Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་རྒྱ་གར་དང་འབྲུག་གི་ས་མཚམས་ཁུལ་དུ་བོད་ནང་དམངས་གཙོའི་བཅོས་བསྒྱུར་ཟེར་བའི་ཉིན་མོ་སྲུང་བརྩི།

Tibetan News Headlines

  • Dalai Lama received Kalu Rinpoche and more than 400 devotees in an audience
  • Tibetans hold peace rally calling for the release of Panchen Lama on the anniversary of his abduction
  • Tibet Museum celebrates International Museum Day with art exhibition by local Tibetan artists and writers
  • Central Tibetan Administration congratulates new Co-Chair for Australian Parliamentary Group for Tibet, Senator Barbara Pocock
  • Interview on CTA’s scholarship and excellence award

རེས་གཟའ་པ་སངས། ༢༠༢༤།༠༥།༡༧

  • ༸གོང་ས་མཆོག་གིས་དེ་རིང་ཀར་ལུ་རིན་པོ་ཆེ་དབུས་པའི་དད་ལྡན་ཆོས་ཞུ་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག
  • དགོས་འདུན་དོན་ཚན་བཞིའི་ཐོག་ནས་༸པཎ་ཆེན་རིན་པོ་ཆེའི་གནས་སྟངས་གསལ་བཏོན་དགོས་པའི་ཞི་བའི་གོམ་བགྲོད།
  • རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༧ པ་སྲུང་བརྩི།
  • ལྕམ་སྐུ་ Barbara Pocock ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་གསར་པར་བསྐོ་བཞག་བྱུང་བར་འཚམས་འདྲི།
  • བོད་མིའི་སྒྲིག་འཛུགངས་ཤེས་རིག་ལས་ཁུངས་ནས་འཛིན་རིམ་བཅིུས་ཀྱི་བསླབ་པ་ཐར་སོན་པ་རྣམས་ལ་སློབ་ཡོན་ཇི་ཡོད་སྐོར་བཅར་འདྲི།

རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་རྗེས་ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༢༨ དེ་བཞིན་རྒྱ་ནག་དམར་པོའི་གཞུང་གིས་བོད་བཅིངས་གྲོལ་བཏང་བའི་ཉིན་མོའམ་དམངས་གཙོ་བཅོས་བསྒྱུར་ཟེར་བའི་ཉིན་མོ་སྲུང་རྩིས་བྱེད་ཀྱི་ཡོད་པ་དང་བསྟུན། འདི་ལོ་རྒྱ་གཞུང་གིས་རྒྱ་གར་དང་འབྲུག་ཡུལ་གྱི་ས་མཚམས་ཁག་ཏུ་གསར་རྒྱག་བྱེད་པའི་རྙོག་གླེང་ཅན་གྱི་གྲོང་ཚོ་ཁག་གི་ནང་ལས་རིམ་རྣམ་པ་འདྲ་མིན་གྱི་ཐོག་ནས་ཉིན་མོ་དེ་སྲུང་རྩིས་བྱས་འདུག

India Bhutan Border

བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་ངོས་ནས་འདི་ལོ་ས་མཚམས་ས་ཁུལ་གྱི་གྲོང་འཚོ་ ༦༢༤ ནང་ལས་རིམ་རྣམ་པ་འདྲ་མིན་ཐོག་གསུམ་པའི་ ༢༨ གི་ཉིན་མོ་དེ་སྲུང་བརྩི་གཟབ་རྒྱས་བྱས་ཡོད་པ་དང་། Yadong རྫོང་ལྟ་བུ་མཚོན་ན་བདུན་ཕྲག་སྔོན་མའི་རེས་གཟའ་མིག་དམར་ནས་དབུ་འཛུགས་ཀྱིས་ཚེས་ ༢༨ རེས་གཟའ་ཕུར་བུའི་བར་དེ་འབྲེལ་སྲུང་བརྩི་བྱས་ལུགས་དང་། ལྷག་པར་ལས་རིམ་དེ་དག་གི་ཁྲོད་ནས་ས་མཚམས་གྱི་གྲོང་ཚོ་དེ་དག་ནང་འཛུགས་སྐྲུན་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་པ་མངོན་རྒྱུ་ཡོད་པ་སོགས་བཤད་འདུག

རྒྱ་གཞུང་གི་གཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཚོགས་གཙོ་དང་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ Yan Jinhai ཡིས་གོ་སྐབས་དེ་དང་བསྟུན། ས་མཚམས་གྲོང་ཚོ་དེ་དག་ 4G དྲ་རྒྱའི་མཐུན་རྐྱེན་ཡོད་སྐོར་དང་འབྲེལ། ས་མཚམས་ས་ཁུལ་འཛུགས་སྐྲུན་དང་སྲུང་སྐྱོབ་ཙམ་མ་ཟད། མི་དམངས་དང་དཔུང་དམག་འགྲེམས་འཇོག་གཉིས་ཀར་ཕན་ཐོགས་ཡོང་རྒྱུ་ཡིན་པ་བརྗོད་འདུག

གཞི་རྩའི་སྔ་ལོའི་ནང་བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་ནས་འཕགས་བོད་མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོའི་སླད་ཨ་སྒོར་ཐེར་འབུམ་ ༢ མིན་ཙམ་གྱི་མ་འཛུགས་བྱ་རྒྱུ་དང་། ལས་གཞི་དེའི་བརྒྱུད་ཁུལ་དེར་གནས་སྡོད་གྲོང་མི་རྣམས་ཀྱི་འཚོ་བའི་མཐུན་རྐྱེན་སྦྱོར་སྤྲོད་གཙོས་པའི་སྨན་བཅོས་མཐུན་འགྱུར། དེ་བཞིན་གྲོང་ཚོ་དེ་དག་རྒྱ་མཚོ་ནས་མཐོ་ཚད་མི་ཊར་ ༡༣༠༠ ལྷག་ཡོད་རྐྱེན་སྲོག་རླུང་མཐུན་རྐྱེན་སྦྱོར་རྒྱུ་ཡིན་ཚུལ་སོགས་བརྗོད་ཡོད་པ་རེད། སྐབས་དེར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། སྲིད་འཛིན་ཞི་ཅིན་ཕིང་གིས་མཐའ་མཚམས་ས་ཁུལ་ཐོག་འཛིན་པའི་སྲིད་བྱུས་འོག འཕགས་བོད་ས་མཚམས་སུ་རྒྱ་དམར་གཞུང་གིས་འཛུགས་སྐྲུན་དང་རྒྱ་སྐྱེད། དེ་བཞིན་བརྟན་ལྷིང་དང་ཡར་རྒྱས་བཅས་ལ་དོ་སྣང་དང་འགྲོ་གྲོན་ཕོན་ཆེན་གཏོང་བཞིན་ཡོད་པ་དང་། རྒྱ་གཞུང་ནས་འཕགས་བོད་མཐའ་མཚམས་ཁུལ་དུ་དེ་ལྟ་བུའི་འཛུགས་སྐྲུན་གྱི་ལས་གཞི་གཉེར་བཞིན་པ་དེ་རྒྱ་གར་ལ་རང་བཞིན་གྱི་ཉེན་འཚབ་ཆེན་པོ་ཆགས་ཀྱི་ཡོད་སྟབས། མཐའ་མཚམས་ཀྱི་དཀའ་རྙོག་དེ་དག་སེལ་སླད་བོད་ཀྱི་དཀའ་རྙོག་ངེས་པར་དུ་སེལ་དགོས་གལ་ཡིན་པ་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།