Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་ཉེན་རྟོག་པས་ཚེ་སྒྲོན་ལགས་དམར་གསོད་བཏང་བར་བོད་མིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རིམ་གཉིས་པའི་སློབ་མ་ཚེ་སྒྲོན་ལགས་རྒྱ་གཞུང་ཉེན་རྟོག་པཔས་འཛིན་བཟུང་གིས་བཙོན་ཁང་ནང་དམར་གསོད་བཏང་བའི་གནད་དོན་དང་འབྲེལ། ཁ་སངཕྱི་ཚེས་ ༢༡ ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱི་མདུན་དུ་བོད་མི་རྣམས་ཀྱིས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག

དེ་ཡང་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ཁ་སང་ཉིན་གུང་ཕྱག་ཚོད་ ༡༢ ནས་ཕྱེད་ཡོལ་ཆུ་ཚོད་  ༢ པའི་བར་དུ་ས་གནས་བོད་མི་ཁག་གཅིག་གིས་རྒྱ་ནག་གཞུང་ལ་ཚེ་སྒྲོན་ལགས་སུ་དྲང་བདེན་དགོས་པའི་དགོས་འདུན་དང་སྦྲགས་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་འདུག

སྐབས་དེར་བོད་མི་ལས་འགུལ་བ་རྣམས་ནས་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་ཚེ་སྒྲོན་ལགས་ཀྱི་སྐུ་པར་བསྣམས་ཏེ་ཁོང་ལ་དྲང་བདེན་དགོས་པ་དང་། རྒྱ་གཞུང་གིས་བོད་མི་དམར་གསོད་དང་རིག་གཞུང་རྩ་གཏོར་གཏོང་བཞིན་པ་རྣམས་མཚམས་འཇོག་དགོས། བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་དམར་བོད་ནས་ཕྱིར་ལོག་བྱེད་དགོས་ཞེས་སོགས་ཀྱི་འབོད་ཚིགས་འཁོད་པའི་འཕྲེད་དར་འཕྱར་ཏེ་ངོ་རྒོལ་གནང་འདུག

མ་ཟད་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ཚེ་སྒྲོན་ལགས་དམ་པ་དེ་ཉིད་འདས་གྲོངས་སུ་ཕྱིན་པར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་བརྙན་པར་བརྒྱུད་ཁོང་ལ་ཕྱག་བྲིས་ཕུལ་བ་ཞིག་ཡོང་བསྒྲགས་གནང་འདུག་པའི་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གཞོན་སྐྱེས་ལས་འགུལ་བ་ཁག་གཅིག་ནས་ཚེ་སྒྲོན་ལགས་རྒྱ་མིའི་བཙོན་ཁང་ནང་དུ་དམར་གསོད་བཏང་བའི་གནད་དོན་ཐོས་པར་ཧ་ཅང་གི་བློ་ཕམ་བྱུང་ཡོད་པ་དང་། ཚོགས་པ་དེ་ཉིད་ཀྱི་ཚོགས་མི་རྣམས་ནས་འདས་པོ་ཁོང་གི་དྲན་རྟེན་སླད། ཁོང་གི་ལོ་རྒྱུས་དང་བོད་ནང་གི་བོད་མི་རྣམས་རྒྱ་ཡི་གདུག་རྩུབ་ལ་མུ་མཐུད་གདོང་ལེན་གནང་བཞིན་པ་དེ་འཛམ་གླིང་མི་མང་ལ་གསལ་བཤད་དང་དྲན་སྐུལ་ཞུ་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་གསུངས་འདུག

གཞི་རྩའི་བོད་སྙེ་མོ་རྫོང་རི་ཚོ་གྲོང་ནས་ཡིན་པའི་བུ་མོ་ཚེ་སྒྲོན་ལགས་ནི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རིམ་གཉིས་པའི་སློབ་མ་ཞིག་ཡིན་ཞིང། དུས་རྒྱུན་སློབ་སྦྱོང་ཡག་པོ་ཡོད་པའི་ཐོག དེ་སྔ་སློབ་གྲྭའི་དབྱར་དགུན་གྱི་གུང་སེང་སྐབས་སློབ་ཕྲུག་མང་པོར་ཟབ་འཁྲིད་གནང་བ་མ་ཟད། སློབ་ཕྲུག་རྣམས་ལ་རིན་མེད་དུ་ཀློག་དེབ་སྦྱིན་པ་སོགས་ཀྱི་རོགས་རམ་གང་ཐུབ་གནང་མཁན་ཞིག་ཡིན་པ་རེད། ཉེ་ཆར་ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༡༢ ཀྱི་ཚེས་ ༢༦ ཉིན་སྙེ་མོ་རྫོང་དང་རི་ཚོ་གྲོང་ཚོའི་ཉེན་རྟོག་པས་ཚེ་སྒྲོན་ལགས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་ཟླ་ཕྱེད་ལྷག་གི་རྗེས་སུ་ཁྱིམ་མི་ཚོར་སྙེ་མོ་རྫོང་གི་མི་དམངས་སྨན་ཁང་དུ་བུ་མོ་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་འབྱོར་ཡོད་ཀྱང་ནང་མིར་སྐུ་ཕུང་སྤྲད་མེད་པ་རེད། ས་གནས་ཉེན་རྟོག་པས་བརྗོད་པར་གཞིགས་ན། ཁོ་ཚོས་ཚེ་སྒྲོན་ལགས་སུ་འདས་པའི་ལོ་གཅིག་རིང་ཞིབ་འཇུག་བྱས་ནས་འཛིན་བཟུང་བྱས་པ་ཞིག་དང་། གནད་དོན་མང་པོ་ཞིག་གི་ཐད་ནས་ཐག་གཅོད་བྱས་པ་ཞིག་རེད་ཅེས་བཤད་ཡོད་ཀྱང་ཁོང་འཛིན་བཟུང་བྱས་དགོས་པའི་རྒྱུ་མཚན་སྐོར་ཁ་གསལ་གང་ཡང་བཤད་མེད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།