒྱལ་ནང་ཙམ་མིན་པར་གོ་ལ་ཁྱོན་ཡོངས་ལ་མང་གཙོའི་སྐོར་གོང་སྤེལ་གནང་བར་འབད་བརྩོན་རྒྱ་ཆེར་གནང་བར་ཡི་རང་མཛད་འདུག

མགོན་པོ་༸གང་ཉིད་མཆོག་དེ་སྔ་པོ་ལན་ཌིར་ཐེངས་འགའ་ཤས་ཆིབས་བསྒྱུར་མཛད་རྒྱུའི་གོ་སྐབས་བྱུང་ཡོད་པ་བཞིན་མགོན་པོ་༸གང་ཉིད་མཆོག་གི་ཐུགས་ཉེ་བའི་མཛའ་གྲོགས་སྐུ་ཞབས་ Lech Walesa ལགས་གཙོས་པའི་དབུ་ཁྲིད་མང་དག་ཅིག་དང་མཇལ་མོལ་མཛད་རྒྱུའི་གོ་སྐབས་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པོར་ངོས་བཞེས་མཛད་ཀྱི་ཡོད་སྐོར་བཀའ་སྩལ་བར་མ་ཟད། སྐབས་དེར་མགོན་པོ་༸གང་ཉིད་མཆོག་གིས་བྱམས་སྙིང་རྗེ་དང་གཞན་ཕན། དེ་བཞིན་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་སྤེལ་དང་ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་བཀའ་སློབ་ལམ་སྟོན་མཛད་ཁག་ལ་ས་གནས་མི་མང་ཚོས་ཐུགས་སྣང་དང་རྒྱབ་སྐྱོར་ཤུགས་ཆེར་ཞུས་པ་དང་ལྷག་དོན་བོད་མིར་ཞལ་ཞེ་གཉིས་མེད་ཀྱིས་གདུང་སེམས་མཉམ་བསྐྱེད་གནང་བར་བསྔགས་བརྗོད་མཛད་ཡོད་པར་བཀའ་སྩལ་འདུག

༸གོང་ས་མཆོག་གིས་ད་དུང་དེང་གི་དུས་སུ་འཛམ་གླིང་འདིར་ངལ་བ་ཇེ་ཆེར་འཕྲད་བཞིན་པ་དེ་ལྟར་ཡང་མང་ཚོགས་ཁྲོད་འགྲོ་བ་མི་གཅིག་གྱུར་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་བློ་གོང་འཕེལ་འགྲོ་བཞིན་ཡོད་སྟབས། མགོན་པོ་༸གང་ཉིད་མཆོག་ནས་མི་རིང་བར་འཛམ་གླིང་ཐོག་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཡོང་བའི་ཐུགས་རེ་ཆེན་པོ་མཛད་བཞིན་ཡོད་ཅེས་བཀའ་སྩལ་ཡོད།

པོ་ལན་ཌིར་མཚོན་ན་གོ་ལ་འདིའི་ཐོག་ཞི་བདེ་དང་བདེ་འཇགས་སྐྲུན་རྒྱུར་ནུས་པ་དམིགས་བསལ་བ་ཞིག་ཡོད་པར་ངོས་འཛིན་མཛད་བཞིན་ཡོད་པ་དང་། སྐུ་ཞབས་ Donald Tusk མཆོག་གིས་ཀྱང་པོ་ལན་ཌིའི་སྲིད་བློན་དང་ལྷག་པར་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོའི་ལས་གནས་བཞེས་པའི་ཉམས་མྱོང་ལ་གཞིགས་ཏེ་འཛམ་གླིང་འདི་ཞི་བདེ་དང་ལྡན་པ་ཞིག་ཡོང་བར་ལེགས་སྐྱེས་ཕུལ་ཐུབ་པའི་ཐུགས་ཡིད་ཆེས་ཀྱི་ཡོད་སྐོར་བཀའ་སྩལ་བ་དང་འབྲེལ། སྲིད་བློན་མཆོག་གིས་པོ་ལན་ཌིའི་མང་ཚོགས་ཀྱི་མངོན་འདོད་དང་དགོས་མཁོ་ཁག་བསྒྲུབ་པར་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

གཞི་རྩའི་གཟའ་འཁོར་འདིའི་རེས་གཟའ་ཟླ་བའི་ཉིན་པོ་ལན་ཌིའི་སྲིད་བློན་སྐུ་ཞབས་ Mateus Morawiecki མཆོག་ལ་ཡུལ་དེའི་གྲོས་ཚོགས་ནང་ཡིད་ཆེས་མེད་པའི་འོས་བསྡུ་གནང་བའི་ཁྲོད་འོས་གྲངས་ ༢༦༦ དང་ ༡༩༠ ཐོག་ནས་དགོས་ངེས་ཀྱི་འོས་མ་ཐོབ་པར་བརྟེན་སྲིད་བློན་གྱི་ལས་གནས་ཤོར་བ་དང་། སྐུ་ཞབས་ Tusk མཆོག་ལ་དེ་འབྲེལ་གྲོས་ཚོགས་ནང་འོས་གྲངས་ ༢༤༨ དང་། ༢༠༡ ཐོག་ནས་སླར་སྲིད་བློན་དུ་འོས་འདེམས་གནང་ཡོད་པ་རེད། ཁོང་གིས་ཁ་སང་ཡུལ་དེའི་སྲིད་འཛིན་སྐུ་མདུན་ནས་སྲིད་བློན་གྱི་དམ་འབུལ་བཞེས་པ་དང་འབྲེལ་རྩ་ཁྲིམས་སྲུང་སྐྱོབ་ཀྱི་དམ་འབུལ་ཡང་བཞེས་ཡོད་པ་རེད། ༸སྐུ་པར་བདག་དབང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

འབྲེལ་ཡོད་གསར་གནས།

གསར་གནས།