Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཕགས་ཡུལ་ནང་པའི་གནས་མཆོག་རྡོ་རྗེ་གདན་གྱི་མཛད་འཆར་ཁག་ལེགས་པར་གྲུབ་སྟེ། འདི་ཚེས་ ༡༩ ཉིན་རྒྱབ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་གྱིས་ཉིན་གྲང་གསུམ་མ་ཟིན་ཙམ་བཞུགས་ཞག་མཛད་རྗེས། དེ་རིང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕྱག་ཚོད་ ༡༡། ༣༠ ཡོལ་ཙམ་ལ་དྷརྨ་ས་ལཱའི་གཱ་གྷལ་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་སོང་།

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་དབུས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། སེར་སྐྱ་མི་མང་བཅས་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་བར་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དྷརྨ་ས་ལཱའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་མཚམས་གསར་འགོད་པར་མགོན་པོ་༸གང་ཉིད་མཆོག་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོ་བྱུང་ཞེས་བཀའ་སྩལ་དང་འབྲེལ། གནས་མཆོག་རྡོ་རྗེ་གདན་གཙོས་པའི་ས་ཁུལ་ཁག་ཅིག་ནང་དུ་ཆིབས་བསྒྱུར་མཛད་རྒྱུ་བྱུང་ཡོད་པ་དང་མ་ཟད། ཐུགས་དགོངས་ལྟར་ལེགས་གྲུབ་བྱུང་སྟེ། དེ་རིང་སླར་བཞུགས་སྒར་དྷརྨ་ས་ལཱར་ཞབས་སོར་འཁོད་པ་བཅས་བཀའ་སྩལ་སོང་།

གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལོ་སྔོན་མ་སྟེ། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ནང་རྒྱ་གར་བྱང་ཤར་འབྲས་ལྗོངས་མངའ་སྡེ་དང་།   ནུབ་བྷང་གྷལ་མངའ་སྡེའི་ས་ལུ་ག་ར་བཅས་ཀྱི་མཛད་ཆར་བསྐྱངས་ཏེ་ཟླ་བ་དེའི་ཕྱི་ཚེས་ ༡༥ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་མཛད་དེ་རིམ་བཞིན། གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་མོའི་མཆོད་རྟེན་རིན་པོ་ཆེར་གནས་གཟིགས་དང་། རྒྱལ་སྤྱིའི་དགེན་འདུན་པའི་ལྷན་ཚོགས་དབུ་འབྱེད། ལྷག་པར་ཆོས་འབྲེལ་དང་བརྟན་བཞུགས་སོགས་ཆོས་ཕྱོགས་ཀྱི་མཛད་འཕྲིན་དང་། དེ་བཞིན་སྦི་ཧར་སྤྱི་ཁྱབ་བློན་ཆེན་གཙོས་པའི་གནད་ཡོད་མི་སྣ་ཁག་མཇལ་འཕྲད་བཅས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། བཞུགས་སྒར་དུ་ཕྱིར་ཞབས་སོར་འཁོད་བདེ་བར་འཁོད་གནང་མཛད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།