Tibetan Royal Year of 2151 | Year of the Wood Dragon

མཁའ་ཐོག་ནས་གངས་ཏི་སེ་དང་མ་ཕམ་གཡུ་མཚོ་མཇལ་ཆེད་གནམ་གྲུ་འགོ་འཛུགས།

Tibetan News Headlines

  • Tibetan delegation embark on an official visit to Taiwan
  • Sikyong Penpa Tsering begins final leg of his Europe visit to France
  • Chinese undercover agent breaks silence on espionage operations, including information gathering on Tibetans
  • UK Religious Freedom Envoy hears testimonies about threat to freedom of religion and belief from Tibetans and other minorities
  • Tibetan student topper dedicates accomplishment to the Dalai Lama as he reaches 90
  • 29th Gyalyum Chenmo in begins in Hunsur with the host beating Odisha Phuntsokling 2-0

རེས་གཟའ་ཕུར་བུ། ༢༠༢༤།༠༥།༡༦

  • བོད་མིའི་སྐུ་ཚབ་ཁག་གཅིག་ཐེ་ཝན་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།
  • སྲིད་སྐྱོང་མཆོག་ཧྥ་རན་སིར་ཉིན་གསུམ་རིང་ཕྱོགས་ཕེབས་གནང་བཞིན་པ།
  • རྒྱ་རིགས་སོ་མྱུལ་བ་ཞིག་གིས་རྒྱ་ནག་གཞུང་གིས་ཨོ་གླིང་གཙོས་རྒྱལ་སྤྱིའི་ཁྲོད་སྤེལ་བཞིན་པའི་བྱ་སྤྱོད་ཐེར་འདོན།
  • དབྱིན་ཡུལ་ནང་དུ་ཆོས་དད་རང་དབང་ཐོག་གྲོས་བསྡུར་ལས་རིམ་ཞིག་འཚོགས་གནང་འདུག
  • རྒྱལ་ཡོངས་ཡིག་རྒྱུགས་ནང་བརྒྱ་ཆ་ ༩༥.༢ སོན་པ་དེ་འདི་ལོར་༸གོང་ས་མཆོག་དགུང་གྲངས་ ༩༠ བདག་གིས་བཞེས་པར་ཕྱག་རྟགས་ཡིན།
  • རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་རྩེད་སྤོ་ལོའི་རྕེད་འགྲན་ཐེངས་ ༢༩  དབུ་འཛུགས།

Shri Airlines ཞེས་པའི་མཁའ་ལམ་འགྲིམ་འགྲུལ་ལས་ཁང་གིས་བལ་ཡུལ་གྱི་ Nepalgunj གྲོང་ཁྱེར་ནས་དམིགས་བསལ་གནམ་གྲུ་ཞིག་འགོ་འཛུགས་ཀྱིས་བོད་པུ་རང་ངམ་སྤུ་ཧྲེང་རྫོང་གི་བྱང་རྒྱུད་དུ་ཆགས་པའི་གནས་ཆེན་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་བཅས་གནམ་ཐོག་ནས་མཇལ་རྒྱུའི་མཐུན་རྐྱེན་བསྐྲུན་འདུག

དེ་རིང་བརྒྱུད་ལམ་ཁག་གཅིག་གི་ཐོག་ཐོན་པའི་གནས་ཚུལ་ནང་གསལ་ལྟར་ན། ཁ་སང་རེས་གཟའ་ཟླ་བའི་ཉིན་ Nepalgunj གྲོང་ཁྱེར་ནས་འགོ་འཛུགས་བྱས་པའི་དམིགས་བསལ་གནམ་གྲུ་དེའི་ནང་རྒྱ་གར་གྱི་གནས་མཇལ་བ་གྲངས་ ༣༨ ཁྲིད་དེ་ཚོུད་གཅིག་དང་ཕྱེད་ཀའི་དུས་ཡུན་ཁྲོད་བོད་ཀྱི་གནས་ཆེན་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་ཕི་ཀྲི་ ༢༧༠༠༠ གི་མཐོ་ཚད་ནས་མཇལ་རྒྱུ་བྱུང་ཡོད་པ་མངོན་གསལ་འདུག

རྩ་བའི་རྒྱ་ནག་གཞུང་གིས་ཏོག་དབྱིབས་རྗེས་ཏེ། ཕྱི་ལོ་ ༢༠༢༣ ལོ་ནས་སྟོད་གངས་རིན་པོ་ཆེར་གནས་མཇལ་བསྐྱར་དུ་སྒོ་ཕྱེ་ཡོད་ཀྱང་། གནས་མཇལ་གྱི་རིན་གོང་སྤྱི་ཡོངས་ནས་ལྡབ་འགྱུར་འཕར་ཡོད་པ་མ་ཟད། རྒྱ་གར་གྱི་གནས་མཇལ་བར་མཐོང་ཆེན་དང་འབྲེལ་བའི་ཡིག་ཆའི་གནད་དོན་ཐད་དམིགས་བསལ་གྱིས་དམ་བསྒྲགས་དང་ལྟ་སྲུང་བྱས་པའི་ཁྲོད། རྒྱ་གར་གྱི་གནས་མཇལ་བ་གངས་ཏི་སེ་དང་མཚོ་མ་ཕམ་གཡུ་མཚོར་གནས་མཇལ་དུ་བསྐྱོད་རྒྱུར་དཀའ་ཁག་བཟོས་ཡོད་པ་རེད།

ཐེངས་འདིར་དམིགས་བསལ་གནམ་གྲུ་གོ་སྒྲིག་བྱེད་མཁན་ Sidhartha Business Group ཚོང་ལས་ཁང་གི་འགན་འཛིན་ Keshav Neupane ལགས་ཀྱིས་གསར་འགོད་པར་འགྲེལ་བརྗོད་གནང་དོན་ལྟར་ན། གནམ་གྲུ་དེའི་ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིས་གཙོས་པའི་ Mumbai དང་། Gujarat གུཇི་རཏ། Uttar Pradesh ཡུ་པི་སོགས་ས་གནས་འདྲ་མིན་ནས་རྒྱ་གར་གྱི་གནས་མཇལ་བ་ཡོད་པ་དང་། ཚོུད་གཅིག་དང་ཕྱེད་ཀའི་འགྲུལ་བསྐྱོད་དེ་ནམ་རྒྱུན་གྱི་འགྲུལ་བཞུད་ལས་རིན་གོང་དམའ་བ་དང་། དུས་ཚོད་ཐུང་བ། དེ་བཞིན་བརྟན་པོ་ཆགས་ཡོད་པ་མ་ཟད། གནས་མཇལ་བ་རྣམས་ད་ནས་བཟུང་གངས་ཏི་སེ་མཇལ་བར་བལ་ཡུལ་གྱི་ Kathmandu གྲོང་ཁྱེར་བར་བསྐྱོད་དགོས་དོན་མེད་པ་གསུངས་འདུག ཁོང་གིས་ད་དུང་ Nepalgunj ནས་དམིགས་བསལ་གནམ་གྲུ་ཐེངས་རྗེས་མ་དེ་བཞིན་ཕྱི་ཟླ་ ༢ པའི་གཟའ་འཁོར་དང་པོའི་ནང་གོ་སྒྲིག་ཞུ་འཆར་ཡོད་པ་དང་། ལས་གཞི་དེའི་བརྒྱུད་རྒྱ་གར་བ་རྣམས་ལ་ངལ་བ་དེ་ཙམ་མེད་པའི་ཐོག་དུས་ཡུན་ཚོུད་གཅིག་དང་ཕྱེད་ཀའི་ནང་གངས་རིན་པོ་དང་མ་ཕམ་གཡུ་མཚོ་མཇལ་ཐུབ་རྒྱུ་ཡིན་པ་གསུངས་འདུག

Nepalgunj གྲོང་ཁྱེར་དེ་བཞིན་རྒྱ་གར་གྱི་ Lucknow གྲོང་ཁྱེར་ནས་སྤྱི་ལེ་ ༢༠༠ ཙམ་གྱི་སར་ཆགས་ཡོད་པ་དང་། ཐེངས་འདིའི་ལས་གཞི་བརྒྱུད་གྲོང་ཁྱེར་དེའི་ནང་ཡུལ་སྐོར་སྤྲོ་འཆམ་པའི་ཚོང་ལས་འཕེལ་རྒྱས་འགྲོ་རྒྱུའི་ཚོད་དཔག་གནང་བཞིན་འདུག

རྩ་བའི་ཏོག་དབྱིབས་ཀྱི་གོང་སྟེ། ཕྱི་ལོ་ ༢༠༡༨ ལོར་བལ་ཡུལ་བརྒྱུད་གངས་རིན་པོ་ཆེར་གནས་མཇལ་དུ་སྐྱོད་མཁན་མི་གྲངས་ ༢༠༠༠༠ ལྷག་དང་། ཕྱི་ལོ་ ༢༠༡༩ ལོར་མི་གྲངས་ ༣༠༠༠༠ ལྷག་བྱུང་ཡོད་ཀྱང་། རྒྱ་ནག་ཝུའུ་ཧན་ནས་འཛམ་གླིང་ཡུལ་ལུང་གང་སར་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཏུ་ཕྱིན་རྗེས།  ཕྱི་ལོ་ ༢༠༢༠ ཟླ ༡ ནས་འདས་པའི་ལོ་གསུམ་ལྷག་རིང་གནས་མཇལ་བ་བཀག་འགོག་བྱས་ཡོད་སྟབས། བལ་ཡུལ་ནང་གི་ཡུལ་སྐོར་སྤྲོ་འཆམ་པའི་ལས་ཁུངས་ཁག་ལ་བལ་སྒོར་ས་ཡ་མང་པོའི་གྱོང་གུད་ཐེབས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།