Tibetan Royal Year of 2151 | Year of the Wood Dragon

སཱ་ར་ནཱ་ཐ་ནང་ཡོད་པའི་དྲི་གཙང་ཁང་མཆོད་རྟེན་ཆེན་མོ་ཉམས་གསོ་ལེགས་གྲུབ་བྱུང་བ། 

Tibetan News Headlines

  • Monpa community offers ‘Tenshug’ to the Dalai Lama
  • Monpa Community and Tibetans Celebrate 90th Birthday of His Holiness the Dalai Lama in Dharamshala
  • 13 United Nations Special Procedures raise serious concerns about the construction of Kamtok hydroelectric dam in Tibet

རེས་གཟའ་སྤེན་པ། ༢༠༢༤།༠༩།༠༧

  • མོན་པའི་དད་ལྡན་པ་ཚོས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ།
  • མོན་པས་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་པ།
  • རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ ༡༣ གྱིས་སྡེ་དགེ་སྐམ་ཐོག་གི་ཆུ་མཛོད་ལས་གཞིར་ཐུགས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་གནང་འདུག

སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་ས་ཡུལ་ཝཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་་ཚལ། ཡོངས་གྲགས་སུ་སཱ་ར་ནཱ་ཐ་ཞེས་པའི་གནས་ཆེན་གྱི་ཉེ་འདབས་སུ་ཆགས་པའི་དྲི་གཙང་ཁང་མཆོད་རྟེན་ཆེན་མོའམ་ Mulagandha Kuty Vihara ཞེས་པ་དེ་ནི་སིངྒ་ལའི་ཡུལ་མི་ཡིན་པ་བདག་ཉིད་ཆེན་པོ་ Anagarika Dharmapala དམ་པས་ཕྱི་ལོ་ ༡༩༢༦ ལོར་གསར་བཞེངས་གནང་འགོ་བཙུགས་ནས་ཕྱི་ལོ་ ༡༩༣༡ ལོར་ལེགས་གྲུབ་བྱུང་སྟེ་ད་ཆ་ལོ་ངོ་བརྒྱ་མན་ཙམ་འགྲོ་བཞིན་ཡོད་སྟབས། ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ནང་ཡོད་པའི་སྔ་འགྱུར་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་རྙིང་མ་དགེ་རྩ་ཚོགས་པ་དང་མ་ཧཱ་བོ་དྷི་ཆོས་ཚོགས་གཉིས་མཉམ་རུབ་ཐོག་ནས་ཉམས་གསོའི་ལས་དོན་ཁག་འཐུད་གཙང་གྲུབ་སྟེ་དབུ་འབྱེད་རབ་གནས་གནང་འདུག

དབུ་འབྱེད་རབ་གནས་དེ་བཞིན་ཁ་ཉིན་བོད་ཚེས་ ༡༠ དང་ཕྱི་ཚེས་ ༢༠ ཡི་དུས་བཟང་ཉིན་རི་བླའི་གདུང་འཛིན་བཞི་པ་སྐྱབས་རྗེ་གཏེར་ཆེན་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་མཆོག་གིས་གནང་ཡོད་པ་དང་། དབུ་འབྱེད་རབ་གནས་ཀྱི་མཛད་རིམ་ཐོག་༸སྐྱབས་རྗེ་གདུང་སྲས་འཇིགས་མེད་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་གདུང་སྲས་དགའ་རབ་རིན་པོ་ཆེ་མཆོག མཁའ་འགྲོ་ས་སྐྱོང་དབང་མོ་ལགས། གཞན་ཡང་བོད་མིས་གཙོས་པའི་ཧི་མཱ་ལ་ཡའི་ས་གནས་དང་ཕྱི་རྒྱལ་ཁབ་ཁག་ནས་དད་ལྡན་མང་ཚོགས་མང་དག་ཞིག་ལྷན་བཞུགས་གནང་འདུག

མ་ཟད་ཁ་སང་སཱ་ར་ནཱ་ཐར་ཡོད་པའི་དྲི་གཙང་ཁང་མཆོད་རྟེན་ཆེན་མོ་ཉམས་གསོ་ལེགས་གྲུབ་བྱུང་བའི་དྲེན་རྟེན་གྱི་སླད་དུ་ཆོས་རྒྱལ་མྱ་ངན་མེད་ཀྱི་འདྲ་སྐུ་ཞིག་ཀྱང་གསར་བཞེངས་ལེགས་པར་གྲུབ་སྟེ་དབུ་འབྱེད་རབ་གནས་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།